(པར་ངོས་དང་པོར་མཐུད)གློག་སྐུད་སྒམ་31རང་སར་མཛེས་བཟོ་བྱས་པ།གློག་སྐུད་སྒམ་9རང་སར་མཛེས་བཟོ་དང་མཐོ་རུ་བཏང་བ།གློག་སྐུད་སྒམ་11མེད་པར་བཟོས་པ།གློག་སྐུད་སྒམ་3སྤོས་པ་དང་།དེ་དང་དུས་མཚུངས་སྔོན་ལ་མ་ལམ་དང་རྗེས་སུ་ཁྲོམ་གཞུང་རྒྱབ་ཀྱི་སྲང་ལམ་བཅོས་སྒྲིག་བྱེད་པའི་གོ་རིམ་གཞིར་བཟུང་།ཀྲུང་གོ་གློག་འཕྲིན་ཚོགས་པ་ཚད་ཡོད་ཀུང་སི་ལྷ་ས་ཡན་ལག་ཀུང་སིས་སྦུག་ཤུབས་བསྡམས་པ་དང་།གཏན་འཇཊ་འཛུཊ་པ།ས་འོག་ཏུ་སྦས་པ་དང་སྦུ་གུའི་ནང་དུ་བཅུག་པ་སོཊ་ཀྱི་བྱེད་ཐབས་བརྒྱུད་གྲོང་ཁྱེར་གྱི་གློག་སྐུད་ཟང་ཟིང་བཅོས་སྒྲིག་བྱས་པ་རེད།
ཀྲུང་གོ་གློག་འཕྲིན་ཚོགས་པ་ཚད་ཡོད་ཀུང་སི་ལྷ་ས་ཡན་ལག་ཀུང་སིའི་དྲ་རྒྱ་པུའི་ཀྲུའུ་རེན་སྐལ་བཟང་དབང་འདུས་ཀྱིས་མིག་སྔའི་བར་རླངས་འཁོར་ཐེངས་6200ལྷག་ཙམ་བཏང་བ་དང་།མི་ཐེངས་75ལྷག་ཙམ་གྱིས་ཉང་བྲན་ལམ་དང་།པེ་ཅིང་ལམ།སྣེའུ་ཁུལ་གསར།གྲོང་ཨུད་ཞག་སྡོད་ཁུལ།སྤྱི་བདེ་ཐིང་།དོག་སྡེ་ཁྲོམ་གཞུང་སོགས་ས་ཚིགས་278ལ་བཅོས་སྒྲིག་བྱས་པ་རེད།ཁྱོན་སྦུག་ཤུབས་བསྡམས་པ་དང་།རྙིང་ཧྲུལ་འོད་སྐུད་སྤྱི་ལེ་680ལྷག་ཙམ་བཤིགས་པ།རིགས་ཁག་གི་གློག་སྐུད་སྒམ་དང་གློག་ཤིང་ཁག་320ལྷག་ཙམ་ལ་བཅོས་སྒྲིག་བྱས་ཡོད།སླད་ཕྱིན་གྱི་ཁོར་ཡུག་བཅོས་སྒྲིག་གི་ལས་དོན་ཁྲོད་ཀུང་སི་དེ་གས་ཀྲུང་དབྱང་ཁེ་ལས་ཀྱི་སྤྱི་ཚོགས་ཀྱི་འགན་འཁྲི་ཁུར་ནས་བཅོས་སྒྲིག་ལས་དོན་གྱི་ལམ་སྲོལ་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ་དང་འོད་སྐུད་བཅོས་སྒྲིག་ལས་དོན་སྤེལ་རྒྱུར་འགན་ལེན་ཏན་ཏིག་བྱས་ནས་ལྷ་སར་གློག་སྐུད་ཟང་ཟིང་རྩ་བ་ནས་མེད་པར་བཟོ་རྒྱུ་ཡིན་པ་རེད།
ཆ་ཚང་གཅིག་དང་ཚང་མ་བཞིའི་གོ་དོན་ནི་རིགས་འདྲ་མིན་གྱི་གློག་སྐུད་སྒམ་དག་ཆ་ཚང་འཇུག་པ་གསུམ་དང་ཅན་གསུམ་མངོན་འགྱུར་བྱེད་པའམ་ཡང་ན་བཤིག་པ་ལ་ཆ་ཚང་གཅིག་ཟེར་བ་དང་།གློག་སྐུད་སྒམ་གྱི་མཐའ་འཁོར་དུ་ལས་ཁུངས་དང་།ཁེ་ལས།བྱ་གཞག་ཚན་པ་བཅས་ཡོད་ཚེ་ཚང་མ་དེ་དག་གི་སྒོ་རའི་ནང་འཇུག་དགོས་པ་དང་།སྒོ་ར་མེད་པར་སྔོ་ལྗང་ཁུལ་ཡོད་ཚེ་གློག་སྐུད་སྒམ་ཚང་མ་སྔོ་ལྗང་ཁུལ་ནང་འཇུག་དགོས་པར་མ་ཟད།དེ་གར་བར་བཅད་བྱེད་པའམ་ཡང་ན་སྔོ་འགྱུར་ཁུལ་ལ་དམ་པོར་སྦྱོར་དགོས།སྒོ་ར་དང་སྔོ་ལྗང་ཁུལ་མེད་ཚེ་ཚང་མ་མཛེས་བཟོ་བྱེད་དགོས་པ།གློག་སྐུད་སྒམ་ལམ་མདོར་ཡོད་ན་ཚང་མ་སྤོ་དགོས་པ་བཅས་ལ་ཚང་མ་བཞི་ཟེར་ཞིང་།འདི་ལོའི་ཟླ་9པར་རང་གྲོང་གིས་ཁྱོན་ཡོངས་ནས་གྲོང་ཁུལ་གྱི་གློག་སྐུད་སྒམ་སྒོ་རར་འཇུག་པ་དང་།སྔོ་ལྗང་ཁུལ་དུ་འཇུག་པ།ས་འོག་ཏུ་འཇུག་པ་དང་།མི་མངོན་པ་ཅན་དང་།དབྱིབས་ཆུང་ཅན།མཛེས་ལྗོངས་ཅན་བཅས་ཀྱི་འཇུག་པ་གསུམ་དང་ཅན་གསུམ་གྱི་ལས་དོན་སྤེལ་ཡོད།འཇུག་པ་གསུམ་དང་ཅན་གསུམ་གྱི་ལས་དོན་ནི་ལྷ་ས་གྲོང་ཁྱེར་གྱི་ཁོར་ཡུག་མཛེས་སུ་གཏོང་བ་དང་།གྲོང་ཁྱེར་གྱི་སྤུས་ཚད་མཐོ་རུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན།འཇུག་པ་གསུམ་དང་ཅན་གསུམ་གྱི་ལས་དོན་སྤེལ་ས་མང་ཞིང་ཁྱབ་རྒྱ་ཆེ་བས་སྔོན་ལ་ལམ་19དང་རྗེས་སུ་གྲོང་ཁྱེར་ཡོངས་ཀྱི་འགག་སྒོ་ཁུལ་གྱི་གོ་རིམ་དང་ཆ་ཚང་གཅིག་དང་ཚང་མ་བཞིའི་རྩ་དོན་གཞིར་བཟུང་།སྔོན་ལ་སྒོ་རའི་ནང་འཇུག་པ་དང་དེ་ནས་སྔོ་ལྗང་ཁུལ་དུ་འཇུག་པ།རྗེས་སུ་གནས་སྤོ་བཅས་བྱེད་པ་དང་དུས་མཚུངས་མི་མངོན་པ་ཅན་དང་།དབྱིབས་ཆུང་ཅན།མཛེས་ལྗོངས་ཅན་བཅས་ཡོད་པ་བྱེད་དགོས་ཀྱི་ཡོད།དུས་འགོར་ལམ་དུམ་19ལ་མཐིལ་རྟོགས་བརྟག་ཞིབ་དང་གློག་སྐུད་སྒམ་སྤོ་ས་གཏན་འཁེལ་བྱས་པ་བརྒྱུད།ལམ་དུམ་19ཡི་ནང་གློག་སྐུད་སྒམ་སྣ་ཚོགས་912དང་འབྲེལ་བ་ཡོད་པ་དང་ཆ་ཚང་གཅིག་དང་ཚང་མ་བཞིའི་ལས་ཀའི་རྩ་དོན་ལ་གཞིགས་ན།གློག་སྐུད་སྒམ་287སྔོ་ལྗང་ཁུལ་དུ་འཇུག་པ་དང་།99སྒོ་རའི་ནང་འཇུག་པ།25བཤིག་པ།ས་ཆ་དེ་རང་དུ་གློག་སྐུད་སྒམ་473མཛེས་བཟོ་བྱེད་པ།གྱང་འགྲམ་དུ་གློག་སྐུད་སྒམ་23གནས་སྤོ་བྱེད་པ།གློག་སྐུད་སྒམ་5ཟླ་སྒྲིལ་གཏོང་བ་བཅས་བྱེད་དགོས་ཀྱི་ཡོད།མིག་སྔར་རང་གྲོང་གི་གློག་སྐུད་སྒམ་འཇུག་པ་གསུམ་དང་ཅན་གསུམ་གྱི་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་པ་དང་འབྲེལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཀྱང་ཐོབ་ཡོད།
