分享按钮

བོད་སྐྱོར་དགེ་རྒན་ཝུའུ་སུའུ་ཏུང་གིས་བརྩེ་སེམས་བཅངས་ནས་ ས་མཐོའི་སློབ་མ་གསོ་སྐྱོང་བྱས་པ།

མེས་རྒྱལ་ལྷོ་ནུབ་མཐའ་མཚམས་ཀྱི་ལྷ་སར་སྐད་གྲགས་མེད་པར་ལེགས་སྐྱེས་འབུལ་མཁན་གྱི་བོད་སྐྱོར་དགེ་རྒན་ཞིག་ཡོད་ཅིང་། ཁོང་ནི་བོད་ཀྱི་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་བའི་རུ་སྣེ་ཁྲིད་མཁན་དང་། བོད་ཀྱི་སློབ་གསོའི་བྱ་གཞག་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་གྱི་འཚོལ་ཞིབ་པ། རྒྱ་བོད་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་ལག་ལེན་པ་བཅས་རེད། བོད་སྐྱོར་སློབ་ཁྲིད་ཀྱི་ལོ་གཉིས་ནང་ཝུའུ་སུའུ་ཏུང་གིས་དགེ་རྒན་གྱི་འགན་འཁྲི་ཐོག་མཐའ་བར་གསུམ་དུ་ཕྲག་ཏུ་ཁུར་ནས་བླ་ན་མེད་པའི་དགེ་རྒན་གྱི་ཀུན་སྤྱོད་ཚད་གཞིར་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་དགེ་རྒན་གྱི་འགན་འཁྲི་དང་ལས་འགན་ལ་གསལ་འགྲེལ་བྱས་པས་ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གི་དགེ་སློབ་ཚོའི་སེམས་ནང་གི་མིག་དཔེ་དང་ལམ་སྟོན་པར་གྱུར་པ་དང་། 2024ལོའི་ཟླ་9པར། ཝུའུ་སུའུ་ཏུང་ལྷ་ས་གྲོང་ཁྱེར་གྱི་ཕུལ་བྱུང་སློབ་གསོའི་བོད་སྐྱོར་ཤེས་ལྡན་པར་བདམས་པ་རེད།

ཅང་སུའུ་རུའུ་ཏུང་རྫོང་ཚོད་ལྟའི་སློབ་འབྲིང་ནས་ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་བར་བར་ཐག་སྤྱི་ལེ་4000དང་ས་བབ་ཀྱི་ཧེ་བག་སྨི་3650ཟིན་གྱི་ཡོད། བོད་ལ་བློ་ཁ་ཕྱོགས་པ་དང་། བོད་སྐྱོར་བཀོད་འདོམས་པུའི་གཅིག་གྱུར་འགོ་ཁྲིད་འོག་ཝུའུ་སུའུ་ཏུང་ཕ་ཡུལ་གྱི་གཉེན་ཉེ་དང་རྒྱུས་མངའ་ཆེ་བའི་འཚོ་བའི་ཁོར་ཡུག་ལས་ཁ་གྱེས་ཏེ།ལེ་དབར་སྟོང་གི་ས་ནས་ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་དུ་ཡོང་བ་ནས་བཟུང་། རྒྱ་ཡིག་སློབ་གསོའི་ལས་དོན་ལ་གཞོལ་བ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་སློབ་གསོའི་བྱ་གཞག་ལ་བཅངས་པའི་དད་སེམས་དང་དགའ་ཞེན་མཚོན་པར་བྱས་ཡོད།

