(པར་ངོས་དང་པོར་མཐུད)སྐབས་གསར་པའི་ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་ཚན་ཁག་གི་ཁོངས་མིར་བཀྲ་ཤིས་བདེ་ལེགས་ཞུས་པར་མ་ཟད།གྲོང་ཁྱེར་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣ་དང་དགོན་སྡེའི་གྲྭ་བཙུན་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུས་ཡོད། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཆོས་ལུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་འདུ་ཤེས་གསར་པ་དང་བྱེད་ཐབས་གསར་པ་རབ་དང་རིམ་པ་བཏོན་གནང་བ་དང་།དུས་རབས་གསར་པར་ཆོས་ལུགས་ལ་ངོས་འཛིན་ཇི་ལྟར་བྱ་རྒྱུ་དང་།ཆོས་ལུགས་ཀྱི་གནད་དོན་ཐག་གཅོད་ཇི་ལྟར་བྱ་རྒྱུ།ཏང་གི་ཆོས་ལུགས་ལས་དོན་ཇི་ལྟར་ཡག་པོ་བསྒྲུབ་རྒྱུ་སོགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བསྐྱོན་གནང་ཡོད་པས་དེ་ནི་ང་ཚོས་དུས་རབས་གསར་པར་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་རྒྱུར་མཛུབ་ཁྲིད་བྱེད་པའི“རྩ་བ”དང“བླ་སྲོག”ཀྱང་ཡིན། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་འགོ་ཁྲིད་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་མཐའ་གཅིག་ཏུ་མིག་ལྟོས་ཚད་གཞིར་འཛིན་པ་དང་།བཟང་པོ་བཞི་ལྡན་གྱི་གྲྭ་བཙུན་ཞིག་ཏུ་བརྩོན་ལེན་བྱེད་པ་དང་འདུ་ཤེས་གསུམ་གྱི་སློབ་གསོ་སྤེལ་བའི་ལས་དོན་གྱི་དམ་འཛིན་བྱ་གཞི་ཁ་གསལ་བཟོས་ཏེ་དུས་རབས་གསར་པའི་བོད་ཀྱི་ཆོས་ལུགས་ལས་དོན་ཡག་པོ་བསྒྲུབ་རྒྱུར་གནད་ལ་འཁེལ་བའི་མཛུབ་ཁྲིད་གནང་ཡོད་ཅེས་གསུངས།
ཤའོ་ཡིའུ་ཚའེ་ཡིས་དུས་རབས་གསར་པས་བྱས་རྗེས་གསར་པ་འཇོག་དགོས་པའི་འབོད་སྐུལ་བྱས་པས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་འགན་འཁྲི་གསར་པ་འཁུར་དགོས། ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱིས་རང་འགུལ་ངང་འགྱུར་ལྡོག་ལ་དབྱེ་འབྱེད་དང་། བློ་འདོམས། སྟབས་བསྟུན་བཅས་བྱས་ཏེ་རང་ངོས་སྒྱུར་བཅོས་ཀྱི་བློ་སྟོབས་འཕེལ་བར་བྱེད་པ་དང་ཟམ་པ་དང་སྒྲོག་ཐག་ལྟ་བུའི་འབྲེལ་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣ་དང་དགོན་སྡེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་བྱེད་པའི་ནང་ཧུར་ཐག་ཞུགས་རྒྱུའི་ཐུགས་རེ་གནང་བ་རེད།
ཏང་ལ་ལྷག་བསམ་རྣམ་དག་གིས་བརྩི་བཀུར་ཞུ་མཁན་ཞིག་བྱེད་དགོས།དེ་ཡང་གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས་འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་། གདེང་ཚོད་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་བསམ་བློ་དང་བྱ་སྤྱོད་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས།
