分享按钮

རྒྱ་མ་ཤང་གིས་གྲོང་ཚོའི་མཉམ་སྡེབ་འཕྲུལ་ཆས་བོགས་གཏོང་ཀུང་སིའི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་གིས་གྲོང་ཚོའི་མཉམ་སྡེབ་འཕྲུལ་ཆས་བོགས་གཏོང་ཀུང་སིའི་སྒོ་བྱང་གི་ཡོལ་བ་ཕྱེ་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་མ་ཤང་གི་ཁོངས་གཏོགས་སུ་བོད་ལྗོངས་ཧྭ་ཐའེ་ལུང་གཏེར་ལས་ཚད་ཡོད་ཀུང་སི་དང་། བོད་ལྗོངས་ཅུས་ལུང་ཟངས་ལས་ཚད་ཡོད་ཀུང་སི། རྒྱ་མ་ཧྲེང་ཧང་ཚད་ཡོད་ཀུང་སི་སོགས་ཁེ་ལས་117ཡོད་པ་དང་འཕྲུལ་ཆས་ཀྱི་དགོས་མཁོ་ཧ་ཅང་ཆེན་པོ་ཡོད་པ་རེད། གྲོང་ཚོའི་མཉམ་སྡེབ་འཕྲུལ་ཆས་བོགས་གཏོང་ཀུང་སི་ནི་ཤང་དེའི་ཏང་ཨུད་ཀྱིས་སྒྱུར་བཅོས་ལ་དམ་འཛིན་དང་འཕེལ་རྒྱས་ལ་དོན་གཉེར་བྱེད་པ་དང་། ཁོངས་གཏོགས་ཁུལ་གྱི་དོན་དངོས་ལ་གཞི་ཚུགས་པ། ས་ཁུལ་དང་ཁེ་ལས་མཉམ་སྐྲུན་གྱི་རྣམ་པ་ཟབ་ཏུ་གཏོང་བ་བཅས་བྱས་ནས་གྲབས་འཛུགས་བྱས་པ་ཞིག་རེད།

རྒྱ་མ་ཤང་གིས་གྲོང་ཚོའི་མཉམ་སྡེབ་འཕྲུལ་ཆས་བོགས་གཏོང་ཀུང་སི་བཙུགས་པ་དེས་མལ་གྲོ་གུང་དཀར་རྫོང་དུ་གོང་འོག་སེམས་མཐུན་དང་གཡས་གཡོན་སྦྲེལ་མཐུད་ཀྱི་ཏང་འཛུགས་སྐྱོང་གི་རྣམ་པ་གསར་པ་སྔོན་ལ་མངོན་པ་དང་ཆ་འཕྲིན་མཉམ་སྤྱོད་དང་ལེགས་ཆ་གསབ་རེས་ཀྱི་ཐབས་ལམ་ནུས་ལྡན་ངང་བདེ་བླག་བྱུང་ཡོད།

སླད་ཕྱིན་རྒྱ་མ་ཤང་གིས་རྣམ་གྲངས་ཀྱིས་སྐུལ་ཁྲིད་དང་གྲོང་ཚོ་དང་མཉམ་འབྲེལ་བྱས་པ་བརྒྱུད་ཕྱུག་འགྱུར་གྱི་ཐབས་ལམ་འདི་ཉིད་ཁེར་རྒྱུག་རྐྱང་འཐབ་ནས་མཉམ་ལས་གཉིས་ཁེ་ཡོང་བར་བྱས་ཏེ་གྲོང་གསེབ་འཕེལ་རྒྱས་ཀྱི་གཏིང་ཤུགས་མི་འདང་བ་དང་ཆུ་ཚད་མཐོ་པོ་མེད་པ་སོགས་ཀྱི་ཞན་ཆ་གསབ་ནས་གྲོང་ཚོ་དང་ས་ཁོངས་དབར་གྱི་ཐོན་ཁུངས་མཉམ་འདྲེས་དང་། ཐོན་ལས་མཉམ་དར། མང་ཚོགས་མཉམ་དུ་ཕྱུག་པོ་ཆགས་པར་བྱེད་པ་བཅས་ལ་སྐུལ་འདེད་བཏང་ཐོག་ཡུལ་བབ་དང་བསྟུན་ཏེ་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་འགྱུར་ལམ་བུའི་ཐོག་བསྐྱོད་རྒྱུ་ཡིན་པ་རེད།

ཉིན་དེར། མལ་གྲོ་གུང་དཀར་རྫོང་ཨུད་ཀྱི་འགན་འཁུར་བ་གཙོ་བོ་དང་། རྒྱ་མ་ཤང་ཏང་ཨུད་ཀྱི་འགན་འཁུར་བ། ཧྭ་ཐའེ་ལུང་ཏང་དམངས་ལས་དོན་པུའི་འགན་འཁུར་བ། ཅུས་ལུང་སྡེ་ཁུལ་གྱི་འགན་འཁུར་བ་བཅས་དང་དེ་བཞིན་རྒྱ་མ་ཤང་གི་མང་ཚོགས་ཀྱི་འཐུས་མི་ཁག་གཅིག་དང་རྒྱ་མ་ཤང་གི་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་དང་དེ་བཞིན་ཁྱིམ་དུ་ཡོད་པའི་ལས་བྱེད་པ་བཅས་ཁྱོན་མི་100ལྷག་ཙམ་མཛད་སྒོར་ཞུགས་ཡོད་པ་རེད།(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-04 6 6 拉萨日报藏文 c190361.html 1 རྒྱ་མ་ཤང་གིས་གྲོང་ཚོའི་མཉམ་སྡེབ་འཕྲུལ་ཆས་བོགས་གཏོང་ཀུང་སིའི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ། /enpproperty-->