དྲོད་རླངས་མཁོ་འདོན་བྱ་རྒྱུ་དེ་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད་ལ་མི་དམངས་ཀྱིས་དྲོ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ་དང་ཡང་འབྲེལ་བ་ཡོད། ལྷ་སར་དྲོད་རླངས་མཁོ་འདོན་གྱི་དུས་ཚིགས་འཆར་ཉེར་ཡོད་པ་དང་བསྟུན་ནས་རྒྱ་ཆེའི་གྲོང་མི་ཚོས་འབར་རླངས་བེད་སྤྱོད་བྱེད་པའི་ཐད་དོ་ཁུར་བྱེད་ཚད་ཀྱང་རིམ་བཞིན་ཆེ་རུ་འགྲོ་བཞིན་ཡོད་པ་རེད། ཉིན་ཤས་གོང་། གསར་འགོད་པ་ལྷ་ས་གྲོང་ཁྱེར་སེམས་དྲོད་འབར་རླངས་དྲོད་ཤུགས་ཚད་ཡོད་འགན་འཁྲི་ཀུང་སིར(གཤམ་དུ་ལྷ་ས་གྲོང་ཁྱེར་སེམས་དྲོད་ཀུང་སི་ཞེས་བསྡུ་རྒྱུ)བསྐྱོད་ནས་གྲོང་མིས་དོ་ཁུར་བྱེད་པའི་ལྷ་སའི་འབར་རླངས་ཀྱི་རིན་གོང་ལ་འགྱུར་ལྡོག་ཡོད་མེད་དང་། འབར་རླངས་ཀྱི་གྲོན་དངུལ་ཇི་ལྟར་འཇལ་དགོས་མིན། དེ་བཞིན་འབར་རླངས་ཤར་གཏོང་བྱ་རྒྱུའི་ཁ་ཆད་ཇི་ལྟར་བྱ་རྒྱུ་སོགས་ཀྱི་གནད་དོན་ཐད་བཅར་འདྲི་གཏིང་ཟབ་བྱས་པ་ཡིན།
གསར་འགོད་པ་ལྷ་ས་གྲོང་ཁྱེར་སེམས་དྲོད་ཀུང་སིའི་བཀོད་གཏོང་བཀོད་འདོམས་པུའུ་96188བརྡ་གཏོང་ལྟེ་གནས་སུ་སྐྱོད་སྐབས། ཁ་པར་གྱི་སྒྲ་ཡང་ཡང་གྲགས་ཤིང་། ཁ་པར་ལེན་མཁན་ཚོས་དྲོད་རླངས་སྤྱོད་མཁན་གྱི་ཁ་པ་ལ་ཉན་པར་བྲེལ་བཞིན་ཡོད། ངང་རྒྱུད་རིང་པོའི་སྒོ་ནས་ཁུལ་ཆུང་གསར་པར་འབར་རླངས་གཏོང་བ་དང་། དྲོད་རླངས་ཚོད་སྒྲིག སྐྱོན་ཆག་ཉམས་གསོ་སོགས་ཀྱི་གནད་དོན་ལ་ལན་ཞིབ་ཚགས་རྒྱག་བཞིན་ཡོད་པ་མཐོང་བྱུང་། ཞབས་ཞུའི་ཐད་སྦྲེལ་ཁ་པར་ཤར་གཏོང་ཐུབ་རྒྱུར་འགན་ལེན་བྱ་ཆེད། ལྟེ་གནས་དེའི་ཁ་པར་ལེན་མཁན་གྱི་ལས་མི་6གིས་ལས་གནས་སུ་ཆུ་ཚོད་24ཡི་རིང་འཕྲལ་སྡོམ་ལས་རེས་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་ཆ་སྙོམས་ཉིན་རེར་ཁ་པར་800ལྷག་ཙམ་ལ་ཉན་གྱི་ཡོད་པ་རེད། ཁ་པར་ཉན་མཁན་གྱི་ལས་དོན་པས་ལན་འདེབས་ཐུབ་པའི་གནད་དོན་ལ་འཕྲལ་མར་དྲ་ཐོག་ཏུ་ལན་འདེབས་པ་དང་། གལ་སྲིད་དྲ་ཐོག་ཏུ་ལན་འདེབས་མི་ཐུབ་ཚེ་ལྷ་ས་གྲོང་ཁྱེར་སེམས་དྲོད་ཀུང་སིས་ལས་རིམ་གྱི་ཐོ་འགོད་ལྟར་འཐབ་ས་མདུན་མའི་མི་སྣ་སྒོ་རྩར་མངགས་ནས་ཐག་གཅོད་བྱེད་དུ་འཇུག་གི་ཡོད་པ་རེད། ཁ་པར་ཉན་མཁན་གྱི་ལས་བཟོ་བ་ཚེ་བརྟན་ལྷ་མོས་བསྡོམས་རྩིས་བྱས་པར་གཞིགས་ན། 2024ལོའི་ཟླ་1ཚེས་1ཉིན་ནས་2024ལོའི་ཟླ་10ཚེས་27ཉིན་བར་96188ཞབས་ཞུའི་ཐད་སྦྲེལ་ཁ་པར་བརྒྱུད་ནས་ཁྱོན་བློ་འདྲི་ཐེངས་166255བྱས་པའི་ཁྲོད་ཁ་པར་ལས་ལན་བཏབ་པའི་བློ་འདྲི་ཐེངས་94105ཟིན་པ་དང་། ལས་རིམ་གྱི་ཐོ་འགོད་བརྒྱུད་ནས་ཐག་གཅོད་བྱས་པ་ཐེངས་72150ཟིན་ཡོད། མང་ཚོགས་བློ་འདྲིའི་ཐད་ཡིད་ཚིམ་ཚད་བརྒྱ་ཆ་98.9ཡན་ཟིན་པ་དང་ཕྱིར་ལན་སློག་ཚད་བརྒྱ་ཆ་100ཟིན་ཡོད་ཅེས་བཤད་པ་རེད།
དེ་རྗེས། གྲོང་མི་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་དྲོད་རླངས་ཀྱི་གནད་དོན་ལ་དམིགས་ནས་ལྷ་ས་གྲོང་ཁྱེར་སེམས་དྲོད་ཀུང་སིའི་ཞབས་ཞུ་པུའི་སྤྱི་གཉེར་གཞོན་པ་ཀུང་ཞུའེ་ཚུའེ་ཡིས་གསར་འགོད་པར་མིག་སྔར་ལྷ་ས་གྲོང་ཁྱེར་སེམས་དྲོད་ཀུང་སིར་གྲོང་ཤར་ཡུག་ཁུལ་དང་། སྣེའུ་ཁུལ་གསར། ལྷ་སའི་རིམ་གསུམ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་བཅས་དྲ་ཕྱིའི་ཞབས་ཞུའི་དྲ་ཚིགས་གསུམ་བཙུགས་ཡོད།
(པར་ངོས་བཞི་པར་གཟིགས)
ལྷ་ས་གྲོང་ཁྱེར་སེམས་དྲོད་ཀུང་སིའི་བཀོད་གཏོང་བཀོད་འདོམས་པུའུ་96188བརྡ་གཏོང་ལྟེ་གནས་སུ་ཁ་པར་ལེན་མཁན་ཚོས་དྲོད་རླངས་སྤྱོད་མཁན་གྱི་ཁ་པར་ལ་ཉན་བཞིན་པའི་རྣམ་པ་ཡིན།
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社