分享按钮

རང་གྲོང་གིས་ཟ་ཁང་གི་བཟའ་བཅའི་བདེ་འཇཊ་ཁས་ལེན་གྱི་བྱེད་སྒོ་སྤེལ་བ།

པར་འདི་ནི་བྱེད་སྒོ་སྤེལ་ཡུལ་དུ་བཟའ་བཏུང་ཁེ་ལས་ཀྱི་འཐུས་མིས་བཟའ་བཅའི་བདེ་འཇགས་ཁས་ལེན་བྱེད་པར་མིང་རྟགས་འགོད་བཞིན་པའི་རྣམ་པ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་རང་གྲོང་གི་སློབ་གསོ་ཅུས་དང་། གྲོང་ཁྱེར་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན། གྲོང་ཁྱེར་དམངས་སྲིད་ཅུས་སོགས་ཚན་པ་དང་དེ་བཞིན་རྫོང(ཆུས)ཁག་གི་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་དང་མཉམ་འབྲེལ་ཐོག་བཟའ་བཏུང་ལྷུ་ཚིགས་ཀྱི་ལས་སྣོན་བྱེད་སྟངས་ཡོངས་བསྒྲགས་དང་། བཟའ་བཅའི་སྦྱོར་རྟ་ཉུང་དུ་གཏོང་བ། ཁྲིམས་འགལ་ངང་བཟའ་སྤྱོད་མིན་པའི་དངོས་པོ་སྦྱོར་རྟ་བྱེད་པ་བཅས་རང་རྟོགས་ངང་བཀག་འགོག་བཅས་བྱེད་པའི་ཡོངས་བསྒྲགས་ཁས་ལེན་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོའི་ཁྲོད་ལྷ་ས་གྲོང་ཁྱེར་གྱི་བཟའ་བཏུང་ཁེ་ལས་ཁག་གི་འཐུས་མི་དང་དེ་བཞིན་བོད་རང་སྐྱོང་ལྗོངས་གཡོས་སྦྱོར་བཟའ་བཏུང་གསོལ་མགྲོན་ཁང་མཐུན་ཚོགས་ཀྱིས《ལྷ་ས་གྲོང་ཁྱེར་གྱི་བཟའ་བཏུང་ལྷུ་ཚིགས་ཀྱི་བཟའ་བཅའི་སྦྱོར་རྟ་ཉུང་གཏོང་དང་ཁྲིམས་འགལ་ངང་བཟའ་སྤྱོད་མིན་པའི་དངོས་པོ་སྦྱོ་རྟ་བྱེད་པ་རང་རྟོགས་ངང་བཀག་འགོག་བྱ་རྒྱུའི་ཁས་ལེན་ཡི་གེར》མིང་རྟགས་བཀོད་དེ་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་བ་དང་། བཟའ་བཅའི་སྦྱོར་རྟའི་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་པ། ཁྱབ་ཁོངས་ལས་བརྒལ་བ་དང་ཚད་གཞི་ལས་བརྒལ་ནས་བཟའ་བཅའི་སྦྱོར་རྟ་སྤྱོད་རྒྱུ་གཏན་འགོག་བྱེད་པ། ཁྲིམས་འགལ་ངང་བཟའ་སྤྱོད་མིན་པའི་དངོས་པོ་སྦྱོར་རྟར་བྱེད་པའི་བྱེད་སྤྱོད་ལ་བཀག་འགོག་མཐའ་གཅིག་ཏུ་བྱ་རྒྱུ་བཅས་ཀྱི་ཁས་ལེན་ཡོངས་བསྒྲགས་བྱས་པ་རེད།

ད་ཐེངས་ཀྱི་བྱེད་སྒོའི་ནང་སློབ་ཁྲིད་དགེ་རྒན་གདན་དྲངས་ནས《བཟའ་བཏུང་ཞབས་ཞུའི་བཟའ་བཅའི་བདེ་འཇགས་བཀོལ་སྤྱོད་ཚད་གཞི》གསལ་འགྲེལ་ཞིབ་ཕྲ་བྱས་པ་དང་འབྲེལ། རྒྱུན་སྤྱོད་བཟའ་བཅའི་སྦྱོར་རྟའི་རིགས་དང་དེ་བཞིན་བེད་སྤྱོད་བྱེད་སྟངས་དང་ཚད་བཀག་བླང་བྱ་ངོ་སྤྲོད་བྱས་ཡོད། ཡོངས་བསྒྲགས་དང་ཀུན་གསལ་གྱི་ཁས་ལེན་དང་མཛུབ་ཁྲིད་བྱས་པ་བརྒྱུད་གཉེར་སྐྱོང་མཁན་གྱིས་བཟའ་བཅའི་བདེ་འཇགས་ཀྱི་འགན་འཁྲིའི་འདུ་ཤེས་དང་ཁྲིམས་སྐྱོང་གི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཡོད་པ་རེད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-02 6 6 拉萨日报藏文 c190322.html 1 རང་གྲོང་གིས་ཟ་ཁང་གི་བཟའ་བཅའི་བདེ་འཇཊ་ཁས་ལེན་གྱི་བྱེད་སྒོ་སྤེལ་བ། /enpproperty-->