分享按钮

ཉེ་བའི་ལོ་བཅུའི་རིང་རང་ལྗོངས་ཀྱིས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ཐད་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་1215.24བཏང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉིན་ཤས་གོང་གསར་འགོད་པས་བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་འཚོགས་པའི་ལྗོངས་ཡོངས་ཀྱི་ཡག་པོ་བཞིའི་གྲོང་གསེབ་ལམ་བུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྙན་ལམ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་བའི་ལོ་བཅུའི་རིང་རང་ལྗོངས་ཀྱིས་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་ཐད་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་1215.24བཏང་བ་དང་།2023ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་གྲོང་གསེབ་གཞུང་ལམ་གྱི་ལམ་ཚད་སྤྱི་ལེ་ཁྲི་9.3ཟིན་པ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་ཚན་པས་འབྱོར་འབྲིང་གི་ལམ་དུ་འགྲིམ་འགྲུལ་གྱིས་རྐྱེན་པས་ས་ཆ་གང་ཞིག་ཀྱང་རྗེས་སུ་མི་ལུས་པ་བྱ་རྒྱུའི་བརྗིད་ཉམས་ལྡན་པའི་ཁས་ལེན་ལེགས་སྒྲུབ་བྱས་པ་རེད།

ཚོགས་འདུའི་ཐོག་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་སོགས་རྫོང་གི་འབྲེལ་ཡོད་འགན་འཁུར་བས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་དང་། དོ་དམ། བདག་སྐྱོང་། སྐྱེལ་འདྲེན། འགྲིམ་འགྲུལ་དང་སྦྲག་སྲིད་མཉམ་འདྲེས་བཅས་ལ་དམིགས་ནས་སྤེལ་རེས་བྱས་པ་རེད། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཏང་ཙུའི་ཧྲུའུ་ཅི་དང་ཐིང་ཀྲང་གཞོན་པ་ཟླ་བ་དངོས་གྲུབ་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། རང་ལྗོངས་ཀྱིས་གྲོང་གསེབ་ཀྱི་གཞུང་ལམ་སྐྱེལ་འདྲེན་ཞབས་ཞུའི་སྤུས་ཚད་མུ་མཐུད་ནས་མཐོ་རུ་བཏང་ཡོད། གྲོང་གསེབ་ཀྱི་གཞུང་ལམ་སྐྱེལ་འདྲེན་ཞབས་ཞུའི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ས་གནས་སྲིད་གཞུང་གིས་བྱེད་པོའི་འགན་འཁྲི་དོན་འཁྱོལ་དང་། གྲོང་གསེབ་ཀྱི་འགྲུལ་སྐྱེལ་ཁ་གསབ་མ་དངུལ་གང་ལེགས་སྤྱད་དེ་གྲོང་གསེབ་ཀྱི་འགྲུལ་སྐྱེལ་ཐད་ཤར་གཏོང་ཐུབ་པ་དང་གནས་ཐུབ་པའི་འགན་ལེན་བྱས་པའི་ཁར་ཡུལ་བབ་དང་བསྟུན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྲུལ་སྐྱེལ་དེ་སྤྱི་སྤྱོད་འགྲིམ་འགྲུལ་ཅན་དུ་སྒྱུར་བཀོད་དང་གྲོང་ཁྱེར་གྱི་སྤྱི་སྤྱོད་འགྲིམ་འགྲུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད། གྲོང་གསེབ་ཀྱི་འགྲུལ་ཟོག་སྦྲག་གསུམ་མཉམ་འདྲེས་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་གྲོང་གསེབ་ཀྱི་ཟོག་འགྲེམས་ས་ཚིགས་ཀྱི་དྲ་རྒྱ་འཛུཊ་སྐྲུན་འཐུས་ཚང་དུ་གཏོང་བ། གྲོང་གསེབ་ཀྱི་ཟོག་འགྲེམས་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འགྲིམ་འགྲུལ་དང་། སྦྲག་སྲིད། མཁོ་འཚོང་། ཚོང་དོན་སོགས་ཚན་པའི་དབར་མཐུན་སྦྱོར་གཞོཊ་འདེཊ་བྱེད་པའི་ལམ་སྲོལ་འཛུཊ་པ་དང་འཐུས་ཚང་དུ་གཏོང་བ། བཀོད་སྒྲིག་ལུཊ་མཐུན་དང་ནུས་པ་འཐུས་ཚང་གི་ཤང་གྲོང་གི་འགྲུལ་སྐྱེལ་དང་།ཟོག་སྐྱེལ།སྦྲག་སྐྱེལ་བཅས་ཀྱི་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་མ་ལག་འཛུགས་སྐྱོང་བྱེད་པ། གྲོང་གསེབ་ཀྱི་འགྲུལ་སྐྱེལ་རླངས་འཁོར་གྱིས་སྦྲག་བསྐུར་ཚབ་སྐྱེལ་བྱེད་ཚད་མགྱོཊ་སུ་གཏོང་བ་བཅས་བྱས་ཏེ་གྲོང་གསེབ་ཀྱི་འགྲུལ་སྐྱེལ་དང་། ཟོག་འགྲེམས་སྡེབ་སྐྱེལ། སྦྲག་སྲིད་མྱུར་སྐྱེལ་སོགས་ཀྱི་ཆ་འཕྲིན་མཉམ་འདྲེས་མཉམ་སྤྱོད་ལ་སྐུལ་འདེད་བཏང་སྟེ་དཔེ་གཞིར་བྱེད་ཆོག་པ་དང་ཁྱབ་གདལ་དུ་གཏོང་ཆོག་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གཞི་གཅིག་ཅན་གྱི་འཕེལ་རྒྱས་གཏོང་སྟངས་དང་།དེ་བཞིན་ལག་བསྟར་ཐབས་ལམ་ཞིག་ཆཊ་རྒྱུར་དཔེ་སྟོན་སྣེ་ཁྲིད་དང་འཚོལ་ཞིབ་བྱས་ཡོད།

ཟླ་བ་དངོས་གྲུབ་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་10ནི་གྲོང་གསེབ་ཀྱི་གཞུང་ལམ་དྲ་བ་འཛུགས་སྐྲུན་དང་ཤར་གཏོང་ཐུབ་ཚད་ཆེས་ཆེར་མཐོ་རུ་ཕྱིན་པའི་ལོ་ཞིག་10ཡིན་པ་སྟེ། ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ཐད་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་1215.24བཏང་ནས་ལམ་ཐག་སྤྱི་ལེ་ཁྲི་5.87གསར་དུ་བསྐྱར་སྐྲུན་བྱས་པ་དང་། ཤང་དང་གྲོང་རྡལ་6དང་།སྲིད་འཛིན་གྲོང་ཚོ་338ལ་གཞུང་ལམ་ཤར་གཏོང་ཐུབ་པ། ལྗོངས་ཡོངས་ཀྱི་ཤང་དང་།གྲོང་རྡལ།སྲིད་འཛིན་གྲོང་ཚོར་བཅས་ལ་གཞུང་ལམ་ཤར་གཏོང་ཐུབ་ཚད་བརྒྱ་ཆ་100ཟིན་ཡོད། ཤང་གྲོང་348དང་སྲིད་འཛིན་གྲོང་ཚོ་3682ལ་ཨར་འདམ་ལམ་ཤར་གཏོང་ཐུབ་ནས་ཤང་གྲོང་དང་སྲིད་འཛིན་གྲོང་ཚོར་ཤར་བགྲོད་ཐུབ་ཚད་ཁག་སོ་སོར་བརྒྱ་ཆ་95.55དང་བརྒྱ་ཆ་82.6ཟིན་ཡོད། གྲོང་གསེབ་ཀྱི་གཞུང་ལམ་གྱི་ཚེ་སྲོག་གི་བདེ་འཇགས་ལས་གྲྭ་ལག་བསྟར་གཏིང་ཟབ་བྱས་པ་དང་། གྲོང་གསེབ་ཀྱི་ཉེན་ཆེའི་ཟམ་པ་442སྒྱུར་བཀོད་བྱས་ནས་ཚེ་སྲོག་གི་བདེ་འཇགས་ལས་གྲྭ་སྤྱི་ལེ་ཁྲི་2.31འཛུགས་སྐྲུན་བྱས་ཏེ་གྲོང་གསེབ་གཞུང་ལམ་གྱི་སྒྲིག་བཀོད་ཞབས་ཞུ་དང་བདེ་འཇགས་འགན་ལེན་གྱི་ནུས་པ་སྔར་བས་ཆེ་རུ་བཏང་ཡོད། ལོ་10ནི་གྲོང་གསེབ་ཀྱི་གཞུང་ལམ་དོ་དམ་དང་བདག་སྐྱོང་ཐད་རྒྱུན་མཐུད་རིམ་སྤོར་བྱུང་བ་དང་།ཞིང་འབྲོག་ཁུལ་གྱི་ཕྱིར་སྐྱོད་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་པའི་ལོ་10ཡིན་པ་སྟེ། གྲོང་གསེབ་ཀྱི་གཞུང་ལམ་དོ་དམ་སྲུང་སྐྱོང་གི་སྒྲིག་གཞི་སྒྱུར་བཅོས་མུ་མཐུད་ནས་གཏིང་ཟབ་ཏུ་བཏང་བ་དང་། གྲོང་གསེབ་ཀྱི་གཞུང་ལམ་སྲུང་སྐྱོང་གི་ཁ་གསབ་མ་དངུལ་གྱི་ཚད་གཞི་ཆེས་ཆེར་མཐོ་རུ་བཏང་བ། སྒྱུར་བཅོས་ཀྱི་སྲིད་ཇུས་དང་བྱེད་ཐབས་ཁག་དོན་འཁྱོལ་བྱ་རྒྱུར་སྣེ་ཁྲིད་དང་སྐུལ་འདེད་གཏོང་བའི་ཚོད་ལྟའི་ལས་དོན་སྤེལ་བ། ལྗོངས་ཡོངས་སུ་བདག་སྐྱོང་ཀུང་སི་97བཙུགས་ཡོད། གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་བྱེད་སྟངས་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་། ལམ་ངོས་རང་འགུལ་ཅན་གྱི་ཞིབ་བཤེར་ཚད་ལེན་ལ་སྐུལ་འདེད་བརྟན་པོ་ཐེབས་པ། བདག་སྐྱོང་ཚན་རིག་དང་མཐུན་པའི་ཐབས་ཇུས་མ་ལག་རགས་ཙམ་བཙུགས་པ། ལམ་ངོས་ཀྱི་རྒྱུ་ནོར་དང་ལམ་དབང་སྲུང་སྐྱོང་བྱ་རྒྱུ་རིམ་བཞིན་དམིགས་སར་འབྱོར་བ། འཕྲལ་སྡོམ་དོ་དམ་ལམ་སྲོལ་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ། ལམ་ཁོངས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ། བདག་སྐྱོང་དོ་དམ་གྱི་འགན་འཁྲི་གཙོ་བོ་སྔར་བས་དོན་འཁྱོལ་བྱུང་བ་བཅས་རེད། 2023ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་བྱེད་ཚད་བརྒྱ་ཆ་100རྒྱུན་འཁྱོངས་ཐུབ་པ་དང་། གྲོང་གསེབ་ཏུ་གཞུང་ལམ་ཡོད་ཚེ་ངེས་པར་དུ་བདག་སྐྱོང་བྱེད་པ་མངོན་འགྱུར་བྱུང་ཡོད། དེ་བཞིན་བདེ་ཞིང་མྱུར་བ་དང་སྐྱིད་ཅིང་མཛེས་པའི་གྲོང་གསེབ་ཀྱི་གཞུང་ལམ་རེ་རེ་བཞིན་མཛེས་ལྗོངས་ཤིག་ཏུ་གྱུར་ནས་གནས་སྡོད་དང་། ལས་གཉེར། ཡུལ་སྐོར་བཅས་ལ་འཚམ་པའི་ཁྱད་ལྡན་གྲོང་རྡལ་ཆུང་ངུ་འབོར་ཆེན་ཞིག་ཆགས་རྒྱུར་སྐུལ་འདེད་བཏང་ཡོད།

