分享按钮

(པར་ངོས་དང་པོར་མཐུད)བསྐྲུན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན་པས། རིམ་པ་ཁག་དང་ཚན་པ་ཁག་གིས་དོ་དམ་གྱི་འགན་འཁྲི་སྔར་བས་ཁ་གསལ་བཟོ་བ་དང་། རིམ་ཁག་ཆུ་དཔོན་ལམ་ལུགས་ཚད་ལྡན་དུ་གཏོང་བ། ཆུའི་སྤུས་ཚད་ལྟ་ཞིབ་ཚད་ལེན་དང་རྒྱུན་གཏན་གྱི་སྐོར་ཞིབ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་དོ་དམ་དང་སྲུང་སྐྱོང་གི་འགན་འཁྲི་སྦྲེལ་མཐུད་ཡག་པོ་དང་།རིམ་པ་རེ་རེ་བཞིན་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

བདེ་སྐྱིད་ལམ་དང་། བརྒྱད་གཅིག་ལམ།གཡུ་ཐོག་ལམ། རྡོ་སེང་གེ་ལམ་བཅས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་རྣམ་གྲངས་ཀྱི་ལས་ཡུལ་དངོས་སུ་ཀྲའོ་ཧུའེ་ཉན་གྱིས་རྣམ་གྲངས་ཀྱི་འཕེལ་རིམ་དང་། ལོང་བའི་འགྲོ་ལམ་ཉམས་གསོ། མཉམ་སྤྱོད་གློག་སྒུལ་སྦག་སྦག་གི་ས་ཚིགས་བཀོད་སྒྲིག་བཅས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་གྲོང་ཁྱེར་འཛུགས་སྐྲུན་གྱི་རྣམ་གྲངས་དེ་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱེད་དགོས། གཅིག་གྱུར་ཐོག་འཆར་འགོད་བྱ་རྒྱུར་བསམ་བློ་གཏོང་བ་དང་། མིག་སྔར་གཞི་ཚུགས་པ། ཕུགས་ལ་དམིགས་པ་བཅས་བྱས་ནས་ས་སྟེང་དང་ས་འོག་གི་ཨར་ལས་འཛུགས་སྐྲུན་གཅིག་གྱུར་ཐོག་འཆར་འགོད་ཡག་པོ་བྱས་ཏེ།ཡང་བསྐྱར་སྔོག་པའི་གནད་དོན་ལ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་པ་དང་། ཐོགས་མེད་བགྲོད་ལམ་དང་། གློག་སྒམ།གློག་ཤིང་སྣ་ཚོགས་བཅས་འཆར་འགོད་དང་བཀོད་སྒྲིག་ཡག་པོ་བྱས་ནས་ཚད་ལྡན་དང་། མཛེས་པོ། མང་ཚོགས་ལ་སྟབས་བདེ་ཡོང་བ་བཅས་བྱེད་དགོས། ཨར་སྐྲུན་ལེགས་སུ་གཏོང་དགོས་ན་རྣམ་གྲངས་འཛུགས་སྐྲུན་ཚན་པས་ངེས་པར་དུ་མཐུན་སྦྱོར་ཧུར་ཐག་དང་མདུན་ཕྱོགས་སུ་བཀོད་འདོམས་བྱེད་དགོས་པ་དང་། འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ་ཁག་གིས་ངེས་པར་དུ་འགན་འཁྲི་ཡག་པོ་སྒྲུབ་པ་དང་འགན་འཁྲི་ཡག་པོ་འཁུར་དགོས་པ། ཨར་སྐྲུན་གྱི་སྟོབས་ཤུགས་ལེགས་སུ་གཏོང་དགོས་པ། སྤུས་ཚད་ལ་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ལས་ཡུན་མགྱོགས་སུ་གཏོང་བ་བཅས་བྱས་ནས་མང་ཚོགས་ཀྱི་བསམ་འཆར་ཆེ་བའི་གནད་དོན་ལ་མཐོང་ཆེན་མི་བྱེད་པའི་སྣང་ཚུལ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། བདེ་འཇགས་ལྡན་ལ་ཤེས་དཔལ་ཡང་ལྡན་པ་བྱེད་དགོས་ཤིང་། ཨར་ལས་བྱ་ཡུལ་དུ་རིམ་པ་དང་མཚོན་རྟགས་སྔར་བས་ཚད་ལྡན་བཟོ་བ་དང་། འབྲེལ་ཡོད་སྡེ་ཚན་དབར་གྱི་སྦྲེལ་མཐུད་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། ལམ་སྟོན་དང་གྲལ་བཤེར་ལ་དམ་འཛིན་ཡག་པོ་བཅས་བྱས་ཏེ།ཨར་ལས་ཐད་ལས་འཛོལ་ཐོན་རྒྱུར་དོགས་ཟོན་ནན་པོ་བྱེད་དགོས་པའི་བླང་བྱ་ནན་བཏོན་གནང་ཡོད། (ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-05 6 6 拉萨日报藏文 c190407.html 1 /enpproperty-->