མཐུན་སྒྲིལ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་མཁན་ཞིག་ཏུ་བརྩོན་ལེན་བྱེད་དགོས།དེ་ཡང་མཐུན་སྒྲིལ་དང་བརྟན་ལྷིང་ནི་བདེ་སྐྱིད་ཡིན་པ་དང་། ཁ་ཕྲལ་དང་ཟིང་ཆ་ནི་ཆག་སྒོ་ཡིན་པའི་གནས་ལུགས་ལ་ངོས་འཛིན་གསལ་པོ་ཐུབ་པར་བྱས་ནས་དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་དང་།མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ།མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་དང་བརྟན་ལྷིང་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས།
ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ལག་ལེན་པ་ཞིག་ཏུ་བརྩོན་ལེན་བྱེད་དགོས།དེ་ཡང་མོས་སེམས་ལྔ་ཟབ་ཏུ་གཏོང་རྒྱུ་དམིགས་ཚད་དུ་བྱས་ཏེ་རང་རྟོགས་ངང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་བརྟེན་ནས་བོད་བརྒྱུད་ནང་བསྟན་གྱི་གསོན་ཤུགས་འཕེལ་བར་བྱེད་པ་དང་། སྒྱུར་བཅོས་གསར་གཏོད་དང་དུས་བསྟུན་འཕེལ་རྒྱས་ཀྱི་ཐོག་ནས་འཆད་འགྲེལ་བྱས་ཏེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།
སློབ་གསོ་ནན་པོར་སྐྱོང་བའི་གཞུང་དྲང་དོན་གཉེར་པ་ཞིག་ཏུ་བརྩོན་ལེན་བྱེད་དགོས། དེ་ཡང་སྡོམ་ཁྲིམས་དགེ་རྒན་དུ་བརྩི་བའི་སྲོལ་རྒྱུན་རྒྱུན་འཛིན་དང་།གྲོན་ཆུང་ལ་དང་དོད་དང་རྒྱས་སྤྲོས་ལ་ངོ་རྒོལ་བྱེད་པའི་སྤྱོད་བཟང་དར་སྤེལ།སྡོམ་ཁྲིམས་ལ་བརྟེན་ནས་གྲྭ་བཙུན་རྣམ་དག་ཅིག་བྱེད་པ། ཀུན་སྤྱོད་ཚད་ལྡན་དུ་གཏོང་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ་བོད་བརྒྱུད་ནང་བསྟན་གྱི་རྣམ་པ་བཟང་པོ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།
ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་དཔེ་སྟོན་པ་ཞིག་ཏུ་བརྩོན་ལེན་བྱེད་དགོས།དེ་ཡང་བདག་པོའི་རྣམ་པའི་ཐོག་ནས་ལྷ་ས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལག་ལེན་ནང་ཧུར་ཐག་ཞུགས་ཏེ་གདོང་དམག་བདུན་ཡག་པོ་བྱེད་པ་དང་། རྩ་དོན་ལྔ་ལག་ལེན་བསྟར་བ། འཐབ་ཇུས་ཆེན་པོ་བཞི་ལག་ལེན་བསྟར་བ་བཅས་ཀྱི་ཁྲོད་ལེགས་སྐྱེས་མང་ཙམ་འབུལ་དགོས་པ་བཅས་ཀྱི་ནན་གསུངས་གནང་ཡོད།
ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱིས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ལས་ཀའི་འཇོན་ཐང་ཆེ་རུ་གཏོང་རྒྱུར་སྣང་ཆེན་བྱེད་དགོས་ལ། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཀྱང་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ལས་དོན་ལ་སྔར་རྒྱུན་བཞིན་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཕྱོགས་ཁག་གི་འགན་ལེན་དོན་ཐོག་ཏུ་འཁྱོལ་བ་དང་ཕྱོགས་ཁག་གི་རེ་ཞུ་ཐག་གཅོད་ཡག་པོ་བྱེད་དགོས་པའི་ནན་གསུངས་གནང་ཡོད།
གྲོང་ཁྱེར་གྱི་འགོ་ཁྲིད་ཀྲའོ་ཧུའེ་ཉན་དང་། འཇམ་དབྱངས་བློ་གྲོས།ཀྲང་ཁྲུན་དབྱང་།སྐལ་བཟང་ཚེ་བརྟན།ཀྲང་ཡུང་ལིན།ཀའོ་ཅུན་བཅས་ཞུགས་པ་དང་། ངག་དབང་ཆོས་འཛིན་དང་། མཁྱེན་རབ་བློ་གྲོས། བཀྲ་ཤིས་རྒྱལ་མཚན་སོགས་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་མི་ཚོས་གཏམ་བཤད་གནང་བ་རེད།(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社