ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་10ཚེས་30ཉིན། རང་སྐྱོང་ལྗོངས་རིག་གནས་ཡུལ་སྐོར་ཐིང་གིས་གཉེར་འགན་ཁུར་བའི་རིག་གནས་འཆད་འཁྲིད་ཆེན་མོའི་སློབ་ཚན་གཉིས་པ་དེ་བོད་ལྗོངས་ཟློས་གར་ཁང་ཆེན་མོའི་ཟློས་གར་ཁང་ཆུང་ངུའི་ནང་འགོ་ཚུགས་ཤིང་། ཐེངས་འདིའི་འཆད་འཁྲིད་ཐོག རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ་བ་ཆོས་འཛོམས་ལགས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་ཏུ་གཏོང་དགོས་པའི་ཐད་འཆད་འཁྲིད་གནང་བ་རེད། ལྗོངས་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ་བ་200ལྷག་ཙམ་ཞུགས་ཡོད།
སྒྲོག་འགྲེལ་བྱེད་རིང་། རྒན་ཆོས་འཛོམས་ལགས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་ནང་དོན་ཟབ་མོ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་དོན་སྙིང་གལ་ཆེན། ཇི་ལྟར་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་བཅས་ཕྱོགས་གསུམ་ལ་དམིགས་ནས་ཆེད་དོན་འཆད་ཁྲིད་གནང་སྟེ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་ནང་དོན་ཟབ་མོ་སྔར་བས་ཤེས་རྟོགས་ཐུབ་པར་བྱས་ནས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་མོ་ལྡན་པར་བྱས་པ་རེད།
རང་ལྗོངས་ཀྱི་རིག་གནས་འཆད་འཁྲིད་ཀྱིས་རིག་གནས་ལ་བརྟེན་ནས་ཡུལ་སྐོར་གཏོད་པ་དང་། ཡུལ་སྐོར་ལ་བརྟེན་ནས་རིག་གནས་དར་སྤེལ་གཏོང་བའི་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཛིན་བྱེད་ཀྱི་ཡོད་ཅིང་། དེའི་དམིགས་ཡུལ་ནི་གྲགས་ཅན་རིག་གནས་མཁས་དབང་དང་སྒྱུ་རྩལ་མཁས་ཅན་སོགས་གདན་དྲངས་ནས་ཀུན་ལ་བོད་ཀྱི་རིག་གནས་ཤེས་རྟོགས་དང་བོད་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་རོལ་བྱེད་པའི་སྟེགས་བུ་ཞིག་མཁོ་འདོན་བྱ་ཆེད་ཡིན་པ་རེད།
རང་སྐྱོང་ལྗོངས་རིག་གནས་ཡུལ་སྐོར་ཐིང་རིག་གནས་མཉམ་འདྲེས་འཕེལ་རྒྱས་ཁྲུའུ་ཡི་ཁྲུའུ་ཀྲང་ཧྥེང་ན་ན་ཡིས་བོད་ཀྱི་རིག་གནས་འཆད་འཁྲིད་ཆེན་མོའི་དྲ་ཕྱིའི་ཡོངས་བསྒྲགས་སློབ་ཚན་འཚོགས་པ་ནི་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སེམས་གསོའི་འདུ་འགོད་ལག་བསྟར་གཏིང་ཟབ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན། བོད་ཀྱི་རིག་གནས་འཆད་འཁྲིད་ཆེན་མོའི་དྲ་ཕྱིའི་ཡོངས་བསྒྲགས་སློབ་ཚན་དེ་ཟླ་12པའི་ཟླ་དཀྱིལ་བར་རྒྱུན་མཐུད་རྒྱུ་དང་། དེའི་ནང་ང་ཚོས་ད་དུང་འཆད་འཁྲིད་ཀྱི་སློབ་ཚན་30ཙམ་བཀོད་སྒྲིག་བྱས་ཡོད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཡུལ་དངོས་སུ་འབྲེལ་ཡོད་འཆད་འཁྲིད་ལ་གསན་པར་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཤད། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社