分享按钮

ས་བབ་མཐོ་བའི་ཞིང་འབྲོག་ཁུལ་དུ་ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་གྱི་ཚོད་ལྟའི་ལས་དོན་སྤེལ་ནས་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་མཐོ་རུ་བཏང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། དྲོད་ཚད་རིམ་བཞིན་ཆག་པ་དང་ཆབས་ཅིག་དགུན་དུས་ཀྱི་དྲོད་རླངས་མཁོ་འདོན་བྱེད་པའི་ལས་དོན་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། ས་བབ་མཐོ་བའི་ཞིང་འབྲོག་ཁུལ་དུ་ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་གྱི་ཚོད་ལྟའི་ལས་དོན་བདེ་བླག་ངང་སྤེལ་ནས་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་མཐོ་རུ་གཏོང་ཆེད། ཉེ་ཆར་བོད་ལྗོངས་ཤར་ཕྱོགས་ཉི་ཤར་ཨ་ཁང་ནུས་རྒྱུ་གཙང་མའི་ཚད་ཡོད་ཀུང་སིས་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་གྱི་ཚོད་ལྟ་བྱ་ཡུལ་ཏེ་མལ་གྲོ་གུང་དཀར་རྫོང་རྨམ་པ་ཤང་རྡར་འབྲུག་གྲོང་ཚོར་རིན་མེད་ངང་དྲོད་རླངས་མཁོ་འདོན་གྱི་སྒྲིག་ཆས་སྤྲད་པ་དང་འབྲེལ་སྒྲིག་སྦྱོར་ཡང་བྱས་པ་རེད།

གསར་འགོད་པས་རྡར་འབྲུག་གྲོང་ཚོར་ལས་དོན་མི་སྣས་བྲེལ་འཚུབ་ཆེན་པོས་ཡུལ་མིའི་ཁྱིམ་དུ་དྲོད་རླངས་སྒྲིག་ཆས་སྒྲིག་སྦྱོར་བྱེད་བཞིན་ཡོད་པ་མཐོང་བྱུང་། ཁོང་ཚོས་ལས་བགོས་ཁ་གསལ་གྱི་ཐོག་ནས་མི་ཁག་གཅིག་གིས་སྒྲིག་ཆས་དབོར་འདྲེན་གྱི་འགན་ཁུར་བ་དང་མི་ཁག་གཅིག་གིས་གློག་སྐུད་མཐུད་པ་དང་སྒྲིག་ཆས་སྒྲིག་སྦྱོར་ལ་བློ་རྩེ་གཅིག་ཏུ་བསྒྲིམས་ནས་ཡུལ་དངོས་སུ་བྲེལ་འཚུབ་ཆེ་ལ་གོ་རིམ་ལྡན་པའི་རྣམ་པས་ཁེངས་བཞིན་མཆིས། ཡུལ་མི་ཚོས་ཀྱང་ལས་དོན་མི་སྣར་དགོས་ངེས་ཀྱི་རོགས་རམ་དང་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ་དྲོད་རླངས་མཁོ་འདོན་གྱི་སྒྲིག་ཆས་སྔ་ཙམ་བེད་སྤྱོད་ཐུབ་ནས་གྲང་ངར་ཆེ་བའི་དགུན་དུས་སུ་དྲོ་སྐྱིད་སྦྱིན་ཐུབ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་པ་རེད། རྡར་འབྲུག་གྲོང་ཚོའི་ཡུལ་མི་དཀོན་མཆོག་བཀྲ་ཤིས་ཀྱིས་དེ་རིང་ལས་དོན་མི་སྣས་ངའི་ཁྱིམ་དུ་རིན་མེད་ངང་དྲོད་རླངས་མཁོ་འདོན་ཡོ་བྱད་སྒྲིག་སྦྱོར་བྱེད་ཀྱི་ཡོད་པ་རེད།

(པར་ངོས་བཞི་པར་གཟིགས)

པར་འདི་ནི་ལས་དོན་མི་སྣས་རྡར་འབྲུག་གྲོང་ཚོའི་ཡུལ་མིར་དྲོད་རླངས་སྒྲིག་ཆས་བཀོལ་སྤྱོད་བྱེད་སྟངས་ཐད་འགྲེལ་བཤད་རྒྱག་བཞིན་པའི་རྣམ་པ་ཡིན།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-06 6 6 拉萨日报藏文 c190503.html 1 ས་བབ་མཐོ་བའི་ཞིང་འབྲོག་ཁུལ་དུ་ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་གྱི་ཚོད་ལྟའི་ལས་དོན་སྤེལ་ནས་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་མཐོ་རུ་བཏང་བ། /enpproperty-->