(པར་ངོས་དང་པོར་མཐུད)ལྷ་ས་གྲོང་ཁྱེར་གྱིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་ཡང་དག་པའི་སྒྱུར་བཅོས་ཀྱི་ཁ་ཕྱོགས་སྟངས་འཛིན་བྱས་ཏེ་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་སྒྱུར་བཅོས་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་གཏིང་ཟབ་བྱས་ནས་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་བདག་དབང་ཁ་གསལ་བཟོ་བ་དང་། གཉེར་སྐྱོང་བྱེད་དབང་ལྷུག་ཏུ་གཏོང་བ། དོ་དམ་བྱེད་དབང་ཤུགས་ཆེར་གཏོང་བ། ལྟ་སྐུལ་བྱེད་དབང་དོན་འཁྱོལ་བྱེད་པ། ཐག་གཅོད་བྱེད་དབང་ཚད་ལྡན་དུ་གཏོང་བ་བཅས་ཀྱི་མཛུབ་སྟོན་དང་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་ཡག་པོ་བྱས་ཏེ་གཞུང་ཁོངས་ཁེ་ལས་ཀྱི་ལྟེ་བའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ལྟེ་བའི་འགྲན་རྩོད་ཀྱི་ནུས་པ་ཆེ་རུ་གཏོང་དགོས། གཞུང་ཁོངས་དཔལ་འབྱོར་གྱི་བཀོད་པ་སྔར་བས་ལེགས་སུ་གཏོང་བ་དང་། འཐབ་ཇུས་རང་བཞིན་གྱི་བསྐྱར་སྒྲིག་དང་ཆེད་ལས་རང་བཞིན་གྱི་མཉམ་ཤུགས་ཆེ་རུ་གཏོང་བ། འགན་འཁྲི་གཙོ་བོ་དང་ལས་རིགས་གཙོ་བོ་མངོན་གསལ་དོད་དུ་གཏོང་བ། ཁེ་ལས་ཀྱི་བང་རིམ་ཉུང་འཕྲི་བཅས་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཀྱི་ཀུང་སིའི་བཅོས་སྐྱོང་སྔར་བས་འཐུས་ཚང་དུ་གཏོང་བ་དང་། དབང་བའི་ལམ་ལུགས་འདྲེས་མའི་སྒྱུར་བཅོས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ལས་འཛིན་ལྷན་ཚོགས་འཛུགས་སྐྱོང་ཚད་ལྡན་དུ་གཏོང་བ། སྔོན་འགྲོའི་ཞིབ་འཇུག་གྲོས་བསྡུར་གྱི་གསལ་ཐོ་ལེགས་སུ་གཏོང་བ་བཅས་བྱེད་དགོས། ཚོང་ར་ཅན་དུ་འགྱུར་བའི་གཉེར་སྐྱོང་གི་ལམ་སྲོལ་སྒྱུར་བཅོས་སྔར་བས་མུ་མཐུད་ཟབ་སྤེལ་དང་། སྤྱི་གཉེར་རིམ་པའི་འགན་འཛིན་ཡུན་ཚད་ཀྱི་ལམ་ལུགས་དང་གན་རྒྱ་ཅན་དུ་འགྱུར་བའི་དོ་དམ་ལ་སྐུལ་འདེད་གཏོང་བ། གླ་ཕོགས་བསྡོམས་འབོར་གྱི་སྔོན་རྩིས་དོ་དམ་ཚད་ལྡན་དུ་གཏོང་བ་བཅས་བྱེད་དགོས། གཞུང་ཁོངས་རྒྱུ་ནོར་གྱི་ལྟ་སྐུལ་དོ་དམ་གྱི་ཕན་ནུས་སྔར་བས་ནུས་ལྡན་དུ་གཏོང་བ་དང་། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ལས་སྒོའི་ལྟ་སྐུལ་དང་། ཕྱོགས་བསྡུས་ལྟ་སྐུལ། འགན་འཁྲི་བདའ་འདེད་གཏོང་བ་བཅས་ཕྱོགས་གསུམ་གཞི་གཅིག་གི་ལྟ་སྐུལ་མ་ལག་ནུས་ཤུགས་ཡོད་རྒུས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། མ་དངུལ་མཉམ་འཇོག་དང་མཉམ་ལས་བྱེད་སྟངས་གསར་པ་སྔར་བས་འཚོལ་ཞིབ་དང་སྐུལ་འདེད་གཏོང་བ་དང་། བོད་སྐྱོར་གྱི་ཐོན་ཁུངས་གང་ལེགས་སྤྱོད་པ། རང་འགུལ་ངང་འབྲེལ་མཐུད་ཧུར་ཐག་བྱེད་པ། བོད་སྐྱོར་ཞིང་ཆེན་དང་། གྲོང་ཁྱེར། གཞུང་ཁོངས་ཁེ་ལས། རང་སྐྱོང་ལྗོངས་ཀྱི་གཞུང་ཁོངས་ཁེ་ལས། ཀྲུང་དབྱང་ཁེ་ལས་སོགས་དང་མཉམ་ལས་སྤེལ་རེས་དང་མཉམ་འདྲེས་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། གཞུང་ཁོངས་ཁེ་ལས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བྱ་སྤྱོད་ཀྱི་དམིགས་ཚད་ལས་འགན་ཁག་སྔར་བས་དམ་འཛིན་ཡག་པོ་བྱས་ཏེ། ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་ཚན་ཁག་གིས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་གཞོགས་འདེགས་ཧུར་ཐག་བྱས་ནས་ཐུན་མོང་ཐོག་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ། ལྗོངས་ཡོངས་སུ་རུ་སྣེ་འཁྲིད་བྱེད་མཁན་ཡག་པོ་ཞིག་བྱེད་དགོས་པའི་ནན་གསུངས་གནང་བ་རེད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་ལྷ་ས་གྲོང་ཁྱེར་གྱིས་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་དང་བླང་བྱ་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ།གཞུང་ཁོངས་ཁེ་ལས་ཆེད་ལས་ཅན་དང་། ཁྲོམ་ར་ཅན། ཚད་ལྡན་ཅན། ལམ་ལུགས་ཅན་བཅས་སུ་མངོན་འགྱུར་བྱེད་པའི་དམིགས་ཚད་མངོན་འགྱུར་ཡོང་བར་བྱས་ཏེ།གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཀྱི་ཚད་ལྡན་བཅུའི་ལས་དོན་ཞིབ་ཚགས་དང་དམ་འཛིན་ཡག་པོ་བྱེད་པ་དང་། ལྷ་སར་གཞི་ཚུགས་པ་དང་ལྗོངས་ཡོངས་ལ་ཁ་ཕྱོགས་པ། སྙིང་སྟོབས་འཕེལ་བ། བསམ་ཕྱོགས་ལེགས་པ། སྒྱུར་བཅོས་གཏིང་ཟབ། སྟོབས་ཆེར་གཏོང་བ་བཅས་བྱས་ཏེ།ལྗོངས་ཡོངས་ཀྱི་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཁྲོད་དཔེ་སྟོན་གྱི་ནུས་པ་ཐོན་པར་བྱས་ནས་མདུན་གྲལ་དུ་བསྐྱོད་ཐུབ་པར་བྱེད་དགོས་ཞེས་གསུངས་པ་རེད།
གྲོང་ཁྱེར་གྱི་འགོ་ཁྲིད་ཝང་མིང་ཀྲེ་དང་། ལི་ཅང་ཤིན། བཀྲ་ཤིས་དཔལ་སྒྲོན་བཅས་བརྟག་ཞིབ་གནང་བར་ཕེབས་པར་མ་ཟད་བཞུགས་མོལ་ཚོགས་འདུར་ཡང་ཞུགས་པ་རེད།
(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社