分享按钮

ཆུ་ཤུར་རྫོང་ཅིང་ཀྲེ་མའོ་ཐིང་ཞིང་ལས་གླིང་གིས།

སྔོ་ཚལ་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བཏང་ནས་གྲོང་གསེབ་ དར་རྒྱས་གཏོང་བར་སྒུལ་ཤུགས་གསར་པ་བསྣན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཆུ་ཤུར་རྫོང་གནམ་ཤང་དུ་གསོན་ཤུགས་ལྡན་པའི་སྔོ་ཚལ་རྟེན་གཞི་ཞིག་ཡོད་པ་སྟེ། ཆུ་ཤུར་རྫོང་ཅིང་ཀྲེ་མའོ་ཐིང་ཞིང་ལས་གླིང་ཡིན། ཉེ་བའི་ལོ་ཤས་རིང་། སྔོ་ཚལ་གླིང་དེས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་སྔོ་ཚལ་ཐོན་ལས་ལ་བརྟེན་ནས་ཞིང་པའི་འབབ་འཕར་ལ་སྐུལ་ཁྲིད་དང་། ལས་ཞུགས་ལ་སྐུལ་འདེད། དེ་བཞིན་ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཏེ་གྲོང་གསེབ་དར་རྒྱས་གཏོང་བར་མི་སེམས་འགུལ་བའི་ལེའུ་ཞིག་བརྩམས་ཡོད།

ཆུ་ཤུར་རྫོང་ཅིང་ཀྲེ་མའོ་ཐིང་ཞིང་ལས་གླིང་དུ་སྐྱོད་སྐབས། སྔོ་ཐིང་ཐིང་གི་རྣམ་པ་ཞིག་མིག་ལམ་དུ་འཆར། ས་ཆ་མུའུ་214.5བཟུང་བའི་སྔོ་ཚལ་གླིང་དེར་ཕུན་སུམ་ཚོགས་པའི་སྔོ་ཚལ་སྣ་ཚོགས་བཏབ་ཡོད་ཅིང་། ཀྲོ་མ་ཀྲུ་དང་། ཧོང་ཀྭ། ཞི་ཧུའུ་ལུའུ་སོགས་ཚལ་ཞིང་ནང་དུ་སྐྱེ་འཚར་ཡག་པོ་བྱུང་ནས་དགའ་འོས་པའི་ལོ་ལེགས་ཀྱི་རྣམ་པ་ཞིག་མངོན་ཡོད།གླིང་དེའི་འགན་འཁུར་བ་གཡོད་ཡའོ་མིང་གིས་ང་ཚོའི་སྔོ་ཚལ་གླིང་དུ་དྲོད་ཁང་ཆེན་མོ་སྟར་པ་114ཡོད་པའི་ནང་གཙོ་བོ་ཀྲོ་མ་ཀྲུ་དང་།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-06 ཆུ་ཤུར་རྫོང་ཅིང་ཀྲེ་མའོ་ཐིང་ཞིང་ལས་གླིང་གིས། 6 6 拉萨日报藏文 c190497.html 1 སྔོ་ཚལ་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བཏང་ནས་གྲོང་གསེབ་ དར་རྒྱས་གཏོང་བར་སྒུལ་ཤུགས་གསར་པ་བསྣན་པ། /enpproperty-->