分享按钮

གྲོང་ཁྱེར་གྱི་འགོ་ཁྲིད་མལ་གྲོ་གུང་དཀར་རྫོང་དུ་ཡུལ་ཁོངས་ཡུལ་སྐོར་གྱི་ལས་དོན་ལ་བརྟག་ཞིབ་གནང་བར་ཕེབས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གྲོང་ཁྱེར་གྱི་འགོ་ཁྲིད་མལ་གྲོ་གུང་དཀར་རྫོང་དུ་ཡུལ་ཁོངས་ཡུལ་སྐོར་གྱི་ལས་དོན་ལ་བརྟག་ཞིབ་གནང་བར་ཕེབས་པ་རེད།

ཟླ་10ཚེས་30ཉིན། གྲོང་སྤྱི་གཞོན་པ་པད་མ་གཡུ་སྒྲོན་གྱིས་རུ་སྣེ་ཁྲིད་དེ་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་སྲོང་བཙན་སྒམ་པོའི་དྲན་གསོ་ཁང་དང་། ཧོར་ཁང་གཞིས་ཀར་ཕེབས་ནས་ཡུལ་ཁོངས་ཡུལ་སྐོར་གྱི་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ་དང་འབྲེལ་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།

པད་མ་གཡུ་སྒྲོན་གྱིས་མལ་གྲོ་གུང་དཀར་རྫོང་གིས་སྤུས་ལེགས་ཡུལ་སྐོར་ཐད་ཀྱི་ཡུལ་སྐོར་བའི་དགོས་མཁོ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། འདུ་ཤེས་ཆེན་པོ་ལྔར་གཞི་ཚུགས་པ། གལ་ཆེ་མཉམ་འཛིན་ལྔ་མཐའ་འཁྱོངས་བྱེད་པ། ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་དང་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པའི་ལེགས་ཆ་བེད་སྤྱོད་གང་ལེགས་བྱེད་པ། ཡུལ་བབ་དང་བསྟུན་པ། གསར་འབྱེད་གསར་གཏོད། རྩེ་རིམ་ཇུས་འགོད།ལེ་ལག་ཚང་བའི་སྒྲིག་བཀོད། ཞབས་ཞུའི་སྤུས་ཚད་སོགས་ཐད་ཀྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་ཡུལ་ཁོངས་ཡུལ་སྐོར་གྱི་སྤུས་རྟགས་མགྱོགས་མྱུར་གཏོད་དགོས་ཞེས་གསུངས་པ་རེད།

པད་མ་གཡུ་སྒྲོན་གྱིས་གྲངས་འཛིན་ལ་བརྟེན་ནས་ནུས་པ་ཐོན་པར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རིག་གནས་ཐོན་ལས་གྲངས་འཛིན་ཅན་དུ་འགྱུར་བའི་འཐབ་ཇུས་ལག་བསྟར་ཡག་པོ་བྱས་ནས་ཡུལ་སྐོར་བར་སྣ་མང་ཕུན་སུམ་ཚོགས་པའི་སྤུས་ལེགས་ཞབས་ཞུ་མཁོ་འདོན་བྱེད་དགོས་པ་དང་། མཉམ་སྒུལ་གཞོགས་འདེགས་མཐའ་འཁྱོངས་བྱས་ཏེ་མེད་པ་ནས་ཡོད་པའི་བར་དང་ཡོད་པ་ནས་སྤུས་ལེགས་བར་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། ལེགས་ལྡན་ཐོན་ཁུངས་ལ་བརྟེན་པ། སྤུས་དག་གཏོད་རྒྱུར་ཤུཊ་སྣོན་རྒྱག་པ་བཅས་བྱས་ཏེ་སྲོང་བཙན་གྱི་འཁྲུངས་ཡུལ་དང་མལ་གྲོའི་རིག་གནས་ཀྱི་ཤུགས་རྐྱེན་གྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་ནན་གསུངས་གནང་བ་རེད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-02 6 6 拉萨日报藏文 c190309.html 1 གྲོང་ཁྱེར་གྱི་འགོ་ཁྲིད་མལ་གྲོ་གུང་དཀར་རྫོང་དུ་ཡུལ་ཁོངས་ཡུལ་སྐོར་གྱི་ལས་དོན་ལ་བརྟག་ཞིབ་གནང་བར་ཕེབས་པ། /enpproperty-->