ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་10ཚེས་31ཉིན། ལྷ་ས་གྲོང་ཨུད་ནོར་དོན་གཞུང་དོན་ཁང་གིས་འབྲེལ་ཡོད་ཚན་པ་དང་སྒྲིག་གཞི་སྒྲིག་འཛུཊ་བྱས་ཏེ། དངུལ་རྩའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་དངུལ་རྩའི་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་།ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་མ་དངུལ་བསྡུ་སྒྲིལ་དཀའ་བ་དང་མ་དངུལ་བསྡུ་སྒྲིལ་བྱེད་འགོར་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱ་རྒྱུའི་ཐད་སྤེལ་རེས་གཏིང་ཟབ་བྱས་པ་རེད།
གྲོང་ཨུད་ཀྱི་རྒྱུན་ཨུ་དང་།རྒྱུན་ལས་གྲོང་སྤྱི་གཞོན་པ་དགྲ་འདུལ་ཚོགས་འདུར་ཕེབས་ཡོད་པ་རེད།
མི་དམངས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་དང་། བོད་ལྗོངས་དངུལ་རྩ་ལྟ་སྐུལ་དོ་དམ་ཅུས། ལྷ་ས་གྲོང་ཁྱེར་གྲོང་ཁྱེར་ཐད་གཏོགས་ཀྱི་འབྲེལ་ཡོད་ལས་རིགས་ཁྱབ་ཁོངས་ཀྱི་གཙོ་གཉེར་ཚན་པ་12 གྲོང་ཁྱེར་དུ་བཅའ་སྡོད་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞི་15 ཡིད་རྟོན་མ་དངུལ་བསྡུ་སྒྲིལ་གྱི་ཁག་ཐེག་ཀུང་སི་4བཅས་ཀྱི་འགན་འཁུར་བློ་མཐུན་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།
བཞུགས་མོལ་ཚོཊ་འདུའི་ཐོག་ལས་རིགས་ཁྱབ་ཁོངས་ཀྱི་གཙོ་གཉེར་ཚན་པ་དང་། གྲོང་ཁྱེར་དུ་བཅའ་སྡོད་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞི། ཡིད་རྟོན་མ་དངུལ་བསྡུ་སྒྲིལ་གྱི་ཁག་ཐེག་ཀུང་སི་བཅས་ཀྱིས་རང་ངོས་ཀྱི་འགན་ནུས་དང་ཟུང་འབྲེལ་བྱས་ཏེ།ཐབས་འདོན་ཇུས་འབུལ་བྱས་ཡོད། ཚང་མས་དངུལ་རྩའི་ཞབས་ཞུའི་ཆུ་ཚད་མུ་མཐུད་མཐོ་རུ་དང་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ལ་མ་དངུལ་བསྡུ་སྒྲིལ་ཐད་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་རོགས་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
དགྲ་འདུལ་གྱིས་འདི་ལོ་ནས་བཟུང་གྲོང་ཁྱེར་དུ་བཅའ་སྡོད་དངུལ་རྩའི་སྒྲིག་གཞིས་ལས་དོན་ཧུར་ཐག་བསྒྲུབས་ནས་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་མ་དངུལ་བསྡུ་སྒྲིལ་དཀའ་བ་དང་མ་དངུལ་བསྡུ་སྒྲིལ་བྱེད་འགོར་བའི་གནད་དོན་ཞི་ལྷོད་དུ་གཏོང་བའི་ཐད་རྒྱབ་སྐྱོར་ཆེན་པོ་བྱས་པ་དང་།སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་སྒྲིལ་ཁག་ཐེག་ཀུང་སིས་ཁག་ཐེག་བྱེད་སྟངས་གསར་གཏོད་དང་ཞིབ་མཆན་འགོད་པའི་བརྒྱུད་རིམ་ལེགས་སུ་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་མ་དངུལ་བསྡུ་སྒྲིལ་ཐད་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད། ཕྱིས་འབྱུང་ལས་རིཊ་ཁྱབ་ཁོངས་ཀྱི་གཙོ་གཉེར་ཚན་པ་དང་།གྲོང་ཁྱེར་དུ་བཅའ་སྡོད་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞི། ཡིད་རྟོན་མ་དངུལ་བསྡུ་སྒྲིལ་གྱི་ཁག་ཐེག་ཀུང་སི་བཅས་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས་དངུལ་རྩའི་ཞབས་ཞུའི་དངོས་ཚན་ནུས་པ་ཆེ་རུ་གཏོང་དགོས་པ་དང་། སྲིད་ཇུས་ལ་བརྩོན་ལེན་བྱ་རྒྱུར་དམིགས་ཏེ་དངུལ་རྩས་ས་གནས་ལ་ཞབས་འདེཊ་ཞུ་བའི་ནུས་པ་ཆེ་རུ་གཏོང་རྒྱུ། ལས་སྟེཊ་གཏོད་རྒྱུར་དམིགས་ནས་མ་དངུལ་བསྡུ་སྒྲིལ་གྱི་ཁག་ཐེག་ཐོན་ཁུངས་ལེགས་སྒྱུར་དང་བསྡུ་སྒྲིལ་བྱ་རྒྱུ།
ཉེན་འགོག་ལ་དམིགས་ནས་དངུལ་རྩའི་ཁོར་ཡུག་བཟང་པོ་བཏོད་དེ་ནུས་ཤུགས་ཡོད་རྒུས་གྲོང་ཁྱེར་ཡོངས་ཀྱི་དངུལ་རྩའི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社