(པར་ངོས་གཉིས་པར་མཐུད)དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་སོགས་ཀྱི་ཐད་ནས་ལས་བྱེད་པ་རྒན་གྲས་ཀྱི་ལས་ཀའི་ཞབས་ཞུའི་དོ་དམ་གྱི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་བཏང་སྟེ། གྲོང་ཁྱེར་ཡོངས་ཀྱི་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པ། གནད་སྨིན་ཞབས་ཞུའི་འདུ་ཤེས་འཛུགས་པ་དང་། གནད་སྨིན་ཞབས་ཞུ་བྱེད་སྟངས་གསར་གཏོད་བྱེད་པ། གནད་སྨིན་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་ཟླ་རེར་ལས་བྱེད་པ་རྒན་གྲས་ཀྱི་བསམ་འཆར་དང་གྲོས་འགོ་ཐེངས་རེ་བསྡུ་ལེན་བྱེད་པའི་ལས་ཀའི་བླང་བྱ་དོན་འཁྱོལ་ཡག་པོ་བྱེད་པ། རིགས་དབྱེ་ཇུས་འདོན་དང་གནད་སྨིན་ཇུས་འདོན་མཐའ་འཁྱོངས་བཅས་བྱས་ཏེ་ཏང་གི་དྲོ་སྐྱིད་དང་ཐུགས་ཁུར་དུས་ཐོག་ཏུ་ལས་བྱེད་པ་རྒན་གྲས་ཀྱི་སེམས་ནང་འཇགས་པར་བྱེད་དགོས་པའི་ནན་གསུངས་གནང་བ་རེད།
ཚོགས་འདུའི་ཐོག ལྷ་ས་གྲོང་ཁྱེར་གྱི་2024ལོའི་ལས་བྱེད་པ་རྒན་གྲས་རྒན་ཡོལ་ཞུས་པའི་མཛད་སྒོའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཁྲེང་ཀོན་ཆུས་དང་། ལྷུན་གྲུབ་རྫོང་། གྲོང་ཁྱེར་སྤྱི་བདེ་ཅུས། གྲོང་ཁྱེར་སློབ་གསོ་ཅུས་སོགས་ཚན་པས་སྤེལ་རེས་གཏམ་བཤད་བྱས་པ་རེད།
(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社