(པར་ངོས་དང་པོར་མཐུད)རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ལས་འཛིན་དཔོན་ཧུང་ཝུའེ། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཧུའེ་ཉན་བཅས་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུའི་ཐོག ཉེ་བའི་ལོ་ཤས་རིང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་སྤྱི་ཚོགས་ལས་རིགས་ཁག་གི་དོ་ཁུར་དང་རྒྱབ་སྐྱོར་རྒྱ་ཁྱབ་འོག རང་ལྗོངས་ཀྱི་དབང་པོ་སྐྱོན་ཅན་གྱི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། དབང་པོ་སྐྱོན་ཅན་གྱི་འཚོ་བའི་སྤུས་ཚད་དང་སྤྱི་ཚོགས་ཀྱི་གནས་བབ་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ། ལྷག་པར་དུ་དྲག་སྐྱེད་དང་། སློབ་གསོ། ལས་ཞུགས་འགན་ལེན། རིག་གནས་ལུས་རྩལ་བཅས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ལ། ལྗོངས་ཡོངས་ཀྱི་རིམ་ཁག་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་ཏན་ཏིག་གཏོང་བ་དང་། སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ། དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་དབང་སྐྱོན་བྱ་གཞག་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
ཚོགས་འདུའི་ཐོག ལྗོངས་ཡོངས་ཀྱི་རིམ་ཁག་ཚན་པ་ཁག་གིས་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱས་ཏེ། དབང་པོ་སྐྱོན་ཅན་གྱི་བྱ་གཞག་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཏང་དང་སྲིད་གཞུང་གི་དབང་པོ་སྐྱོན་ཅན་ལ་ཕན་པའི་སྲིད་ཇུས་དྲིལ་བསྒྲགས་རྒྱ་ཁྱབ་བྱེད་པ། དབང་པོ་སྐྱོན་ཅན་གྱི་སེམས་ཁྲལ་དང་སེམས་ཁྲལ་གྱི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་པ་བཅས་བྱས་ཏེ་དབང་པོ་སྐྱོན་ཅན་གྱི་བདེ་སྣང་དང་།སྐྱིད་སྣང་། ཐོབ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་དང་། མཐའ་སྐྱོང་འགན་ལེན་གྱི་ལས་དོན་ཡག་པོ་བསྒྲུབ་པ་དང་། དམངས་འཚོའི་མ་མཐའི་མཚམས་ཐིག་སྲུང་ནས་དབང་པོ་སྐྱོན་ཅན་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་རྒྱུར་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བ་དང་།དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་ལེན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་དབང་པོ་སྐྱོན་ཅན་ཡོངས་ལ་སྲིད་ཇུས་ཀྱི་ཁེ་ཕན་ཐོབ་པའི་འགན་ལེན་བྱེད་དགོས་པ། ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་བཏང་ནས་ཞན་ཆ་གསབ་པ་དང་ཉམས་ཞན་སྟོབས་ཆེར་གཏོང་བའི་ཐད་ཤུགས་སྣོན་རྒྱག་དགོས་པ་དང་།སྤུས་ཚད་མཐོ་བའི་སྒོ་ནས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་གཏོང་བ་དང་། བདེ་ཐང་ལུས་གསོའི་ཞབས་ཞུར་མུ་མཐུད་སྐུལ་འདེད་གཏོང་བ། སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་བ། འགོག་རྐྱེན་མེད་པའི་ཁོར་ཡུག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དབང་པོ་སྐྱོན་ཅན་གྱི་རིག་གནས་ལུས་རྩལ་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་དབང་པོ་སྐྱོན་ཅན་གྱི་རེ་སྒུག་གསར་པ་ཟམ་མི་ཆད་པར་སྐོང་དགོས་པ། རང་འགུལ་ངང་དབང་པོ་སྐྱོན་ཅན་གྱི་ལས་དོན་དེ་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྤྱི་ཡོངས་ནང་བཅུག་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། འབྲེལ་གཏུགས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། ཕྱོགས་ཁག་གི་སྟོབས་ཤུགས་སྒྲིག་འཛུགས་དང་སྐུལ་སློང་བྱེད་པ། དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་ཀྱི་ངོ་བོའི་བླང་བྱ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱེད་པ། དབང་པོ་སྐྱོན་ཅན་གྱི་ལས་ཀའི་ཁྱད་ཆོས་དང་ཟུང་འབྲེལ་གང་ལེགས་བྱེད་པ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ལག་བསྟར་དོན་འཁྱོལ་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ། དབང་པོ་སྐྱོན་ཅན་གྱི་དཀའ་ངལ་སེལ་བ་དང་ཏང་དང་སྲིད་གཞུང་གི་སེམས་ཁྲལ་སེལ་རྒྱུའི་འགན་འཁྲི་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། དབང་པོ་སྐྱོན་ཅན་ལ་སྒྱུར་བཅོས་ཀྱི་གྲུབ་འབྲས་དེ་བས་མང་བ་ལོངས་སྤྱོད་ཐུབ་པ་བྱས་ཐོག སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྒོ་ཀུན་ནས་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།
ས་གནས(གྲོང་ཁྱེར)བདུན་གྱི་སྲིད་འཛིན་ཀུང་ཧྲུའུ་དང་། སྲིད་གཞུང་གིས་འབྲེལ་བ་བྱས་ནས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲོང་སྤྱི་གཞོན་པ་དང་། ཀྲོན་ཡོན་གཞོན་པ། རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་ལས་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ཚན་པའི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社