ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གྲོང་ཁྱེར་གྱི་རྣམ་པ་ཕྱོགས་ཡོངས་ནས་ལེགས་སུ་གཏོང་བ་དང་ས་ཆ་བེད་སྤྱོད་ཀྱི་སྒྲིག་ལམ་ཚད་ལྡན་དུ་ཏན་ཏིག་གཏོང་ཆེད། ཉིན་ཤས་རིང་བསྟུད་མར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་གིས་གོང་རིམ་གྱི་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་ལག་གདང་སྦྲེལ་ནས་སྒྲིག་འགལ་བཅོས་སྒྲིག་ནན་པོ་བྱེད་པ་ཞེས་པ་དེ་བྱ་སྤྱོད་ཀྱི་མཛུབ་ཁྲིད་དུ་བརྩིས་ནས་སྒྲིག་འགལ་འཛུགས་སྐྲུན་བཤིག་པའི་འགག་སྒྲོལ་བྱ་སྤྱོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད།
བྱ་སྤྱོད་སྤེལ་བའི་ཐོག་མའི་དུས་སུ་ཚལ་གུང་ཐང་ཁྲོམ་གཞུང་གིས་སྒྲིག་འགལ་འཛུགས་སྐྲུན་དང་བཤིག་པའི་ལས་དོན་གྱི་ཆེད་དོན་ཚོགས་ཆུང་མགྱོགས་མྱུར་བཙུགས་ཏེ་ཁྲོམ་གཞུང་གི་འགོ་ཁྲིད་གཙོ་བོས་ཙུའུ་ཀྲང་གི་འགན་ཁུར་བ་དང་། ཚོགས་ཆུང་གི་ཁོངས་མི་ཁག་གི་ཞིབ་ཕྲའི་འགན་འཁྲི་དང་ལས་བགོས་ཁ་གསལ་བྱས་ནས་ལས་འགན་དོན་འཁྱོལ་ནུས་ལྡན་ཐུབ་རྒྱུར་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱས་པ་རེད། དེ་རྗེས་ཁོངས་གཏོགས་ཁུལ་གྱི་སྒྲིལ་འགལ་འཛུགས་སྐྲུན་རིགས་ལ་ཁྱོན་ཡོངས་ནས་ལེབ་བཤེར་བྱས་པ་དང་སྦྲགས། རྩིས་ཁྲ་བཟོས་ནས་དོན་དངོས་གསལ་པོ་དང་གནས་ཚུལ་ཁ་གསལ་ཡོང་བར་བྱས་པ་རེད། དེ་དང་ཆབས་ཅིག་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གོ་རིམ་ལ་བརྩི་སྲུང་ནན་པོ་ཞུས་ཏེ་གྲལ་བཤེར་ཐུབ་པའི་འཛུགས་སྐྲུན་པ་ཚང་མར་བསམ་བློའི་སློབ་གསོ་བརྒྱབ་ནས་གཏན་འབེབས་བྱས་པའི་དུས་བཀག་ནང་རང་ཉིད་ཀྱིས་བཤིག་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
མིག་སྔའི་བར། ཁྲོམ་གཞུང་གིས་ས་ཆ་6དང་སྒྲིག་འགལ་འཛུགས་སྐྲུན་རིགས་བཤིག་པ་དང་། སྒྲིག་འགལ་གྱི་འཛུགས་སྐྲུན་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་ནས་གྲོང་ཁྱེར་འཆར་འགོད་ཀྱི་གཟབ་ནན་རང་བཞིན་དང་དབང་གྲགས་རང་བཞིན་ལ་སྲུང་སྐྱོང་ནུས་ལྡན་བྱས་པ་རེད། ཕྱིས་འབྱུང་། ལས་ཀའི་ཆེད་དོན་ཚོགས་ཆུང་གིས་དམ་བསྒྲགས་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ་སྒྲིག་འགལ་འཛུགས་སྐྲུན་རིགས་བཤིག་པའི་ལས་དོན་སྤེལ་ཤུགས་སྔར་བས་ཆེ་རུ་བཏང་ནས་གྲོང་ཁྱེར་འཛུགས་སྐྲུན་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་སྤེལ་རྒྱུའི་འགན་ལེན་བྱ་རྒྱུ་རེད།
(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社