(པར་ངོས་དང་པོར་མཐུད)ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་དྲུང་ཆེ་ལིའུ་ཀྲོའུ་ཕིང་ཚོཊ་འདུར་ཞུཊ་ཡོད།
ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོཊ་བཙུཊ་ནས་ལོ་40འཁོར་བའི་སྐབས་སུ། ཀྲུང་གོ་ནང་བསྟན་མཐུན་ཚོཊ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོཊ་བོད་ལྗོངས་ཡན་ལག་མཐུན་ཚོཊ།སྤུན་ཟླ་གྲོང་ཁྱེར(ས་ཁུལ)བཅས་ཀྱི་ནང་བསྟན་མཐུན་ཚོགས་བཅས་ཀྱིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་དང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་སྐུ་ངོ་མས་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་ཞེས་པའི་ཕྱག་བྲིས་གནང་བ་དང་འབྲེལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཡང་ཞུས་གནང་བ་རེད།
ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། བོད་ལྗོངས་ནང་བསྟན་སློབ་གླིང་གི་ཡོན་ཀྲང་གཞོན་པ། གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་བཀྲ་ཤིས་རྒྱལ་མཚན་གྱིས་ཤིས་ཚིག་སྒྲོན་སྐབས། ལོ་40ཡི་རིང་། ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་དང་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ལག་བསྟར་བྱེད་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་རྒྱུ་མཐའ་འཁྱོངས་བཅས་བྱས་ནས། ཆོས་ལུགས་འཆམ་མཐུན་དང་། སྤྱི་ཚོཊ་ཞི་མཐུན། མི་རིཊ་འཆམ་མཐུན་བཅས་ལ་སྐུལ་འདེད་བཏང་བ་རེད། རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་མུ་མཐུད་ནས་དར་སྤེལ་བཏང་སྟེ་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།
ཚོགས་འདུའི་ཐོག བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་མིས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། ཇི་ལྟར་བྱས་ནས་ལྷ་སའི་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་བའི་གཙོ་དོན་ལ་དམིཊ་ནས་སྤེལ་རེས་གནང་བ་རེད།
ཀྲའོ་ཧུའེ་ཉན་གྱིས་བསྟན་དོན། ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་དེ་1984ལོར་བཙུགས་པ་ནས་བཟུང་། ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། གྲོང་ཁྱེར་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣར་མཐུན་སྒྲིལ་དང་སྣེ་ཁྲིད། མི་རིཊ་ཁག་གི་ལས་བྱེད་མང་ཚོགས་དང་ཕྱར་བ་གྲུ་འདེགས་བཅས་བྱས་ནས་རང་རྟོཊ་ངང་ཁྱོན་ཡོངས་ལ་ཞབས་འདེཊ་ཞུས་ཏེ་ལྷ་སའི་ཆབ་སྲིད་བརྟན་ལྷིང་དང་། སྤྱི་ཚོགས་ཞི་མཐུན། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན་བཅས་ཀྱི་རྣམ་པ་ཧ་ཅང་བཟང་པོར་ལེཊ་སྐྱེས་ཧུར་ཐག་ཕུལ་ཡོད།
ཀྲའོ་ཧུའེ་ཉན་གྱིས་ནན་གསུངས་གནང་དོན། ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱིས་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་དུ་གཏོང་བ་དང།གཏན་འཁེལ་གཉིས་ལ་ལྷག་བསམ་རྣམ་དག་ངང་བརྩི་བཀུར་ཞུས་ཏེ།སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱེད་དགོས། མཐུན་སྒྲིལ་འབད་འཐབ་ཀྱི་དུས་རབས་ཀྱི་བླང་བྱ་ཁོང་དུ་ཆུད་པར་བྱས་ཏེ། མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ། མཐུན་སྒྲིལ་འབད་འཐབ་ཀྱི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱེད་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ། ཕན་འདོགས་པ་ལྔའི་ཚད་གཞིར་བརྟེན་ནས་མོས་སེམས་ལྔ་ཟབ་ཏུ་བཏང་ནས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་དགོས།རང་ཚུགས་དང་།རང་བདག རང་གཉེར་བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་ཁྲིམས་ལྟར་ཆོས་ལུགས་གཉེར་བ་དང་། ཆོས་ལུགས་ནན་པོས་སྐྱོང་བ། ཆོས་ལུགས་ཀྱི་སྤྱོད་ཚུལ་དང་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དོ་དམ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། ཚན་རིག་ཅན་བཅས་མངོན་འགྱུར་ཡོང་བ་བཅས་བྱེད་དགོས། རང་སྐྱོང་ལྗོངས་ཏང་ཨུད་དང་གྲོང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་གཏིང་ཟབ་བྱས་ཏེ་དོན་ཆེན་བཞིར་དམིགས་པ་དང་། འཛུགས་གཏོད་བཞིར་ཤུགས་སྣོན་རྒྱག་པ།གདོང་དམག་མདུན་ཡག་པོ་བྱེད་པའི་འབད་འཐབ་དམིགས་ཚད་ལ་དམིགས་པ།གྲོང་ཨུད་ཀྱི་རྩ་དོན་ལྔ་དང་འཐབ་ཇུས་བཞིར་དམ་པོར་དམིགས་པ་བཅས་བྱས་ནས་ལྷ་ས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社