ལོ་10ནི་གྲོང་གསེབ་ཀྱི་གཞུང་ལམ་སྐྱེལ་འདྲེན་ཞབས་ཞུ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་དང་།ཞབས་ཞུའི་སྤུས་ཚད་མཐོ་རུ་ཕྱིན་པའི་ལོ་10ཡིན་པ་སྟེ། ལྗོངས་ཡོངས་སུ་ཤང་གྲོང་200དང་སྲིད་འཛིན་གྲོང་ཚོ་1432ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ནས་ཆ་རྐྱེན་འཛོམས་པའི་ཤང་གྲོང་དང་སྲིད་འཛིན་གྲོང་ཚོར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་བརྒྱ་ཆ་100ཟིན་ཡོད། འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པའི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་སྟེ།རྫོང་གཅིག་ལ་ཀུང་སི་གཅིག་གིས་གཉེར་སྐྱོང་བྱེད་སྟངས་དེ་ལྗོངས་ཡོངས་སུ་ནུས་ལྡན་ངང་ཁྱབ་ཐུབ་པ་བྱུང་བ་དང་།གྲོང་གསེབ་ཀྱི་འགྲུལ་སྐྱེལ་ཁ་གསབ་ཚད་གཞི་ཆེས་ཆེར་མཐོ་རུ་ཕྱིན་ཡོད། རྫོང་ཁོངས་དང་གྲོང་ཁྱེར་གྱིས་ལྟེ་བ་བྱེད་པ་དང་། ཤང་གྲོང་གིས་མཚམས་ཚིགས་བྱེད་པ། གྲོང་ཚོས་སྣུར་སྲིང་བྱེད་པ་བཅས་ཀྱི་རིམ་གསུམ་གྲོང་གསེབ་ཀྱི་ཟོག་འགྲེམས་ཞབས་ཞུའི་དྲ་རྒྱ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས་རིམ་རྩིས་བྱས་ན་རྫོང་རིམ་པའི་འགྲུལ་སྐྱེལ་ས་ཚིགས་21དང་ཤང་གྲོང་230ཡི་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་བསྐྲུན་ཏེ།གྲོང་གསེབ་ཀྱི་ཟོག་འགྲེམས་རྨང་གཞིའི་སྒྲིག་བཀོད་དྲ་རྒྱ་སྔར་བས་འཐུས་སྒོ་ཚང་དུ་བཏང་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གཞི་གཅིག་ཅན་གྱི་དཔེ་སྟོན་རྫོང་གཏོད་རྒྱུ་གཞི་རྟེན་དུ་བྱས་ནས་གྲོང་གསེབ་ཀྱི་འགྲུལ་ཟོག་སྦྲག་གསུམ་གྱི་སྐྱེལ་འདྲེན་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་བྱེད་མགྱོགས་སུ་གཏོང་བ་དང་། གྲོང་གསེབ་ཀྱི་འགྲུལ་ཟོག་སྦྲག་གསུམ་གྱི་སྐྱེལ་འདྲེན་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་དོ་སྙོམས་ཅན་གྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་པས།རྫོང(ཆུས)13གྱིས་གྲོང་གསེབ་ཀྱི་འགྲུལ་ཟོག་སྦྲག་གསུམ་གྱི་མཉམ་འདྲེས་ལམ་ཐིག་31བཏོད་ཡོད། གྲོང་གསེབ་ཀྱི་གཞུང་ལམ་སྐྱེལ་འདྲེན་ཞབས་ཞུ་དེ་གྲོང་ཁྱེར་དང་གྲོང་གསེབ་སྦྲེལ་མཐུད་ཐུབ་པ་དང་། གྲོང་ཁྱེར་གྱི་ཤེས་དཔལ་དང་གྲོང་གསེབ་ཀྱི་ཤེས་དཔལ་མཉམ་འདྲེས་ཐུབ་པ། ཞིང་འབྲོག་མང་ཚོགས་རྣམས་མཛེས་སྡུག་ལྡན་པའི་འཚོ་བ་གསར་པར་སྐྱོད་པའི་གོམ་སྟབས་སྔར་བས་བརྟན་པོའི་ངང་སྤོ་ཐུབ་པ་བཅས་བྱུང་ཡོད།

