(པར་ངོས་གཉིས་པར་མཐུད)ཉ་སྟེར་བ་ལས་ཉ་འཛིན་སྟངས་སློབ་པ་དགའ། ཁོང་གིས་མེ་ཏོག་སྣ་གཅིག་བཞད་ན་དཔྱིད་ཀ་མིན། མེ་ཏོག་སྣ་བརྒྱ་བཞད་ན་དཔྱིད་དཔལ་ཡོངས་སུ་བཞད་ཅེས་པའི་གནས་ལུགས་ཟབ་མོ་རྟོགས་ཡོད། སློབ་གྲྭའི་ནང་ཁོང་གིས་སྤེལ་རོགས་ཁྲིད་གསུམ་གྱི་ནུས་པ་ཧུར་ཐག་བཏོན་ཞིང་། ཁོང་གིས་ས་གནས་འདི་གའི་དགེ་རྒན་ཚོར་སློབ་ཁྲིད་ཀྱི་ཉམས་མྱོང་དང་ཐབས་ཤེས་སྦ་གསང་མེད་པར་མཉམ་སྤྱོད་བྱེད་ཀྱི་ཡོད།
སློབ་གྲྭ་དེའི་དགེ་རྒན་ཚེ་བརྟན་དབྱངས་སྐྱིད་ཀྱིས་གསར་འགོད་པར། རྒན་ཝུའུ་ལགས་ནི་ཕུལ་བྱུང་སློབ་གསོའི་ལས་དོན་པ་ཞིག་ཡིན་ཞིང་། དུས་རྒྱུན་ང་ཚོར་བསླབ་གཞི་གསར་པ་ཁག་གཅིག་ལ་ཞིབ་འཇུག་བྱེད་སྟངས་སློབ་པར་མ་ཟད། རྩ་ཆེའི་ཉམས་མྱོང་དང་བྱེད་སྟངས་མང་པོ་མཁོ་འདོན་བྱེད་ཀྱི་ཡོད་པས་ང་ཚོར་ཕན་ཐོགས་ཆེན་པོ་བྱུང་ཞེས་བཤད། སློབ་མའི་འཚོ་བ་དང་སློབ་སྦྱོང་གི་གནས་ཚུལ་ལ་དོ་ཁུར་བྱེད་པའི་ཐད་ཝུའུ་སུའུ་ཏུང་གིས་སེམས་ནུས་ཡོད་རྒུ་བཏོན་ཞིང་། ཁོང་གིས་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་བྱས་ནས་སློབ་མ་ཚོར་ཕན་ཚུན་བསམ་ཤེས་དང་ཕན་ཚུན་རྒྱབ་སྐྱོར་བྱེད་པའི་ཁྲོད་ཐུན་མོང་ཐོག་འཚར་ལོངས་ཡོང་བར་བྱེད་ཀྱི་ཡོད། ཁོང་གིས་འབད་བརྩོན་བྱས་པ་དེས་སློབ་མ་ཚོར་དྲོ་སྐྱིད་དང་གཅེས་སྐྱོང་ཚོར་ཐུབ་པར་མ་ཟད། མི་རིགས་དབར་གྱི་མཐུན་སྒྲིལ་དང་མཉམ་འདྲེས་ལ་སྔར་བས་སྐུལ་མ་ཐེབས་ཡོད། ཁོང་གིས་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་སློབ་གསོའི་བདེན་ལུགས་དང་མི་རིགས་མཐུན་སྒྲིལ་གྱི་གལ་ཆེའི་དོན་སྙིང་གསལ་འགྲེལ་གནང་གི་ཡོད། ཝུའུ་སུའུ་ཏུང་གིས་གཅེས་སེམས་དང་ལེགས་སྐྱེས་ལ་བརྟེན་ནས་ས་མཐོའི་ས་གཞི་འདིར་རེ་བའི་ས་བོན་འདེབས་པ་དང་མི་དེ་བས་མང་བ་བོད་སྐྱོར་སློབ་གསོའི་བྱ་གཞག་ནང་ཞུགས་རྒྱུར་སྐུལ་ལྕག་བྱེད་བཞིན་ཡོད།
ཝུའུ་སུའུ་ཏུང་གིས་རྗེས་མའི་ལས་དོན་ཁྲོད་ངས་མུ་མཐུད་དཀའ་སྤྱད་སྡུག་རུས་དང་ལེགས་སྐྱེས་འབུལ་རྒྱུར་དགའ་བའི་སྙིང་སྟོབས་དར་སྤེལ་བཏང་སྟེ། དེ་བས་ཞིབ་ཚགས་ལ་ཏན་ཏིག་གི་སློབ་ཁྲིད་བྱེད་སྟངས་ཐོག་ནས་ལས་དོན་ལ་དེ་བས་མངོན་གསལ་དོད་པའི་གྲུབ་འབྲས་ཐོབ་པར་བྱས་ཏེ། བོད་ཀྱི་སློབ་མར་དེ་བས་ལེགས་པའི་སྒོ་ནས་རོགས་རམ་བྱ་རྒྱུ་ཡིན། དེ་དང་ཆབས་ཅིག་བོད་ཀྱི་དགེ་རྒན་ཚོར་དཔྱད་གཞིར་འཛིན་རིན་ཡོད་པའི་ཉམས་མྱོང་དང་བྱེད་སྟངས་བཞག་ནས་ཅང་སུའུ་ཡི་སློབ་གསོའི་བསམ་བློའི་ས་བོན་བོད་ཀྱི་ས་གཞིའི་ཐོག་བཏབ་ནས་འཕེལ་རྒྱས་ཡོང་བར་བྱ་རྒྱུ་ཡིན་ཞེས་བཤད།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社