ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་10པའི་ཚེས་31ཉིན། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུ་ཐེངས་ཉེར་ལྔ་པ་འཚོགས་པ་རེད།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧེ་ཕུང་གི་བཀའ་མངགས་ལྟར་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཡུང་ལིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག གོ་གནས་བསྐོ་གཞག་དང་གོ་གནས་འཐེན་རྒྱུའི་སྐོར་གྱི་གསལ་བཤད་ལ་གསན་རྗེས། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ལྷན་གྱི་ཨུ་ཡོན་གྱི་མཚན་ཐོའི(འཆར་ཟིན)སྐོར་གྱི་གསལ་བཤད་དང་། 《ལྷ་ས་གྲོང་ཁྱེར་གྱི་ཆུ་མཁོ་འདོན་དང་བེད་སྤྱོད་བྱེད་པའི་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》གི་གྲོས་ཞིབ་བསམ་འཆར་སྐོར་གྱི་སྙན་ཞུ། 《ལྷ་ས་གྲོང་ཁྱེར་གྱི་རྒྱལ་གཅེས་འཕྲོད་བསྟེན་དོ་དམ་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》གི་ཞིབ་བཤེར་བསམ་འཆར་སྐོར་གྱི་སྙན་ཞུ། ལྷ་ས་གྲོང་ཁྱེར་གྱི་2024ལོའི་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་ཐེངས་གཉིས་པའི་ཇུས་གཞིར་ཞིབ་བཤེར་བྱས་འབྲས་སྐོར་གྱི་སྙན་ཞུ་སོགས་ལ་གསན་པ་དང་འབྲེལ་ཞིབ་འཇུག་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་ལྔ་པ་དེ་ཟླ་11ཚེས་4ནས་5བར་འཚོག་རྒྱུའི་གཏན་འབེབས་བྱས་པ་རེད།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲེང་ཝུའེ་གོ་དང་། ཕེང་ཧྥེ་ཡུའེ། ཟླ་བ་བཅས་དང་། དེ་བཞིན་དྲུང་ཆེ་ཧོའུ་ཅིང་ཧྭ་ཚོགས་འདུར་ཞུགས་ཡོད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社