分享按钮

གྲོང་ཁྱེར་ཡོངས་ཀྱི་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་10ཚེས་30ཉིན། གྲོང་ཁྱེར་ཡོངས་ཀྱི་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་།

ཚོགས་འདུའི་ཐོག་དུས་རབས་གསར་པའི་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ལས་དོན་བཀོད་སྒྲིག་བྱས་པ་དང་། རིམ་ཁག་ཚན་པ་ཁག་གིས་གྲོང་ཁྱེར་ཡོངས་ཀྱི་ལས་བྱེད་པ་རྒན་གྲས་ཀྱི་ཞབས་ཞུའི་དོ་དམ་ལས་དོན་མུ་མཐུད་ཞིབ་ཚགས་ངང་བསྒྲུབས་ཏེ།ལས་བྲལ་ལས་འཁྱུར་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་རིམ་པའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགས་མུ་མཐུད་གཏོད་དགོས་པའི་བླང་བྱ་བཏོན་པ་རེད།

གྲོང་ཨུད་ཀྱི་རྒྱུན་ཨུ་དང་། རྩ་འཛུགས་པུའི་པུའུ་ཀྲང་ཀྲང་ཏིང་ཁྲེང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཀྲང་ཏིང་ཁྲེང་གིས་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་དང་ཐོག་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། དུས་རབས་གསར་པའི་ལས་བྱེད་པ་རྒན་གྲས་ཀྱི་ལས་ཀའི་ངེས་གནས་དང་འགན་འཁྲི་སྟངས་འཛིན་ཡང་དག་བྱེད་པ། ལས་བྱེད་པ་རྒན་གྲས་ཀྱི་ལས་ཀའི་ངོ་བོ་དང་ཁྱད་ཆོས་ལ་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ། ལས་བྲལ་དང་ལས་འཁྱུར་གྱི་ལས་བྱེད་རྒན་གྲས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ། དུས་རབས་གསར་པའི་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱེད་དགོས། གཙོ་གནད་ལས་འགན་ལ་དམིགས་ནས་རྩ་འཛུགས་བཀོད་སྒྲིག་དང་བྱེད་སྒོ་སྤེལ་སྟངས་ཚད་ལྡན་དུ་གཏོང་བ་དང་། ནུས་པ་རྒྱ་ཁྱབ་ངང་འདོན་སྤེལ་བྱེད་པ། རྨང་གཞིའི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། ལས་བྱེད་པ་རྒན་གྲས་ཀྱི་ལས་ཀའི་དཔུང་ཁག་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྔོན་ཐོན་དཔེ་མཚོན་འདེམས་པ་དང་།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-02 6 6 拉萨日报藏文 c190307.html 1 གྲོང་ཁྱེར་ཡོངས་ཀྱི་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་པ། /enpproperty-->