ལྷ་ས་གྲོང་ཁྱེར་གྲོང་ཁྱེར་དོ་དམ་ཅུས་གྲོང་ཁྱེར་ལས་དོན་ཁོའོ་ཡི་ཁོའོ་ཀྲང་ལན་ཡུས་ཧའོ་ཡིས་གྲོང་ཁྱེར་གྱི་རྣམ་པ་ཁྱོན་ཡོངས་ནས་ལེགས་སུ་གཏོང་བ་དང་།གློག་སྐུད་སྒམ་ཆེ་ཆུང་སྣ་ཚོགས་བཅོས་སྒྲིག་བྱེད་པ།གློག་སྐུད་སྒམ་གྱིས་མི་བགྲོད་ལམ་དང་ལོང་བའི་ལམ་བཙན་བཟུང་བྱེད་པ་སོགས་ཀྱི་གནད་དོན་ཁྱོན་ཡོངས་ནས་བཅོས་སྒྲིག་བྱེད་པ།གྲོང་ཁྱེར་གྱི་སྤྱི་ཡོངས་ཀྱི་གཟུགས་བརྙན་དང་སྤུས་ཚད་མཐོ་རུ་གཏོང་བ།མི་དམངས་ལ་ལམ་བུ་ཡངས་ལ་བདེ་བ་ཞིག་མཁོ་འདོན་བྱེད་པའི་བླང་བྱ་དོན་འཁྱོལ་བཅས་བྱ་ཆེད།གྲོང་ཁྱེར་དོ་དམ་ཅུས་ཀྱིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་སྤྱིའི་བཀོད་སྒྲིག་གཞིར་བཟུང་།འཇུག་པ་གསུམ་དང་ཅན་གསུམ་གྱི་ལས་དོན་བཅས་ཀྱི་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་ཡོད།མིག་སྔར་རྒྱལ་ཁབ་གློག་དྲ་ལྷ་ས་གློག་མཁོ་འདོན་ཀུང་སི་དང་།གློག་འཕྲིན་དང་།སྒུལ་འཕྲིན།ལན་ཐུང་བཅས་གཉེར་སྐྱོང་ཆེན་པོ་གསུམ།རླུང་འཕྲིན་བརྙན་འཕྲིན།འགྲིམ་འགྲུལ་ཉེན་རྟོག་སོགས་སྡེ་ཚན་སྒྲིག་འཛུགས་བྱས་ཏེ་གྲོང་ཁྱེར་གྱི་འགྲོ་ལམ་19ལ་ཁྱོན་ཡོངས་ནས་མཐིལ་རྟོགས་གྲལ་བཤེར་བྱས་པ་རེད།གློག་སྐུད་སྒམ་བཅོས་སྒྲིག་གི་ལས་ཡུལ་དངོས་ཀྱི་གནས་ཚུལ་ལ་གཞིགས་ནས་གློག་སྐུད་སྒམ་སྒོ་རའི་ནང་འཇུག་པ་དང་།སྔོ་འགྱུར་ཁུལ་དུ་འཇུག་པ།ས་འོག་ཏུ་འཇུག་པའི་ཇུས་གཞི་བཟོ་དགོས།རྗེས་མའི་ལས་དོན་ནང་ང་ཚོས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་བླང་བྱར་ནན་པོར་གཞིགས་ནས་འཇུག་པ་གསུམ་དང་ཅན་གསུམ་གྱི་ལས་དོན་ལ་མུ་མཐུད་སྤྱི་འདོམས་སྐུལ་འདེད་བཏང་སྟེ་འདི་ལོའི་ལོ་མཇུག་གོང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
(བུ་ཆུང་གིས་སྒྱུར་ཞུས་བྱས
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社