分享按钮

རྩ་གཉིས་རྟགས་རིས་བརྒྱུད་ནས་ལྷ་ས་དང་བོད་ཡོངས་ཀྱི་ཁེ་ལས་ལ་ཕན་པའི་སྲིད་ཇུས་ལ་གཟིཊ་ཐུབ།

རྩ་གཉིས་རྟཊ་རིས་འདི་བཤེར་འབེབས་བྱས་ཚེ《2024ལོའི་བོད་རང་སྐྱོང་ལྗོངས་ཀྱི་ཁེ་ལས་འབྲིང་ཆུང་གི་སྤྱི་པའི་ཞབས་ཞུའི་ལས་སྟེཊ་ཀྱི་སྲིད་ཇུས་ཕྱོགས་བསྒྲིགས》ཀྱི་ནང་དོན་ཆ་ཚང་ལ་གཟིགས་ཐུབ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། བོད་རང་སྐྱོང་ལྗོངས་ཀྱི་ཁེ་ལས་འབྲིང་ཆུང་གི་སྤྱི་པའི་ཞབས་ཞུའི་ལས་སྟེཊ་ནི་བོད་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གིས་བཏོད་པའི་ལྗོངས་ཡོངས་ཀྱི་གཅིག་སྡུད་ནུས་ཆེའི་ཁེ་ལས་ཀྱི་ཞབས་ཞུའི་ལས་སྟེཊ་ཤིག་ཡིན་ཞིང་། ཚོང་གཉེར་གྱི་ཁོར་ཡུག་སྔར་བས་ལེཊ་སུ་གཏོང་བ་དང་། ཁེ་ལས་ལ་ཕན་པའི་སྲིད་ཇུས་དོན་འཁྱོལ་དང་ལག་བསྟར་ཞིབ་ཕྲ་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད། ལས་སྟེཊ་དེས་ཉིན་ཤས་གོང་གསར་དུ་བཏོན་པའི་ཁེ་ལས་ལ་ཕན་པའི་སྲིད་ཇུས་དེ་རྩ་གཉིས་རྟཊ་རིས་བརྒྱུད་ནས་ཤེས་རྟོགས་བྱེད་ཆོག་གི་ཡོད་པ་རེད།

