ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། དགུན་དུས་ཀྱི་སྔོ་འགྱུར་བདག་སྐྱོང་དོ་དམ་ལས་དོན་ཡག་པོ་བསྒྲུབས་ནས་ལྗོན་ཤིང་གི་གྲང་འགོག་དང་འབུ་འགོག་གི་ནུས་པ་ཆེ་རུ་གཏོང་ཆེད། ཉེ་ཆར་མལ་གྲོ་གུང་དཀར་རྫོང་གིས་ལྗོན་ཤིང་ལ་གྲང་འགོག་བྱེད་པའི་བྱ་ཐབས་སྤྱད་དེ་ལྗོན་ཤིང་ལ་སྲུང་སྐྱོང་ནུས་ལྡན་བྱས་པ་རེད།
གསར་འགོད་པས་མལ་གྲོ་གུང་དཀར་རྫོང་གི་རྫོང་གྲོང་གི་མ་ལམ་ནས་མཐོང་གསལ་ལྟར་ན། རྫོང་དེའི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱི་ལས་དོན་མི་སྣས་གཞུང་ལམ་གཡས་གཡོན་གྱི་སྔོ་འགྱུར་ལྗོན་ཤིང་ལ་གྲང་འགོག་དཀར་རག་བྱུག་བཞིན་ཡོད་པ་མ་ཟད། ད་དུང་ལྗོན་ཤིང་ལ་མཛེས་པའི་དགུན་ཆས་གཡོགས་བཞིན་ཡོད་པ་མཐོང་བྱུང་། ལྗོན་ཤིང་ལ་དཀར་རག་བྱུག་པ་ནི་དགུན་དུས་སྔོ་འགྱུར་བདག་སྐྱོང་གི་གལ་ཆེའི་ནང་དོན་ཞིག་ཡིན་ཞིང་། དེས་ཉི་མས་འཚིག་པ་དང་འཁྱགས་པའི་གནོད་འཚེ་སྔོན་འགོག་ཐུབ་པར་མ་ཟད། ད་དུང་ནད་འབུ་གསོད་པ་དང་དུག་སེལ་གྱི་ནུས་པའང་ཐོན་ཏེ་འབུ་སྐྱོན་འགོས་ཚད་ཉུང་དུ་གཏོང་ཐུབ་ཀྱི་ཡོད་པ་རེད།
གཞན་ཡང་ལྗོན་ཤིང་ཐོག་གྲལ་བསྟར་འགྲིག་པའི་དཀར་རག་བྱུགས་པ་ལས་གྲོང་གསེབ་ཀྱི་གཞུང་ལམ་གྱི་རྣམ་པ་སྔར་བས་ལེགས་སུ་ཕྱིན་ཡོད་པ་རེད། མལ་གྲོ་གུང་དཀར་རྫོང་གྲོང་གི་གཞུང་ལམ་གཡས་ཡོན་གྱི་སྔོ་འགྱུར་ལྕང་མ་རྐང་8000ཟིན་པ་དང་། མིག་སྔའི་བར་ལྕང་མ་རྐང་2000ལྷག་ཙམ་ལ་གྲང་འགོག་གི་དཀར་རག་བྱུག་པའི་ལས་དོན་ལེགས་གྲུབ་ཟིན་པ་དང་། སྔོན་དཔག་བྱས་པ་ལྟར་ན། ཟླ་རྗེས་མའི་ཟླ་དཀྱིལ་དུ་རྦད་དེ་ལེགས་འགྲུབ་ཐུབ་རྒྱུ་ཡིན་པ་རེད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社