(པར་ངོས་དང་པོར་མཐུད)ཞིང་ལས་ཚན་རྩལ་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་1.73ཡོད་པར་མ་ཟད།ཕྱོགས་གཉིས་ལ་འཁོར་ལམ་བཞི་ཡོད། ད་ཐེངས་ལམ་ངོས་སྒྱུར་བཀོད་རིམ་སྤོར་ནང་རྒྱ་ཁྱོན་ལ་སྨི་ངོས་གྲུ་མ་36000ཟིན་ཡོད།གྲོང་མིའི་འགྲོ་སྐྱོད་སྟབས་བདེ་ཡོང་བའི་འགན་ལེན་བྱ་ཆེད།གཞོགས་གཡས་གཡོན་དབྱེ་ནས་ཨར་ལས་བྱས་ཏེ་ལམ་ངོས་ཀྱི་གྲུབ་ཆའི་རིམ་པ་ཁྱོན་ཡོངས་ནས་བསྐྱར་སྐྲུན་བྱས་ཡོད། ས་ཁ་སྣོན་དང་།ཆུ་གཏོར་བ། རིམ་པ་གཉིས་ལྡན་གྱི་སྣུམ་ནག་འདིང་བའི་བྱེད་ཐབས་བརྒྱུད་གཞུང་ལམ་སྤྱོད་པའི་རང་བཞིན་དང་ལྗིད་ཐེགས་ནུས་པ་ཆེ་རུ་ཤུགས་ཆེན་ཕྱིན་ཡོད། གསར་འགོད་པས་ཡུལ་དངོས་སུ་སྒྱུར་བཀོད་རིམ་སྤོར་བྱས་རྗེས་ཀྱི་ཞིང་ལས་ཚན་རྩལ་ལམ་འདི་ཉིད་རྣམ་པ་གསར་རྐྱང་དུ་གྱུར་པ་དང་།འགྲིམ་འགྲུལ་མཚོན་རྟགས་ཀྱི་ལམ་ཐིག་མངོན་གསལ་དོད་པ།ཁོད་སྙོམས་པའི་སྣུམ་ནག་ལམ་འདི་ཉིད་ཉི་འོད་འོག་འོད་ཆེམ་ཆེམ་དུ་འཕྲོ་བ་བཅས་དེ་སྔོན་གྱི་འབར་འབུར་གྱི་རྣམ་པ་རྙིང་པ་དང་བསྡུར་ན་ཁྱད་པར་མངོན་གསལ་དོད་པོ་ཡོད་པ་མཐོང་བྱུང་།འགྲོ་འོང་བྱེད་མཁན་རླངས་འཁོར་གྱིས་ཡངས་ཤིང་རྒྱ་ཆེ་བའི་ལམ་བུའི་ཐོག་ཤར་བགྲོད་ཐུབ་ནས་ཕྱིར་སྐྱོད་པའི་ལས་ཕྱོད་ཆེ་རུ་ཕྱིན་པ་དང་གྲོང་མི་མང་ཚོགས་ཚོའི་བཞིན་ནས་བློ་ཡིད་ཚིམ་པའི་འཛུམ་མདངས་འཕྱུར་བཞིན་མཆིས། ཞིང་ལས་ཚན་རྩལ་ལམ་བུར་འགྱུར་ལྡོག་ཕྱིན་པ་དེས་གྲོང་མི་རྣམས་རྒྱུན་གཏན་གྱི་ཕྱིར་སྐྱོད་སྐབས་དེ་བས་སྟབས་བདེ་དང་སྐྱིད་སྣང་དོད་པར་གྱུར་བར་མ་ཟད། གྲོང་ཁྱེར་གྱི་གཟུགས་བརྙན་ལེགས་སུ་འགྲོ་བའི་བཀྲག་མདངས་འཚེར་བའི་མཛེས་ལྗོངས་ཤིག་ཏུའང་གྱུར་ཡོད། གྲོང་མི་དང་ཚོང་དུད་ཚོས་ལམ་ངོས་གསར་པའི་གྲུབ་ཆའི་རིམ་པ་དེ་བས་བརྟན་ལ་སྤྱོད་སྒོ་ཆེ་བ་དང་ཕྱིར་སྐྱོད་སྐབས་དེ་བས་སྟབས་བདེ་ལ་སྐྱིད་སྣང་དོད་པོ་ཞིག་འདུག་ཅེས་གཅིག་རྗེས་གཉིས་མཐུད་ངང་བསྔགས་བརྗོད་བྱེད་ཀྱི་ཡོད། གྲོང་མི་ཟླ་བས་དེ་སྔ་ཞིང་ལས་ཚན་རྩལ་ལམ་ངོས་ཁོད