分享按钮

ལྷ་ས་གྲོང་ཁྱེར་གྱིས་བྱིས་པའི་མཛའ་གྲོགས་གྲོང་ཁྱེར་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་བའི་མཉམ་འབྲེལ་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། བུད་མེད་དང་བྱིས་པའི་བྱ་གཞག་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་།བྱིས་པའི་མཛའ་གྲོགས་གྲོང་ཁྱེར་འཛུགས་སྐྲུན་ལས་དོན་ལ་ཤུགས་སྣོན་རྒྱག་ཆེད། ཟླ་10ཚེས་30ཉིན།ལྷ་ས་གྲོང་ཁྱེར་གྱི་བྱིས་པའི་མཛའ་གྲོགས་གྲོང་ཁྱེར་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་བའི་མཉམ་འབྲེལ་ཚོགས་འདུ་འཚོགས་ཤིང་།གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་།གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན།སྡེ་ཚོགས་གྲོང་ཨུད་བཅས་ཀྱི་འབྲེལ་ཡོད་ལས་དོན་པ་དང་དེ་བཞིན་རྫོང(ཆུས)ཁག་དང་། ནུས་པའི་གླིང་ཁུལ། གྲོང་ཁྱེར་ཐད་གཏོགས་ཀྱི་ཁོངས་མིའི་ཚན་པ་བཅས་ཀྱི་མི་40ཚོགས་འདུར་ཞུགས་ཡོད།

ཚོགས་འདུའི་ཐོག ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི《ལྷ་ས་གྲོང་ཁྱེར་གྱི་བྱིས་པའི་མཛའ་གྲོགས་གྲོང་ཁྱེར་འཛུགས་སྐྲུན་གྱི་མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་འཛུགས་རྒྱུར་མོས་མཐུན་བྱ་རྒྱུའི་སྐོར་གྱི་མཆན་འགོད་བཀའ་ལན》དང་།བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི《རྒྱལ་ཁབ་ཀྱི་བྱིས་པའི་མཛའ་གྲོགས་གྲོང་ཁྱེར་ཁག་གཉིས་པ་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》སོགས་བརྒྱུད་བསྒྲགས་བྱས་པ་རེད།

དེའི་རྗེས་སུ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་པ་ཟླ་སྒྲོན་གྱིས་བྱིས་པའི་མཛའ་གྲོགས་གྲོང་ཁྱེར་བསྐྲུན་རྒྱུའི་བྱེད་ཐབས་དང་ཐབས་ལམ་ལ་དམིགས་ནས་སློབ་ཁྲིད་བྱས་པ་དང་།སྡེ་ཚོགས་གྲོང་ཨུད་ཀྱི་འབྲེལ་ཡོད་འགན་འཁུར་བས་ལྷ་ས་གྲོང་ཁྱེར་གྱི་བྱིས་པའི་མཛའ་གྲོགས་གྲོང་ཁྱེར་བསྐྲུན་རྒྱུའི་ལས་དོན་ལ་མཛུབ་ཁྲིད་བྱས་པ། གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་བྱིས་པའི་མཛའ་གྲོགས་གྲོང་ཁྱེར་གཏོད་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་པས་ཚང་མས་གོ་བ་ནན་ཏན་བླངས་ནས་ལག་བསྟར་བྱ་རྒྱུའི་རེ་བ་བཏོན་ཡོད། རྫོང(ཆུས)ཁག་དང་གྲོང་ཁྱེར་ཐད་གཏོགས་ཚན་པ་ཁག་གིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བྱིས་པའི་མཛའ་གྲོགས་གྲོང་ཁྱེར་སྐྲུན་རྒྱུའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས་རིམ་བཞིན་སྤེལ་རེས་བྱས་པ་དང་འབྲེལ་ལྷག་པའི་གནད་དོན་ལ་དབྱེ་ཞིབ་བྱས་པར་མ་ཟད།རྗེས་མའི་ལས་ཀའི་ཐད་གྲོས་འཆར་ཡང་བཏོན་པ་རེད།

རྗེས་མར།གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ད་ཐེངས་ཀྱི་ཚོགས་འདུ་གོ་སྐབས་སུ་བྱས་ནས་བྱིས་པའི་མཛའ་གྲོགས་གྲོང་ཁྱེར་འཛུགས་སྐྲུན་གྱི་ཉམས་མྱོང་དང་བྱ་ཐབས་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱེད་པ་དང་།བྱིས་པའི་མཛའ་གྲོགས་གྲོང་ཁྱེར་འཛུགས་སྐྲུན་གྱི་ལས་ཀའི་འདུ་ཤེས་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ།སྤྱི་ཚོགས་ཀྱིས་བྱིས་པའི་མཛའ་གྲོགས་ལ་མཐོང་ཆེན་བྱེད་ཚད་མཐོ་རུ་གཏོང་བ།སྤྱི་ཚོགས་ཀྱི་ཐོན་ཁུངས་དེ་བས་མང་བ་བྱིས་པའི་མཛའ་གྲོགས་གྲོང་ཁྱེར་འཛུགས་སྐྲུན་ཁྲོད་ཞུགས་རྒྱུའི་ཡིད་དབང་འགུག་པ་བཅས་བྱས་ནས་བྱིས་པ་སྐྱོན་བྲལ་ངང་འཚར་ལོངས་ཡོང་ཆེད་དེ་བས་མཛེས་སྡུག་ལྡན་པའི་ཁོར་ཡུག་ཐུན་མོང་ཐོག་གཏོད་རྒྱུ་རེད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-03 6 6 拉萨日报藏文 c190332.html 1 ལྷ་ས་གྲོང་ཁྱེར་གྱིས་བྱིས་པའི་མཛའ་གྲོགས་གྲོང་ཁྱེར་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་བའི་མཉམ་འབྲེལ་ཚོགས་འདུ་འཚོགས་པ། /enpproperty-->