分享按钮

སློབ་གྲྭར་ཚན་རྩལ་སྐོར་འགྲེམས་ཀྱི་བྱེད་སྒོ་སྤེལ་ནས་སློབ་མའི་ཚན་རྩལ་གྱི་ཕུཊ་འདུན་སྒྲུབ་རོཊ་བྱས་པ།

པར་འདི་ནི་སྟག་རྩེ་ཆུས་སློབ་འབྲིང་གི་སློབ་མས་འགྲེམས་ཁུལ་གྱི་མདུན་དུ་ཀླད་པའི་ཚན་རིག་ཁྱབ་ཁོངས་ཀྱི་ངོ་མཚར་ཆེ་བའི་སྣང་ཚུལ་ཤེས་རྟོགས་བྱེད་བཞིན་པའི་རྣམ་པ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་10ཚེས་29ཉིན། ལྷ་ས་གྲོང་ཁྱེར་གྱི་2024ལོའི་ཚན་རྩལ་གྱི་སྐོར་འགྲེམས་དང་། ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་གྱི་ཚན་རྩལ་མཐུན་ཚོགས་ཀྱི་མཉམ་འབྲེལ་ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོ་དེ་སྟག་རྩེ་ཆུས་སློབ་འབྲིང་དུ་འཚོགས་པ་རེད།

བྱེད་སྒོ་སྤེལ་ཡུལ་དུ་དགེ་རྒན་དང་ཚན་རྩལ་མཐུན་ཚོགས་ཀྱི་ལས་དོན་པའི་ཁྲིད་སྟོན་འོག་སློབ་མ་ཚོ་གོ་རིམ་ལྡན་པའི་ངང་ཀླད་པ་འགུལ་བའི་འགྲེམས་ཁུལ་དུ་བསྐྱོད་ནས་ལྟ་སྐོར་དང་ཉམས་ལེན་བྱས་ཤིང་། འགྲེམས་སྟོན་དེ་ཀླད་པའི་གྲུབ་ཆ་དང་། འཚར་ལོངས། ནུས་པ་བཅས་ཁུངས་སྣེར་བྱས་ཏེ་ཀླད་པའི་དངོས་ཁམས་གྲུབ་ཆའི་ངོ་བོ་ཤེས་རྟོགས་བྱེད་པ་ནས་ཀླད་པའི་འཚར་ལོངས་བརྒྱུད་རིམ་ཤེས་རྟོགས་བྱེད་པའི་བར་དང་ཀླད་པའི་ནུས་པ་སྣ་ཚོགས་སློབ་སྦྱོང་བྱེད་པའི་བར་ཤེས་རྟོགས་བྱས་ནས་སློབ་མ་ཚོར་ཀླད་པའི་ཚན་རིག་ཁྱབ་ཁོངས་ཀྱི་ངོ་མཚར་ཆེ་བའི་སྣང་ཚུལ་ཚོར་དུ་བཅུག་ཡོད་པ་རེད། མཉམ་འགུལ་དང་མྱོང་རོལ་རྣམ་པའི་ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོའི་ནང་ཞུགས་པ་ཡིས་སློབ་མ་ཚོར་ཚན་རྩལ་ཤེས་བྱ་སློབ་སྦྱོང་དང་ཚན་རྩལ་གྱི་ཡིད་དབང་འཕྲོག་ཤུགས་ཚོར་བར་བྱེད་པའི་གོ་སྐབས་ཤིག་བཏོད་དེ་སློབ་མ་ཚོའི་ཚན་རིག་ལ་འཚོལ་ཞིབ་བྱེད་པའི་སྤྲོ་སྣང་དང་ཧུར་སེམས་འཕེལ་བར་བྱས་ཡོད་པ་རེད།

སྟག་རྩེ་ཆུས་སློབ་འབྲིང་གི་དམའ་རིམ་སློབ་འབྲིང་ལོ་རིམ་གསུམ་པའི་སློབ་མ་བཀྲ་ཤིས་ཆོས་སྒྲོན་གྱིས་དེ་རིང་གི་ཚན་རྩལ་སྐོར་འགྲེམས་ནི་མི་སེམས་ལ་གཡོ་འགུལ་ཐེབས་པའི་ཚན་རྩལ་གྱི་ངོ་མཚར་ཆེ་བའི་ཡུལ་སྐོར་ཞིག་རེད། འདི་གའི་འགྲེམས་རྫས་ཚང་མས་ང་ཚོར་ཚན་རྩལ་གྱི་སྟོབས་ཤུགས་ཚོར་ཐུབ་པ་བྱུང་ཞེས་བཤད།

ད་ཐེངས་ཀྱི་སྐོར་སྐྱོད་ཚན་རྩལ་ཁང་གི་སྐོར་སྐྱོད་འགྲེམས་སྟོན་བྱེད་སྒོའི་ས་ཚིགས་དང་པོ་དེ་སྟག་རྩེ་ཆུས་སློབ་འབྲིང་དུ་སྤེལ་ནས་སློབ་གྲྭའི་ཚན་རིག་ཁྱབ་གདལ་ཐོན་ཁུངས་དཀོན་པ་དང་ཚན་རིག་ཁྱབ་གདལ་གྱི་གཡུལ་ས་ཞན་པའི་ད་ཡོད་ཀྱི་གནས་ཚུལ་ནུས་ལྡན་ངང་ཁ་གསབ་བྱས་པར་མ་ཟད། སློབ་མ་ཚོར་ཚན་རིག་ཤེས་བྱ་སློབ་སྦྱོང་བྱེད་པའི་སྟེགས་བུ་ཞིག་ཀྱང་བཏོད་ཡོད་པ་རེད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-02 6 6 拉萨日报藏文 c190314.html 1 སློབ་གྲྭར་ཚན་རྩལ་སྐོར་འགྲེམས་ཀྱི་བྱེད་སྒོ་སྤེལ་ནས་སློབ་མའི་ཚན་རྩལ་གྱི་ཕུཊ་འདུན་སྒྲུབ་རོཊ་བྱས་པ། /enpproperty-->