་སྙོམས་པོ་མེད་པར་མ་ཟད།ཐལ་རྡུལ་ཡང་ཆེན་པོ་ཡོད་པས་འགྲོ་སྐྱོད་ལ་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཀྱི་ཡོད།ད་ཆ་འགྲོ་ལམ་སྒྱུར་བཀོད་ལེགས་སུ་བཏང་རྗེས་ལས་ཀར་འགྲོ་བདེ་པོ་ཡོད་པར་མ་ཟད།དུས་ཚོད་ཀྱང་གྲོན་ཆུང་ཐུབ་པ་དང་ཁོར་ཡུག་ཇེ་ཡག་ཏུ་ཕྱིན་པས་ང་ཚོའི་སེམས་ནང་ཧ་ཅང་དགའ་ཚོར་ཆེན་པོ་འདུག་ཅེས་བཤད།
4Sརླངས་འཁོར་ཚོང་ཁང་གི་ཕྱིར་ཚོང་པ་ཀྲེན་ཐང་གིས།དེ་སྔ་ལམ་དེ་འབར་འབུར་ཞིག་ཡོད།ད་ཐེངས་ཀྱི་སྒྱུར་བཀོད་རིམ་སྤོར་བྱེད་དུས་ང་ཚོ་ཕྱིར་བསྐྱོད་རྒྱུར་གནས་སྐབས་སྟབས་བདེ་པོ་མེད་མོད།འོན་ཀྱང་ད་ཆ་ལམ་ཡག་པོ་བཟོས་པས་སྐུ་མགྲོན་ཚོས་རླངས་འཁོར་ལ་བདག་སྐྱོང་དང་རླངས་འཁོར་གསར་པར་ལྟ་རྒྱུར་སྔར་བས་སྟབས་བདེ་རུ་ཕྱིན་པར་མ་ཟད།ང་ཚོའི་ཚོང་ཁང་གི་ཕྱིར་ཚོང་བྱེད་ཚད་ཀྱང་སྔར་བས་མཐོ་རུ་ཕྱིན་པ་དེ་ནི་དམངས་ལ་སྟབས་བདེ་དང་དམངས་ལ་ཕན་པའི་བྱ་བ་བཟང་པོ་ཞིག་རེད་ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ལས་ཚན་རྩལ་ལམ་དེ་2007ལོར་བསྐྲུན་ཚུན།མཐའ་འཁོར་གྱི་གྲོང་མི་ཕྱིར་སྐྱོད་པའི་ལམ་བུ་གལ་ཆེན་ཞིག་རེད། འོན་ཀྱང་གྲོང་ཁྱེར་འཕེལ་རྒྱས་དང་གྲོང་མིའི་གྲངས་འབོར་མང་དུ་ཕྱིན་པ་དང་བསྟུན་ནས་ལམ་བུ་དེའི་ད་ལྟའི་གནས་ཚུལ་གྱིས་ད་ཆའི་འགྲིམ་འགྲུལ་གྱི་དགོས་མཁོ་སྐོང་མི་ཐུབ་པའི་ཁར་ལྷ་ས་གྲོང་ཁྱེར་གདོང་དཀར་བཙོག་ཆུ་གཙང་སེལ་བཟོ་གྲྭའི་ལམ་དུམ་གཉིས་པའི་རྣམ་གྲངས་སྐྲུན་བཞིན་ཡོད་པས།འགྲོ་ལམ་ལ་གཏོར་སྐྱོན་ཕོག་ཚུལ་སྔར་བས་ཚབས་ཆེ་རུ་ཕྱིན་ནས་རླངས་འཁོར་དང་འགྲུལ་བཞུད་པར་སྟབས་བདེ་གཏན་ནས་མེད་པ་རེད། རང་གྲོང་གི་འབྲེལ་ཡོད་སྡེ་ཚན་གྱིས་གྲོང་ཁྱེར་གྱི་འགྲིམ་འགྲུལ་འཕེལ་རྒྱས་ཀྱི་དགོས་མཁོ་ཕྱོགས་བསྡུས་དང་།མང་ཚོགས་ཀྱི་རེ་འདུན་ལ་དོ་སྣང་བྱས་ནས་ཡུལ་དངོས་སུ་བརྟག་ཞིབ་བྱས་རྗེས།ཟླ་10ཚེས་11ཉིན་ནས་བཟུང་།ཞིང་ལས་ཚན་རྩལ་ལམ་ཁྱོན་ཡོངས་ནས་བསྐྱར་བཟོ་བྱ་རྒྱུ་དང་།ཞིང་ལས་ཚན་རྩལ་ལམ་དེ་གྲོང་ཁྱེར་གྱི་མ་ལམ་གྱི་ཚད་གཞི་དང་མཐུན་པའི་ལམ་བུར་སྒྱུར་བཀོད་བྱ་རྒྱུ་མ་ཟད། སྤུས་ཚད་དང་མྱུར་ཚད་ལ་འགན་ལེན་བྱེད་པ་དང་ཆབས་ཅིག་ནུས་ལྡན་གྱི་བྱ་ཐབས་སྤྱད་དེ་ཉེ་འཁོར་གྱི་ཁོར་ཡུག་དང་དེ་བཞིན་གྲོང་མི་ཕྱིར་སྐྱོད་ལ་ཤུགས་རྐྱེན་ཐེབས་ཚད་ཆུང་དུ་གཏོང་རྒྱུའི་གཏན་འབེབས་བྱས་ནས་མང་ཚོགས་ཕྱིར་སྐྱོད་ཀྱི་མཐའ་མའི་འགག་གནད་ནུས་ཤུགས་ཡོད་རྒུས་ཤར་གཏོང་ཐུབ་པར་བྱས་ཡོད།
བོད་ལྗོངས་ཝན་ཐུའུ་འཛུགས་སྐྲུན་ལས་གྲྭ་ཚད་ཡོད་ཀུང་སིའི་རྣམ་གྲངས་ཅིང་ལི་དབྱང་ཆིང་སུང་གིས།ད་ཐེངས་ཀྱི་ཞིང་ལས་ཚན་རྩལ་ལམ་གྱི་ལམ་ངོས་སྒྱུར་བཀོད་ལེགས་སུ་བཏང་བས་འགྲོ་ལམ་ཐོག་འགྲོ་སྐྱོད་ཀྱི་ཕན་ནུས་ཆེ་རུ་ཕྱིན་པར་མ་ཟད།ཉེ་འཁོར་གྱི་གྲོང་མིའི་ཕྱིར་སྐྱོད་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་།གྲོང་ཁྱེར་གྱི་འགྲིམ་འགྲུལ་གནོན་ཤུགས་ཀྱང་ཞི་ལྷོད་དུ་ཕྱིན་ཡོད་ཅེས་བཤད།
ཞིང་ལས་ཚན་རྩལ་ལམ་སྒྱུར་བཀོད་རིམ་སྤོར་ནི་གྲོང་ཁྱེར་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་ལ་འབྲེལ་ཡོད་སྡེ་ཚན་གྱིས་གྲོང་མིའི་དོ་ཁུར་ལ་ལན་ཧུར་ཐག་སློག་པ་དང་།གྲོང་ཁྱེར་གྱི་གཟུགས་བརྙན་ལེགས་སུ་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཀྱང་ཡིན་པ་རེད། སླད་ཕྱིན། རང་གྲོང་གི་འབྲེལ་ཡོད་སྡེ་ཚན་གྱིས་མང་ཚོགས་ཀྱི་སེམས་ཁྲལ་དང་།འཕྲལ་མཁོ། དཀའ་ངལ།རེ་སྒུག་བཅས་ཀྱི་གནད་དོན་ལ་མུ་མཐུད་ནས་དམིགས་ཏེ་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་རྒྱུན་ཆད་མེད་པར་གསབ་པ་དང་བློ་གཅིག་སེམས་གཅིག་ངང་དམངས་ཀྱི་སེམས་ཁྲལ་སེལ་བ་དང་། དམངས་སེམས་དྲོ་རུ་འཇུག་པ། དམངས་འཚོར་ཕན་པ་འདོགས་པ་བཅས་བྱས་ནས་གྲོང་མིར་དེ་བས་སྤུས་ལེགས་དང་སྟབས་བདེའི་གྲོང་ཁྱེར་གྱི་ཁོར་ཡུག་ཅིག་བཏོད་ནས་གྲོང་མིར་དངོས་ཕན་དང་། སྟབས་བདེ།བདེ་སྐྱིད་བཅས་དངོས་འབྲེལ་ཐོབ་པར་བྱ་རྒྱུ་རེད། (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社