(པར་ངོས་དང་པོར་མཐུད)དངོས་ཐོག་བདེན་འཚོལ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་དགོས་ཞེས་ནན་གསུངས་གནང་བ་རེད།
སྟོད་ལུང་བདེ་ཆེན་ཆུས་གཙང་འགྲམ་ལམ་བྱང་ངོགས་ཀྱི་འཛུགས་སྐྲུན་རྣམ་གྲངས་ས་ཚིགས་སུ་ཕེབས་སྐབས།ཝང་ཆང་གིས།རྣམ་གྲངས་འཛུགས་སྐྲུན་འཕེལ་རིམ་གྱི་སྙན་ཞུར་ནན་ཏན་ངང་གསན་ནས་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་དང་། རྒྱུ་རྐྱེན་གཙོ་བོ་འགན་ལེན། འགག་གནད་ཀྱི་དཀའ་གནད་བཅས་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་སྟོད་ལུང་བདེ་ཆེན་ཆུས་ཀྱིས་བསམ་བློར་བཅིངས་འགྲོལ་གཏོང་བ་དང་། ལྟ་བ་གསར་བརྗེས་བྱེད་པ། རྣམ་གྲངས་དོ་དམ་ནན་པོ་བྱེད་པ། གནད་ཆེའི་རྒྱུ་རྐྱེན་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། མ་འཇོག་གི་ཕན་འབྲས་ཆེ་རུ་གཏོང་བ། དུས་ཚོད་ཀྱི་མཚམས་ཚིགས་ལ་དམ་པོར་དམིགས་པ། རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་གཏོང་བ་བཅས་བྱས་ནས་རྣམ་གྲངས་སྔ་ཙམ་སྐྲུན་ཐུབ་པ་དང་ཕན་པ་ཐོབ་པ་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།
དེ་རྗེས་ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དུ་ཕེབས་ཏེ་དཔྱད་གཞིའི་ཡིག་རིགས་དང་རྩིས་ཁྲར་གཟིགས་ནས་ཕྱི་ཕྱོགས་ཚོང་དོན་གྱི་བྱ་དགའ་དང་ཁ་གསབ་མ་དངུལ་དོན་འཁྱོལ་བྱེད་ཚུལ་དང་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གྱི་ཕྱིར་འཚོང་ས་ཚིགས་ལ་སྐུལ་འདེད་གཏོང་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་ས་ཁོངས་ཀྱི་ལེགས་ཆ། ནུས་པའི་ལེགས་ཆ་བཅས་འདོན་སྤེལ་གང་ལེགས་བྱས་ནས་བྱ་དགའ་དང་ཁ་གསབ་སྤྲོད་རྒྱུ་དུས་ཐོག་ཏུ་དོན་འཁྱོལ་བྱེད་པ་དང་། ཞབས་ཞུའི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ། ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ་བཅས་བྱས་ནས་ཞབས་ཞུ་སྤུས་ལེགས་དང་ཁོར་ཡུག་རྩེ་གྲར་བརྟེན་ནས་ཁེ་ལས་དེ་བས་མང་བ་ཁྲལ་སྲུང་ཁུལ་དུ་གཞིས་ཆགས་རྒྱུའི་ཡིད་དབང་བཀུག་སྟེ་ལྗོངས་ཡོངས་ཀྱི་ཕྱི་ཕྱོགས་སྒོ་དབྱེའི་གཡུལ་ས་གཙོ་བོ་དང་། གཙོ་ཤུགས་དམག་ཏན་ཏིག་གཏོད་དགོས་པའི་ནན་གསུངས་གནང་བ་རེད།
