分享按钮

ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་གྲོང་ཁྱེར་དོ་དམ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་11ཚེས་4ཉིན་གྱི་སྔ་དྲོ།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་གྲོང་ཁྱེར་དོ་དམ་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཤིང་།གྲོང་ཁྱེར་འཛུགས་སྐྲུན་དོ་དམ་ཁྱབ་ཁོངས་ཀྱི་གཙོ་གནད་རྣམ་གྲངས་འཕེལ་རིམ་གྱི་གནས་ཚུལ་ལ་གསན་པ་དང་།ལྷག་པའི་གནད་དོན་ལ་ཞིབ་འཇུག་གནང་བ།སླད་ཕྱིན་གྱི་ལས་དོན་བཀོད་སྒྲིག་གནང་བ་རེད།ཁོང་གིས་གྲོང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་།ལས་ཀའི་འགན་འཁྲི་ནན་དུ་གཏོང་བ།གཟེར་འདེབས་པའི་སྙིང་སྟོབས་དར་སྤེལ་གང་ལེགས་གཏོང་བ།གནད་སྨིན་ཤུགས་འདོན་དང་ལས་དོན་ཡག་པོ་སྒྲུབ་པ།ལས་དོན་སྒྲུབ་མཁས་པ།བྱ་ཐབས་དངོས་སྤྱོད་པའི་ཐོག་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་སྤུས་ཚད་མཐོར་གཏོང་དང་། མྱུར་ཚད་མགྱོགས་སུ་གཏོང་བ།ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ་གྲོང་ཁྱེར་གྱི་རྣམ་པ་གསར་རྐྱང་དུ་འགྱུར་བར་བྱེད་དགོས་པའི་ནན་གསུངས་གནང་བ་རེད།

གྲོང་ཁྱེར་གྱི་འགོ་ཁྲིད་ཝང་ཆང་དང་།ཀྲའོ་ཧུའེ་ཉན།ལི་ཅང་ཤིན།འཇམ་དབྱངས་བློ་གྲོས།ཀྲང་ཏིང་ཁྲེང་།ཝང་ཧུའེ།ཞུས་ཧའེ།ཀྲང་ཁྲུན་དབྱང་།མ་ཝུན་ཆིང་བཅས་ཚོགས་འདུར་ཞུགས་པ་རེད།

ཚོགས་འདུའི་ཐོག་བསྟན་དོན།གྲོང་ཁྱེར་འཛུགས་སྐྲུན་དོ་དམ་ལས་དོན་ནི་སྤེལ་ཡུལ་མང་བ་དང་།ལམ་ཐག་རིང་བ།ཁྱབ་རྒྱ་ཆེ་བ་བཅས་ཡིན་པས་གྲོང་ཁྱེར་གྱི་རྣམ་པ་དང་སྤུས་ཚད་ལ་འབྲེལ་བ་ཡོད་པར་མ་ཟད།མང་ཚོགས་ཀྱི་རྒྱུན་གཏན་འཚོ་བ་དང་དེ་བས་འབྲེལ་བ་དམ་ཟབ་ཡོད།རིམ་པ་ཁག་དང་ཚན་པ་ཁག་གིས་བསམ་བློའི་ངོས་འཛིན་མཐོ་རུ་གཏོང་བ་དང་།བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་གཏོང་བ།ཕུ་ཐུང་བརྫེས་ནས་ནུས་ཤུགས་ཡོད་རྒུ་འདོན་པ་བཅས་བྱས་ཏེ།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-06 6 6 拉萨日报藏文 c190499.html 1 ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་གྲོང་ཁྱེར་དོ་དམ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ། /enpproperty-->