ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལོ་གཅིག་ཙམ་གྲ་སྒྲིག་ཞིབ་ཚགས་བྱས་པ་བརྒྱུད་ལྷ་ས་གྲོང་ཁྱེར་དུ་ཧུང་ཡ་ཚོང་ཚོགས་དངོས་སུ་བཙུགས་པ་རེད།
ཉེ་བའི་ལོ་ཤས་རིང་། ཧུང་ཡ་ནས་ཡིན་པའི་ཁེ་ལས་མཁས་ཅན་ཁག་གཅིག་གིས་བློ་སྟོབས་དང་བློ་གྲོས་ལ་བརྟེན་ནས་ལྷ་སར་ཡོང་སྟེ་ཁོང་ཚོའི་ལས་གཏོད་ཀྱི་རྒྱང་སྐྱོད་ལམ་བུ་བཏོད་ཡོད། ལྷ་ས་གྲོང་ཁྱེར་དུ་ཧུང་ཡ་ཚོང་ཚོཊ་བཙུཊ་པ་དེའི་ཐོག་ནས་ཐེམ་ཁུངས་ཧུང་ཡ་ནས་ཡིན་པའི་ཁེ་ལས་མཁས་ཅན་ཚོར་ལྷ་སར་ཐུན་མོང་གི་ཁྱིམ་ཚང་ཞིག་ཡོད་པ་མཚོན་པ་དང་།མིག་སྔར། ཚོང་ཚོཊ་དེའི་ཚོཊ་མིའི་ཁེ་ལས་30ལྷག་ཙམ་གྱིས་མཉམ་ལས་གཉིས་ཁེའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ་མཉམ་ལས་ཀྱི་གོ་སྐབས་གསར་པ་ཐུན་མོང་ཐོག་འཚོལ་ཞིབ་བྱས་ནས་ལྷ་སའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུཊ་འདོན་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།
ལྷ་ས་གྲོང་ཁྱེར་ཧུང་ཡ་ཚོང་ཚོགས་ཀྱི་ཚོགས་གཙོ་ཁྲང་ཡུས་ཁའེ་ཀང་གིས་ཚོང་ཚོགས་ནི་ལས་སྟེགས་ཤིག་དང་འབྲེལ་ཟམ་ལྟ་བུ་ཞིག་ཡིན། དེའི་དམིགས་ཡུལ་ནི་ཕ་ཡུལ་གྱི་མི་རྣམས་གོང་བུ་གཅིག་ཏུ་སྒྲིལ་ནས་ཚོགས་མིའི་ཁེ་ལས་ཀྱི་སྣེ་ཁྲིད་དེ་ལྷ་སར་གཉེར་སྐྱོང་འདུ་ཤེས་དང་དོ་དམ་བྱེད་སྟངས་རྒྱུན་ཆད་མེད་པར་གསར་གཏོད་དང་། རང་ངོས་ཁྲོམ་རའི་ལྟེ་བའི་འགྲན་རྩོད་ཀྱི་ནུས་པ་ཆེ་རུ་གཏོང་བ། ཚོགས་མིའི་ཁེ་ལས་ཁག་མཐུན་སྒྲིལ་དམ་ཟབ་བྱེད་པ། ཁྲིམས་མཐུན་གཉེར་སྐྱོང་དང་སྒྲིག་བཀུར་ཁྲིམས་སྲུང་བཅས་བྱས་ཏེ་ལྷ་སའི་དཔལ་འབྱོར་འཕེལ་རྒྱས་ཆེད་འབུལ་འོས་པའི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།
ལྷ་ས་གྲོང་ཁྱེར་ཧུང་ཡ་ཚོང་ཚོགས་ཀྱིས་ཀྱང་ཚོགས་མིར་ཞབས་འདེགས་ཞུ་བ་དང་། སྤེལ་རེས་ལ་སྐུལ་འདེད་གཏོང་བ། མཉམ་ལས་གཉིས་ཕན་བཅས་ཀྱི་དམིགས་ཡུལ་གཞིར་བཟུང་། དུས་རབས་ཀྱི་གོམ་བགྲོད་དང་བསྟུན་ནས་འབྲེལ་ཟམ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྲིད་གཞུང་དང་ཁེ་ལས་དབར་དང་ཁེ་ལས་དང་ཁེ་ལས་དབར་གྱི་འབྲེལ་གཏུགས་སྟེགས་བུ་ཧུར་ཐག་གཏོད་པ་བཅས་བྱས་ནས་ཚོགས་མིའི་ཁེ་ལས་འཕེལ་རྒྱས་ཆེད་ཁོར་ཡུག་བཟང་པོ་གཏོད་རྒྱུ་ཡིན་པ་རེད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社