རང་སྐྱོང་ལྗོངས་ཀྱི་ཁེ་ལས་འབྲིང་ཆུང་ལ་སྲིད་ཇུས་ཀྱི་དུས་ཐོག་རང་བཞིན་དང་། སྲིད་ཇུས་གསལ་འགྲེལ་གྱི་ནུས་ཆེའི་རང་བཞིན། དེ་བཞིན་སྲིད་ཇུས་བེད་སྤྱོད་ཀྱི་གནད་སྨིན་རང་བཞིན་བཅས་སྔར་བས་ཆེ་རུ་གཏོང་ཆེད། ཞབས་ཞུའི་ལས་སྟེགས་སྒྲིག་འཛུཊ་བྱས་ནས《2024ལོའི་བོད་རང་སྐྱོང་ལྗོངས་ཀྱི་ཁེ་ལས་འབྲིང་ཆུང་གི་སྤྱི་པའི་ཞབས་ཞུའི་ལས་སྟེཊ་ཀྱི་སྲིད་ཇུས་ཕྱོཊ་བསྒྲིགས》རྩོམ་སྒྲིག་བྱས་པ་དང་། དེའི་དམིགས་ཡུལ་ནི་རང་སྐྱོང་ལྗོངས་ཀྱི་ཁེ་ལས་འབྲིང་ཆུང་ལ་ཁྱོན་ཡོངས་དང་། དབང་གྲགས། དུས་ཐོག་བཅས་ཀྱི་སྲིད་ཇུས་ཆ་འཕྲིན་མཁོ་འདོན་བྱེད་པ་དང་། ཁེ་ལས་ལ་སྲིད་ཇུས་ཆ་ཚང་དང་བེད་སྤྱོད་སོགས་བྱ་རྒྱུར་རོགས་རམ་བྱེད་པ། ཁེ་ལས་ལ་ཕན་པའི་སྲིད་ཇུས་ཀྱི་ཕན་ནུས་ཆེ་ཤོས་འདོན་སྤེལ་བྱེད་པ་བཅས་བྱས་ནས་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཆེད་དུ་ཡིན་པ་རེད། ཁེ་ལས་དང་མང་ཚོགས་ཀྱིས་ལག་ཐོགས་ཁ་པར་སྤྱད་ནས་བཤེར་འབེབ་བྱས་ཚེ་དྲ་ཐོག་ནས་སྲིད་ཇུས་ཀྱི་ཆ་འཕྲིན་སྣ་ཚོགས་རྟོགས་ཐུབ། ཁེ་ལས་ཀྱིས་ཁེ་ལས་ལ་ཕན་པའི་སྲིད་ཇུས་མི་ཤེས་པ་དང་སྲིད་ཇུས་ཐད་སྟབས་བདེ་མེད་པའི་གནད་དོན་བཙལ་འཚོལ་བྱེད་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་རྒྱུ་རེད། དེ་སྔའི་ཡིག་ཐོག་སྲིད་ཇུས་དང་བསྡུར་ཚེ་འདྲི་རྩད་བྱེད་བདེ་བ་དང་། ཉར་ཚགས་བྱེད་བདེ་བ། མཉམ་སྤྱོད་བྱེད་བདེ་བ་བཅས་ཀྱི་ལེགས་ཆ་ལྡན་པར་མ་ཟད། ད་དུང་སྲིད་ཇུས་ལེགས་སྒྲིག་གཞིར་བཟུང་། དུས་ཐོག་ཏུ་ནང་དོན་གསར་བརྗེ་བྱས་ནས་ཁེ་ལས་ལ་སྲིད་ཇུས་ཀྱི་ཆ་འཕྲིན་དང་པོ་ཤེས་ཐུབ་རྒྱུར་འགན་ལེན་བྱེད་ཀྱི་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། 《སྲིད་ཇུས་ཕྱོགས་བསྒྲིགས》དེའི་ནང་རྒྱལ་ཁབ་དང་། རང་སྐྱོང་ལྗོངས། གྲོང་ཁྱེར(ས་ཁུལ)ཁག་དང་། རྫོང(ཆུས)བཅས་ཀྱིས་ཁྱབ་བསྒྲགས་བྱས་པའི་མ་དངུལ་གྱི་རྒྱབ་སྐྱོར་དང་། མ་དངུལ་གྱི་བྱ་དགའ། གྲོན་དངུལ་ཆག་ཡང་དང་རྩ་ཆག་གཏོང་བ་སོགས་ཁེ་ལས་ལ་ཕན་པའི་སྲིད་ཇུས་ཁྱོན་96ལེགས་སྒྲིག་བྱས་པའི་ནང་རྒྱལ་ཁབ་ཀྱི་སྲིད་ཇུས་34དང་། རང་སྐྱོང་ལྗོངས་རིམ་པའི་སྲིད་ཇུས་27 གྲོང་ཁྱེར(ས་ཁུལ) རྫོང(ཆུས)གི་སྲིད་ཇུས་35བཅས་ཡོད་པ་དང་། ཕྱོགས་བསྒྲིགས་ཀྱི་ནང་དོན་མདོར་བསྡུས་དང་གནད་དུ་འཁེལ་ཞིང་། མིག་སྔར།རང་སྐྱོང་ལྗོངས་ཀྱི་ནང་དོན་ཆ་ཚང་ཤོས་ཀྱི་ཁེ་ལས་ལ་ཕན་པའི་རྩ་ཆེའི་ནོར་བུ་ཞིག་རེད་ཅེས་བརྗོད་ཆོག

རང་གྲོང་གི་སྨྱན་སྦྱོར་གསར་པའི་ཞབས་ཞུའི་ལས་རིགས་ཁེ་ལས་ཀྱི་འགན་འཁུར་བ་ཀུན་དགའ་ལེགས་གསུམ་གྱིས་ཁེ་ལས་ཀྱི་ངོས་ནས་བརྗོད་ན། སྲིད་ཇུས་ཀྱི་ཕན་པ་ཇི་ཙམ་སྔ་ན་འཕེལ་རྒྱས་ཀྱི་གོ་སྐབས་དེ་ཙམ་གྱིས་དམ་འཛིན་མགྱོགས་པོ་བྱེད་ཐུབ། རྩ་གཉིས་རྟགས་རིས་དེ་བཤེར་རྗེས་ཁྱབ་ཁོངས་ཁག་གི་ཡོངས་བསྒྲགས་སྲིད་ཇུས་ཤེས་རྟོགས་ཐུབ་ནས་ང་ཚོའི་དུས་ཚོད་མང་པོ་གྲོན་ཆུང་ཐུབ་ཀྱི་འདུག་ཅེས་བཤད་པ་རེད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-06 6 6 拉萨日报藏文 c190502.html 1 རྩ་གཉིས་རྟགས་རིས་བརྒྱུད་ནས་ལྷ་ས་དང་བོད་ཡོངས་ཀྱི་ཁེ་ལས་ལ་ཕན་པའི་སྲིད་ཇུས་ལ་གཟིཊ་ཐུབ། /enpproperty-->