(པར་ངོས་དང་པོར་མཐུད)ཁྱེད་ལ་སྲིད་འཛིན་དཔོན་འདེམས་བསྐོ་བྱེད་སྐབས་འདེམས་ཤོག་མང་པོ་ཐོབ་ནས་མིང་བཏོན་པ་དང་། འདེམས་ཤོག་མང་པོ་ཐོབ་ནས་བདམས་ཐོན་བྱུང་བ་དེའི་ཐོག་ནས་ཨའོ་མོན་སྤྱི་ཚོགས་ཀྱིས་ཁྱེད་ལ་ཁས་ལེན་དང་རྒྱབ་སྐྱོར་རྒྱ་ཁྱབ་བྱེད་ཀྱི་ཡོད་པ་མཚོན་ཐུབ། ཀྲུང་དབྱང་གིས་ཁྱེད་ལ་ཁས་ལེན་གང་ལེགས་དང་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད།
ཞི་ཅིན་ཕིང་གིས་གསུངས་དོན། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ནི་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་དང་། ཨའོ་མོན་གྱི་རྩ་བའི་ཁེ་ཕན་དང་མཐུན་པའི་ལམ་ལུགས་བཟང་པོ་ཞིག་ཀྱང་རེད། ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25འཁོར་རིང་། ཀྲུང་དབྱང་དང་མེས་རྒྱལ་ནང་སའི་རྒྱབ་སྐྱོར་ཤུགས་ཆེན་འོག དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གིས་མུ་མཐུད་ནས་འབད་འཐབ་བྱས་པས་ཨའོ་མོན་གྱི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལག་ལེན་ལ་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་པ་དང་། རྩ་ཁྲིམས་དང་ཨའོ་མོན་གྱི་གཞི་རྩའི་བཅའ་ཁྲིམས་ནང་གཏན་འཁེལ་བྱས་པའི་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྩ་ཁྲིམས་ཀྱི་སྒྲིག་ལམ་བརྟན་པོ་བཙུགས་པ། ཨའོ་མོན་གྱི་བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་རྒྱས་ཕྱིན་པ། རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་བཅས་བྱུང་ཡོད། ཀྲུང་དབྱང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་། ཨའོ་མོན་བས་ཨའོ་མོན་སྐྱོང་བའི་ཚད་མཐོའི་རང་སྐྱོང་གི་མཛད་ཕྱོགས་མུ་མཐུད་ནས་ཕྱོགས་ཡོངས་དང་། གནད་ལ་འཁེལ་བ། བློ་བརྟན་འགྱུར་མེད་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ་འགྱུར་ལྡོག་མེད་པ་དང་ངོ་བོ་མི་འགྱུར་བར་འགན་ལེན་བྱ་རྒྱུ་ཡིན།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་ཐད་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་ནས། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། རྒྱལ་ཁབ་ཀྱིས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་ཁྲོད་ཤང་ཀང་དང་ཨའོ་མོན་གྱི་ནུས་པ་དེ་བས་ལེགས་པའི་ངང་འདོན་སྤེལ་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་ནན་བཤད་བྱས་ཡོད། འདིས་ཨའོ་མོན་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་མཉམ་འདྲེས་བྱེད་པ་དང་། རང་ངོས་དེ་བས་ལེགས་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ཁ་ཕྱོགས་གསལ་སྟོན་དང་ལོ་རྒྱུས་ཀྱི་གོ་སྐབས་གསར་པ་མཁོ་འདོན་བྱས་ཡོད། སྲིད་འཛིན་དཔོན་གྱི་འགན་བཞེས་པ་ནི་ལྗིད་ཏིག་ཏིག་གི་འགན་འཁྲི་ཞིག་ཡིན་ལ། ཀྲུང་དབྱང་གི་མངགས་བཅོལ་ཟབ་མོ་དང་རྒྱ་ཆེའི་ཨའོ་མོན་གྱི་གྲོང་མིའི་རེ་བ་ཆེན་པོ་ཞིག་ཀྱང་ཡིན། ཁྱེད་ཀྱིས་ལས་འགན་ལྕི་པོ་ཕྲག་ཏུ་ཁུར་ནས་འགན་འཁྲི་ཆུས་ཟོས་སུ་མི་གཏོང་བ་དང་། དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་གསར་པའི་སྲིད་གཞུང་གི་སྣེ་ཁྲིད་པ། སྤྱི་ཚོགས་ལས་རིགས་ཁག་དང་མཐུན་སྒྲིལ་བཅས་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་དང་། དྲང་སྲུང་གསར་གཏོད། འགན་ཁུར་ཡར་བརྩོན། ལས་མཁས་སྒྲུབ་མཁས་བཅས་བྱས་ནས་ཨའོ་མོན་གྱི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལག་ལེན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་དེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད།
ཚེན་ཧའོ་ཧུའེ་ཡིས་ཀྲུང་དབྱང་སྲིད་གཞུང་གིས་ཁོང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་འཛིན་དཔོན་ལ་བསྐོ་གཞག་བྱས་པར་དགའ་ཚོར་ཆེན་པོ་སྐྱེ་ཡི་ཡོད། ཁོང་གིས་ཞི་ཅིན་ཕིང་དང་ཀྲུང་དབྱང་སྲིད་གཞུང་གི་འགོ་ཁྲིད་འོག ཕྱོགས་ཡོངས་དང་། གནད་ལ་འཁེལ་བ། བློ་བརྟན་འགྱུར་མེད་བཅས་ཀྱི་སྒོ་ནས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་མཛད་ཕྱོགས་ལག་བསྟར་བྱས་ཏེ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་བྱ་རྒྱུ་དང་། རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་དེ་བས་མཉམ་འདྲེས་དང་ཞབས་འདེགས་ཞུ་བ། སྤྱི་པའི་བཅོས་སྐྱོང་ནུས་པ་དང་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་བ། དཔལ་འབྱོར་སྣ་མང་ཅན་དུ་འོས་འཚམ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་མགྱོགས་སུ་གཏོང་བ། དམངས་འཚོ་ལེགས་སུ་ཤུགས་ཆེན་གཏོང་བ། ཨའོ་མོན་གྱི་བྱ་གཞག་ཁག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུའི་སེམས་ཐག་བཅད་པ་རེད།
ལི་ཆང་དང་། ཚའེ་ཆི། ཏིང་ཤུའེ་ཞང་། ཧྲི་ཐའེ་ཧྥེང་། ཁྲིན་ཝུན་ཆིན། ཞ་པའོ་ལུང་སོགས་མཇལ་འཕྲད་ལ་ཞུགས་ཡོད། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社