ལོ་10འདི་ནི་བོད་ཀྱི་གྲོང་གསེབ་ཀྱི་གཞུང་ལམ་མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་བྱས་ནས་འཕེལ་རྒྱས་ཀྱི་མཉམ་ཤུགས་རྒྱུན་ཆད་མེད་པར་གཅིག་ཏུ་བསྒྲིལ་བའི་ལོ་10ཡིན་པ་སྟེ། རིམ་ཁག་ལམ་དཔོན་གྱི་ཞིབ་ཕྲའི་འགན་འཁྲི་དང་འགན་འཁྲིའི་གསལ་ཐོ་ཞིབ་ཚགས་སུ་བཏང་བས།སྲིད་གཞུང་གིས་མཛུབ་ཁྲིད་དང་།ཚན་པས་མཐུན་སྦྱོར། གོང་འོག་མཉམ་འགུལ། འཁོར་སྐྱོད་ཕན་ཆེ་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་རགས་ཙམ་ཆགས་ནས་ལྗོངས་ཡོངས་ཀྱི་གྲོང་གསེབ་གཞུང་ལམ་གྱི་ལམ་དཔོན་མི་གྲངས་7620ཟིན་པ་དང་ལམ་དཔོན་གྱི་སྤྱི་བསྒྲགས་བྱང་བུ་3564བཙུགས་ཡོད་ཅེས་བཤད་པ་དང་།རྒུད་གསབ་ལས་སྤྲོད་སོགས་ཀྱི་བྱ་ཐབས་ཁྱབ་གདལ་དུ་བཏང་བ་བརྒྱུད།ཡོང་འབབ་དམའ་བའི་མང་ཚོགས་རྣམས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་དོ་དམ་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ནས་བསྡུས་པ་དང་། རང་ལྗོངས་ཀྱིས་དེ་མཚུངས་ཀྱི་འོས་བབ་ཡོད་པའི་ཞིང་འབྲོག་མང་ཚོགས་ཀྱི་ཨར་ལས་ཁེ་ལས(རུ་ཁག)ཀྱིས་མ་དངུལ་སྒོར་ཁྲི་400མན་གྱི་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་གྱི་རྣམ་གྲངས་ནང་ཞུགས་རྒྱུར་སྐུལ་ལྕག་བྱས་སྟབས། རིམ་རྩིས་བྱས་ན་ལྗོངས་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ལ་ཐད་ཀར་ཡོང་འབབ་སྒོར་དུང་ཕྱུར་28བྱུང་ཡོད། ལོ་ལྟར་སྤྱི་ཕན་རང་བཞིན་གྱི་ལས་གནས་ཁྲི་1ལས་མི་ཉུང་བ་མཁོ་འདོན་བྱས་ནས་ཞིང་འབྲོག་མང་ཚོཊ་ས་ཐག་ཉེ་ས་ནས་ལས་ཞུགས་ཐུབ་པར་བྱས་པས་རིམ་རྩིས་བྱས་ན་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ཕན་རང་བཞིན་གྱི་ལས་གནས་མི་གྲངས་ཁྲི་11.88བཀོད་སྒྲིག་བྱས་ཡོད། ཡོངས་བསྒྲཊ་བདུན་གྱི་ལམ་ལུཊ་དོན་འཁྱོལ་ཏན་ཏིག་བྱས་ཏེ་ལམ་གཅེས་ལམ་སྲུང་གི་ཤང་སྲོལ་དམངས་ཆིངས་དང་ཡུལ་སྲོལ་དམངས་ཆིངས་འཐུས་ཚང་དུ་བཏང་ནས་མང་ཚོགས་ཞུགས་ཚད་ཟམ་མི་ཆད་པར་མང་དུ་བཏང་བས་ཞིང་འབྲོག་མང་ཚོགས་ཀྱི་ཐོབ་སྣང་དང་།སྐྱིད་སྣང་།བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། (ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-03 6 6 拉萨日报藏文 c190334.html 1 ཉེ་བའི་ལོ་བཅུའི་རིང་རང་ལྗོངས་ཀྱིས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ཐད་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་1215.24བཏང་བ། /enpproperty-->