ལྷ་སའི་ཝང་ཧྥུ་ཅིང་ཉོ་སྒྲུབ་ལྟེ་གནས་རྣམ་གྲངས་ཀྱིས་ཚ་ཚ་འུར་འུར་ངང་མཇུག་བསྡུའི་ལས་དོན་ཁག་སྤེལ་བཞིན་ཡོད་པ་རེད། རྣམ་གྲངས་སྐྲུན་ཡུལ་དུ་ཝང་ཆང་གིས། ཡུལ་དངོས་སུ་གཟིགས་ཞིབ་དང་རྣམ་གྲངས་འཛུགས་སྐྲུན་གྱི་གནས་ཚུལ་བཀའ་འདྲི་དང་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཝང་ཧྥུ་ཅིང་ཉོ་སྒྲུབ་ལྟེ་གནས་རྣམ་གྲངས་འཛུགས་སྐྲུན་བྱས་པ་དེས་འཛད་སྤྱོད་ལས་རིགས་ཕུན་སུམ་ཚོགས་སུ་གཏོང་བ་དང་། གྲོང་ཁྱེར་གྱི་ཚོང་ར་གཏོད་པ། ཁྲོམ་རའི་གསོན་ཤུགས་འཕེལ་བ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་། ཚད་གཞི་དང་ཆུ་ཚད་མཐོ་བའི་གཉེར་སྐྱོང་། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན། རྣམ་གྲངས་དོ་དམ་ཚད་ལྡན་བཅས་ཡོང་བ་བྱས་ནས་ཝང་ཧྥུ་ཅིང་ཉོ་སྒྲུབ་ལྟེ་གནས་དེ་རྩེར་སོན་གྱི་ཚོང་ལས་ཕྱོགས་བསྡུས་དངོས་ཚན་ཞིག་ཏུ་འགྱུར་བ་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།
བརྟག་ཞིབ་གནང་རིང་ཁོང་གིས་མཐོ་གསར་ཁུལ་གྱིས“མཐོར་གཏོང”དང“གསར་པ”ཞེས་པར་དམིགས་ནས་འབྱུང་འགྱུར་ལ་བློ་ཁོག་དེ་བས་ཆེ་བ་དང་། བྱ་ཐབས་དེ་བས་མང་བ། གོམ་སྟབས་དེ་བས་མགྱོགས་པ་བཅས་བྱས་ཏེ།མཐོ་གསར་ཁུལ་འདི་ཉིད་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བའི་ཚད་ཤིང་ཞིག་ཏུ་འགྱུར་བ་བྱེད་དགོས། འབྱུང་ཁམས་མཛེས་ལྗོངས་དང་གྲོང་ཁྱེར་འཛུགས་སྐྲུན་གཉིས་ཟུང་འབྲེལ་དམ་ཟབ་བྱས་ཏེ།རྨང་གཞིའི་སྒྲིག་བཀོད་དང་།སྐྱེད་ཚལ་སྔོ་འགྱུར། སྤྱི་པའི་ཞབས་ཞུ་བཅས་ལེགས་སུ་དང་མཐོར་གཏོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། བློ་རྩེ་གཅིག་སྒྲིམ་ངང་མེ་ཏོག་ལྡུམ་རའི་གྲོང་ཁུལ་གཏོད་པ། གྲོང་ཁྱེར་གྱི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ཏེ།མང་ཚོགས་ཀྱི་ཐོབ་སྣང་སྔར་བས་མང་བ་དང་།སྐྱིད་སྣང་སྔར་བས་རྒྱུན་སྲིང་ཐུབ་པ།བདེ་སྣང་སྔར་བས་འགན་ལེན་ཐུབ་པ་བཅས་བྱེད་དགོས།སྲིད་ཇུས་སྣ་ཚོགས་བེད་སྤྱོད་གང་ཐུབ་དང་།བེད་སྤྱོད་གང་ལེགས།སྟབས་བསྟུན་བེད་སྤྱོད་བཅས་བྱེད་པ་དང་། དུས་ཡུན་ལས་བརྒལ་བའི་དམིགས་བསལ་གྱི་རྒྱལ་བུན་སོགས་ཀྱི་མ་དངུལ་གྱི་རྒྱབ་སྐྱོར་ཐོབ་རྒྱུར་བརྩོན་ལེན་ཧུར་ཐག་བྱས་ཏེ། དཔལ་འབྱོར་སྤུས་ཚད་མཐོན་པོའི་ངང་ནས་འཕེལ་རྒྱས་ཡོང་བར་ནུས་པ་གསོག་དགོས་ཞེས་ནན་གསུངས་གནང་བ་རེད།
(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社