རྒྱུན་གཏན་གྱི་སློབ་ཁྲིད་ལས་ཀའི་ཁྲོད་ཝུའུ་སུའུ་ཏུང་གིས་འགན་འཁྲི་ལྕི་པོ་ཁུར་ནས་མཐོ་རིམ་སློབ་འབྲིང་འཛིན་གྲྭ་གཉིས་ཀྱི་རྒྱ་ཡིག་སློབ་ཁྲིད་ཀྱི་ལས་འགན་འཁུར་བཞིན་ཡོད། དེ་ལྟ་བུ་ལྗིད་རྫོབ་ཆེ་བའི་སློབ་ཁྲིད་ཀྱི་བྱ་བའི་ཁྲོད་དུ། ཁོང་གིས་སྔར་བཞིན་སློབ་ཁྲིད་གི་གྲ་སྒྲིག་ནང་དོན་རེ་རེ་བཞིན་ལག་བྲིས་ཀྱི་ཐོག་ནས་གྲ་སྒྲིག་ལེགས་པར་བྱེད་པ་དང་། སློབ་གྲྭའི་ནན་ཏན་ལྔ་ཡི་བླང་བྱ་ལྟར་ལག་བསྟར་ནན་ཏན་བྱེད་ཀྱི་ཡོད། འཛིན་བདག་ཡིན་པའི་ངོས་ནས་ཁོང་གིས་དཀའ་ངལ་ཁྱད་བསད་དང་ཞིབ་ཚགས་ཏན་ཏིག་བྱས་ནས་སློབ་མས་རང་འགུལ་ངང་བཀོད་སྒྲིག་བྱས་པའི་དུས་ཚོད་ལ་དོ་དམ་ཡག་པོ་བྱེད་ཀྱི་ཡོད་ཅིང་། ཉིན་ལྟར་ཞོགས་པའི་སྐྱོར་སྦྱངས་ནས་འཛིན་གྲྭའི་ནང་སྐོར་ཞིབ་བྱེད་པ་དང་། དགོང་མོའི་རང་སྦྱོང་གྲོལ་རྗེས་གཞི་ནས་སྡོད་གནས་སུ་ལོག་འགྲོ་ཡི་ཡོད། ཁོང་གིས་འབད་པ་བྱས་པར་བརྟེན། སློབ་ཁྲིད་བྱ་ཡུལ་འཛིན་གྲྭའི་སྦྱངས་འབྲས་ཕུལ་དུ་བྱུང་ཞིང་། སློབ་དཀྱིལ་དང་སློབ་མཇུག་གི་ཕྱོགས་བསྡུས་རྒྱུགས་ལེན་ཐེངས་དྲུག་ཁྲོད་ཐེངས་བཞི་ལོ་རིམ་གྱི་ཨང་དང་པོའི་གྲས་སུ་ཚུད་ཡོད་པ་རེད།

སློབ་གྲྭ་དེའི་སློབ་མ་ཀརྨ་ཕུན་ཚོགས་ཀྱིས་ངའི་རྨང་གཞི་ཅུང་ཞན་པས་སྐབས་རེ་རྗེས་ཟིན་གྱི་མི་འདུག་པས། རྒན་ལགས་ཀྱིས་ང་རང་གཅིག་པུར་གཞུང་ལས་ཁང་དུ་སྐད་བཏང་ནས་ང་ལ་ཐབས་ཤེས་མང་པོ་བསླབ་བྱུང་ཞེས་བཤད།

བོད་དུ་ལས་ཀ་ལོ་གཉིས་བྱེད་རིང་། ཝུའུ་སུའུ་ཏུང་གིས་རྟག་ཏུ་གནད་དོན་ཞིག་ལ་བསམ་བློ་གཏོང་གི་ཡོད་པ་སྟེ། བོད་སྐྱོར་ལས་ཀ་མཇུག་འགྲིལ་རྗེས་ཕྲུ་གུ་དེ་དག་གིས་གང་འདྲ་བྱེད་དགོས་མིན་ཐད་བསམ་བློ་གཏོང་གི་ཡོད་དམ།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-02 6 6 拉萨日报藏文 c190308.html 1 བོད་སྐྱོར་དགེ་རྒན་ཝུའུ་སུའུ་ཏུང་གིས་བརྩེ་སེམས་བཅངས་ནས་ ས་མཐོའི་སློབ་མ་གསོ་སྐྱོང་བྱས་པ། /enpproperty-->