分享按钮

རང་ལྗོངས་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་3.2བཏང་ནས་སྤོ་རུང་བའི་རིག་དངོས་སྲུང་སྐྱོབ་ལ་ཤུགས་སྣོན་བརྒྱབ་པ།

(པར་ངོས་དང་པོར་མཐུད)

སྤོ་རུང་བའི་རིག་དངོས་ཉམས་གསོའི་ཐད་བོད་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་རྒྱལ་ཁབ་རྟེན་མཛོད་ཁང་དང་ཀྲུང་གོ་རིག་གནས་ཤུལ་བཞག་ཞིབ་འཇུག་ཁང་སོགས་དང་མཉམ་ལས་བྱས་ཏེ།ཕོ་བྲང་པོ་ཏ་ལའི་ཤིང་ཏ་ལའི་ལོ་མའི་དཔེ་ཆ་སོགས་གནའ་དཔེ་དང་ཡིག་ཚགས་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པའི་ལས་དོན་སྤེལ་ནས་ཤིང་ཏ་ལའི་ལོ་མའི་དཔེ་ཆའི་ཐད་བརྟག་དཔྱད་ལེགས་གྲུབ་བྱས་ཤིང་།བོད་ལྗོངས་རྟེན་མཛོད་ཁང་གིས་ཉར་ཚགས་བྱས་པའི་ཧ་ལི་མའི་ཤོག་རིང་དང་ལྷོ་ཁའི་ལྷ་ལུང་དགོན་གྱི་ཆིང་རྒྱལ་རབས་ཀྱི་ཡིག་ཆ་སོགས་ཉམས་གསོའི་རྣམ་གྲངས་ལག་བསྟར་བྱས་ཡོད།

གཞན་ཡང་།རང་སྐྱོང་ལྗོངས་ཀྱི་རྟེན་རྫས་བཤམས་མཛོད་ཁང་གི་མ་ལག་འཛུགས་སྐྲུན་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ནས་མིག་སྔར་གཞུང་ཁོངས་རྟེན་མཛོད་ཁང་དང་། གཞུང་ཁོངས་མིན་པའི་རྟེན་མཛོད་ཁང་། དྲན་གསོ་ཁང་། དགོན་སྡེའི་རིག་དངོས་བཤམས་སྟོན་ཁང་བཅས་ལས་གྲུབ་པའི་བོད་ལྗོངས་རྟེན་མཛོད་ཁང་གི་མ་ལག་རགས་ཙམ་བསྐྲུན་ནས་སྤྱི་འབོར་43ཟིན་ཡོད། ཉེ་བའི་ལོ་ཤས་རིང་།ལྗོངས་ཡོངས་ཀྱི་རྟེན་མཛོད་ཁང་དང་། བཤམས་སྟོན་ཁང་། དྲན་གསོ་ཁང་བཅས་སུ་ལྟ་སྐོར་བྱེད་མཁན་རྒྱུན་ཆད་མེད་པར་མང་དུ་ཕྱིན་ནས་2024ལོའི་ཟླ་དང་པོ་ནས་དགུ་པའི་བར་ལྟ་སྐོར་བྱེད་མཁན་མི་ཐེངས་ཁྲི་325ལྷག་ཙམ་ཟིན་ཡོད།

(ཤིན་ཧྭ་གསར་འགྱུར་ཁང་ནས་འབྱོར་བའི་གནས་ཚུལ་གཞིར་བཟུང)

(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-05 6 6 拉萨日报藏文 c190412.html 1 རང་ལྗོངས་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་3.2བཏང་ནས་སྤོ་རུང་བའི་རིག་དངོས་སྲུང་སྐྱོབ་ལ་ཤུགས་སྣོན་བརྒྱབ་པ། /enpproperty-->