分享按钮

སྐྱིད་པའི་བོད་ལྗོངས།

གངས་རི་དཀར་ལ་ཆུ་མོ་དྭངས་པ་དང་།

རྩྭ་ཐང་ཡངས་ལ་ནགས་ཀློང་སྟུག་པ་དང་།

ཉི་འོད་འཇམ་ལ་མཁའ་རླུང་གཙང་བ་སོགས།།

བོད་ལྗོངས་ཕྱུག་མོ་སེམས་ཀྱི་གནས་མལ་ཡིན།

འགྲོ་ལམ་བདེ་ལ་རླངས་འཁོར་ཡག་པ་དང་།།

ཁང་བཟང་མཐོ་ལ་བཟོ་བཀོད་མཛེས་པ་དང་།།

ཚོང་སྣ་འཛོམས་ལ་འཚོ་ཐབས་སྐྱིད་པ་སོགས།།

བོད་ལྗོངས་ཕྱུག་མོ་སེམས་ཀྱི་གནས་མལ་ཡིན།།

དུས་ནམ་བདེ་ལ་མི་རྣམས་འཆམ་པ་དང་།།

ཁོར་ཡུག་གཙང་ལ་སྒྲིག་ཆས་ལེགས་པ་དང་།།

ཟས་སྣ་འཛོམས་ལ་ཟས་རྒྱུ་དག་པ་སོགས།།

བོད་ལྗོངས་ཕྱུག་མོ་སེམས་ཀྱི་གནས་མལ་ཡིན།།

དྲིན་གཟོ་ཤེས་ལ་བློ་རྩ་བརྟན་པ་དང་།།

མི་གཤིས་འཇམ་ལ་མི་རྒྱུད་དྲང་བ་དང་།།

ཕྱི་ཐག་རིང་ལ་ཁྲེལ་གཞུང་ཆེ་བ་སོགས།།

བོད་ལྗོངས་ཕྱུག་མོ་སེམས་ཀྱི་གནས་མལ་ཡིན།།

ན་ཚོད་གཞོན་པར་སློབ་ར་གང་མཛེས་དང་།།

ན་སོ་རྒན་པར་འཚོ་རྟེན་གང་བཟང་དང་།།

ན་ཚ་དྲག་པོར་གསོ་བཅོས་གང་འཛོམས་སོགས།།

བོད་ལྗོངས་ཕྱུག་མོ་སེམས་ཀྱི་གནས་མལ་ཡིན།།

སྔར་གྱི་རིག་གནས་རྒྱུན་འཛིན་ལེགས་པ་དང་།།

སྔར་གྱི་གནའ་ཤུལ་སྲུང་སྐྱོབ་བཟང་བ་དང་།།

སྔར་དང་ད་ལྟའི་མཐུན་སྦྱོར་འགྲིག་པ་སོགས།།

བོད་ལྗོངས་ཕྱུག་མོ་སེམས་ཀྱི་གནས་མལ་ཡིན།།

ཕྱི་ཡི་ལོངས་སྤྱོད་ནང་གི་བསམ་བློ་དང་།།

སྤྱི་ཡི་བདེ་འཇགས་སྒེར་གྱི་ཆ་རྐྱེན་སོགས།།

འགྲོ་འདུག་ཉལ་གོས་སྤྱོད་ལམ་གང་ཡིན་རུང་།།

སྲིད་ཇུས་བཟང་པོས་བསྐྱེད་པ་ཤེས་རྒྱུ་གལ།།

བཀྲ་བཟང་།

བོད་ལྗོངས་ལྷོ་ཁ་ཟངས་རི་རྫོང་རོང་ཤང་སློབ་ཆུང་།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-03 6 6 拉萨日报藏文 c190340.html 1 སྐྱིད་པའི་བོད་ལྗོངས། /enpproperty-->