ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་10ཚེས་29ཉིན། ལྷ་སའི་ཝང་ཧྥུའུ་ཅིང་ཉོ་སྒྲུབ་ལྟེ་གནས་ཀྱི་སྐར་འོད་མདངས་ཆེམ་ཆེམ་དུ་འཕྲོ་བས་ལྷ་ས་གསལ་བར་བྱེད་ཅེས་པ་གཙོ་དོན་དུ་བྱས་པའི་གློག་བཞུའི་མཛད་སྒོ་འཚོཊ་པ་རེད། གསར་འགོད་པས་མཛད་སྒོའི་ཐོག་ནས་ཤེས་རྟོཊ་བྱས་པར་གཞིགས་ན། མིག་སྔར། ལྟེ་གནས་དེས་ཚོང་འགུགས་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་གྲགས་ཅན་སྤུས་རྟགས་ཆེ་གྲས་ཁག་གཅིག་རྗེས་གཉིས་མཐུད་ངང་དེའི་ནང་ཞུགས་པ་དང་ལས་འགོ་འཛུགས་པའི་གྲ་སྒྲིག་ལས་དོན་ཁག་ཀྱང་བྲེལ་བརྩོན་ཆེན་པོས་སྤེལ་བཞིན་ཡོད་པས་ཟླ་12ཚེས་28ཉིན་སྒོ་ཕྱེ་ནས་སྐུ་མགྲོན་བསུ་རྒྱུ་ཡིན་པ་དང་། སྐབས་དེར་རྒྱ་ཆེའི་གྲོང་མི་མང་ཚོགས་ལ་ཉོ་སྒྲུབ་ཉམས་ལེན་གསར་རྐྱང་དང་འཚོ་བར་སྟབས་བདེ་བའི་ཞབས་འདེགས་ཞུ་རྒྱུ་ཡིན་པ་རེད།
ལྷ་སའི་ཝང་ཧྥུའུ་ཅིང་ཉོ་སྒྲུབ་ལྟེ་གནས་ནི་ཝང་ཕུའུ་ཅིང་ཚོགས་པའི་གཙོ་གནད་རྣམ་གྲངས་ཤིག་ཡིན་པ་དང་། རྣམ་གྲངས་དེ་གྲ་སྒྲིག་བྱེད་རིང་ཚོགས་པ་ཧྲིལ་པོས་སེམས་ནུས་གཅིག་སྒྲིལ་དང་འགག་སྒྲོལ་དཀའ་སེལ་བྱས་ཏེ་ཝང་ཕུའུ་ཅིང་ཚོགས་པའི་ལས་སྟེགས་ཆེན་པོའི་ལེགས་ཆ་འདོན་སྤེལ་གང་ལེགས་དང་སྤུས་རྟགས་མང་པོ་ཐོག་མར་ནང་འདྲེན་བྱས་པས་བོད་ཀྱི་ཚོང་ལས་ཀྱི་སྟོང་ཆ་བསྐངས་ཡོད་པ་རེད། མིག་སྔར། ལྷ་སའི་ཝང་ཧྥུའུ་ཅིང་ཉོ་སྒྲུབ་ལྟེ་གནས་ཀྱི་ཚོང་འགུགས་མྱུར་ཚད་བརྒྱ་ཆ་90ཡན་ལེགས་གྲུབ་ཟིན་པ་དང་སྤུས་ལེགས་སྤུས་རྟགས་300ལྷག་ཙམ་དེའི་ནང་ཞུགས་ཡོད་པ་དེ་དག་ལ་ཧེང་ཏེན་གློག་བརྙན་ཁང་དང་། ས་གཙང་ལེཊ་འདེམས་སྒོ་རྩིས་ཚོང་ཁང་། ཅིང་ཏུང་ཁྱིམ་སྤྱོད་གློག་ཆས། ཧྭ་ཝུའེ་རིག་ནུས་འཚོ་བ་ཁང་། ཧའེ་ཀང་གི་རབ་དགའི་རོལ་རྩེད་གྲོང་། ཅ་ཤིང་འདུ་གནས་སོགས་ཚུད་ཡོད་པ་དང་། ལྷ་སར་ཐོག་མར་འབྱོར་བའི་སྤུས་རྟགས་ཀྱིས་བརྒྱ་ཆ་30ཟིན་ཡོད་པ་རེད། ཚོང་པ་ཁྲེན་ཧྲ་ཡིས་ལྷ་སར་པ་ཝང་ཁྲ་ཅི་ཞེས་པའི་ཚོང་ཁང་4ཡོད་པ་དང་ལྷ་སའི་ཝང་ཧྥུའུ་ཅིང་ཉོ་སྒྲུབ་ལྟེ་གནས་ཀྱི་ཚོང་ཁང་ནི་ང་ཚོའི་ཚོང་ཁང་ལྔ་པ་དེ་ཡིན། འདི་གར་དར་སྲོལ་འཛད་སྤྱོད་གཅིག་སྡུད་ཁུལ་ཧུར་ཐག་བཏོད་དེ་ཁྱོན་ཡོངས་ཀྱི་ཚོང་ལས་ཀྱི་རྣམ་པ་དང་འཛད་སྤྱོད་ཀྱི་ཁོར་ཡུག་ལེགས་སུ་བཏང་ཡོད་པས་ལྟེ་གནས་འདིའི་ཚོང་ལས་འཕེལ་རྒྱས་ཀྱི་མདུན་ལམ་ཐད་ང་ཚོར་ཡིད་ཆེས་ཆེན་པོ་ཡོད་ཅེས་བཤད།
གཞི་ཁྱོན་ཐད་ནས་ལྷ་སའི་ཝང་ཧྥུའུ་ཅིང་ཉོ་སྒྲུབ་ལྟེ་གནས་ཀྱི་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་30.2ཟིན་པ་དང་ཚོང་ལས་ཀྱི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་18.2ཟིན་ནས་རླངས་འཁོར་འཇོག་གནས་1300ལྷག་ཙམ་མཁོ་འདོན་ཐུབ་པས་གྲོང་ཁྱེར་ཡོངས་ཀྱི་ཆེས་ཆེ་ཤོས་ཡིན་པའི་ཁང་པའི་ཕྱི་རོལ་གྱི་3Dབརྙན་ཤེལ་ཡོད་པར་མ་ཟད། ད་དུང་གནམ་སྔོན་པོ་དང་། སྤྲིན་དཀར་པོ། འཁྱགས་རོམ།ནགས་ཚལ། རྦབ་ཆུ། ཚོན་མདོག་རྣམ་པར་བཀྲ་བའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གཞི་རྒྱུ་ལས་གྲུབ་པའི་གནས་ཆེ་གྲས་ལྔ་ཡོད་པ་དེ་དག་གིས་བཟོ་སྐྲུན་གྱི་དམིགས་བསལ་ཁྱད་ཆོས་དང་ས་ཁོངས་རིག་གནས་དང་།དེ་བཞིན་རང་བྱུང་མཛེས་ལྗོངས་དང་ཞི་མཐུན་མཉམ་འདྲེས་གང་ལེགས་ཐུབ་ཡོད་པ་རེད།
ལས་རྣམ་འཆར་འགོད་ཐད། ལྷ་སའི་ཝང་ཧྥུའུ་ཅིང་ཉོ་སྒྲུབ་ལྟེ་གནས་ཀྱིས་གྲོང་ཁྱེར་གྱི་སྤྱི་ཚོགས་འབྲེལ་བའི་རོལ་རྩེད་གཅིག་སྡུད་དར་སྲོལ་ལྟེ་གནས་དང་། སྤུས་ཚད་དང་འཚོ་བ་གཅིག་འཐུས་རྣམ་པའི་ཉམས་ལེན་ལྟེ་གནས། ཚོགས་པའི་གཅིག་སྡུད་ལྟེ་གནས། སྤུས་རྟགས་གཅིག་སྡུད་ལྟེ་གནས་བཅས་ཚོང་ལས་ཀྱི་ལྟེ་བ་ཆེ་གྲས་བཞིར་དམ་པོར་དམིགས་ནས་སྲོལ་རྒྱུན་ལས་རྣམ་མངོན་སྟངས་དང་ཁྱབ་ཁོངས་ཀྱི་ཚོད་འཛིན་མེད་པར་བཟོས་ཡོད། ཚོང་ཁང་ཐོག་མ་གཅིག་སྡུད་དང་། ཚོང་ཁང་ཨ་མ་གཙོ་བོ། ལས་རྣམ་གསར་གཏོད་མཉམ་འདྲེས་བཅས་ཟུང་འབྲེལ་བྱ་རྒྱུ་གཙོ་གནད་དུ་བྱས་ཏེ། ལས་རིགས་བརྒལ་ནས་སྣ་མང་གི་འཚོ་བ་སྐྱེལ་སྟངས་མངོན་པར་བྱས་ཡོད། ཚོང་རའི་ནང་རྒྱལ་སྤྱིའི་བྱུག་རྫས་རྩེ་གྲ་དང་རྒྱས་སྤྲོས་དངོས་རྫས་སོགས་གཙོ་གནད་དུ་སིལ་འཚོང་གཅིག་ཏུ་བསྡུས་ཡོད་པ་དང་། ལུས་རྩལ་དང་། ལས་རིགས་ལས་བརྒལ་བའི་ཉམས་ལེན། བརྗོད་བྱ་གཙོ་བོའི་ཨར་ཁང་། དར་བཟོ་ཆེ་བའི་སྒྲོག་ཙེའི་ཐོག་གི་རོལ་རྩེད། དགའ་སྣང་གསོ་སྦྱོང་སོགས་ཀྱི་ཉམས་ལེན་ལས་རྣམ་ནང་འདྲེན་བྱས་ཏེ། སིལ་ཚོང་དང་མཚན་མོའི་དཔལ་འབྱོར་མཉམ་འདྲེས་གང་ལེགས་བྱེད་པ་དང་འབྲེལ་ཚད་མཐོའི་ལེགས་ཆ་གསབ་རེས་བྱ་རྒྱུ། ཕྱོགས་ཡོངས་དང་། རྣམ་པ་མང་བ། རིག་གནས་མང་པོ་བཅས་ཀྱི་ཉོ་སྒྲུབ་ཉམས་ལེན་གྱིས་འཛད་སྤྱོད་པའི་ཉོ་སྒྲུབ་དང་ཕྱིར་སྐྱོད་སོགས་ཀྱི་དགོས་མཁོ་སྐོང་ཐུབ་པར་བྱ་རྒྱུ་ཡིན་པ་དང་། ནུས་ཤུགས་ཡོད་རྒུས་ལྷ་སའི་ཉིན་མཚན་ལྟོས་མེད་ཀྱི་གྲོང་བཏོད་དེ་ཁོངས་གཏོགས་ཁུལ་གྱི་ཚོང་ལས་ཀྱི་སྟོང་ཆ་བསྐང་རྒྱུ་རེད། གྲོང་མི་ཨའེ་མིང་ཏུང་གིས་ཝང་ཕུའུ་ཅིང་ངའི་ཁྱིམ་གྱི་ཉེ་འགྲམ་དུ་ཡོད་པ་དང་། ལྷ་སའི་ཝང་ཧྥུའུ་ཅིང་ཉོ་སྒྲུབ་ལྟེ་གནས་སྐྲུན་འགོ་ཚུགས་པ་ནས་བཟུང་ངས་དོ་ཁུར་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། འདི་གར་གཅིག་འཐུས་རྣམ་པའི་ཐོག་ནས་ང་ཚོའི་འཚོ་བའི་དགོས་མཁོ་སྐོང་ཐུབ་རྒྱུ་ཡིན་པས། ཉོ་སྒྲུབ་ལྟེ་གནས་སྔ་ཙམ་ལས་གཉེར་ཐུབ་རྒྱུའི་རེ་བ་ཡོད། ང་ཚོས་ནང་མི་དང་གྲོགས་པོ་མཉམ་དུ་སྤྲོ་གསེང་དང་། རོལ་རྩེད། ལྷོད་ལྷོད་བཅས་བྱེད་པར་ཡོང་རྒྱུར་ལྷག་པར་དུ་རེ་སྒུག་བཅས་བྱེད་བཞིན་ཡོད་ཅེས་བཤད།
ལྷ་སའི་ཝང་ཧྥུའུ་ཅིང་ཉོ་སྒྲུབ་ལྟེ་གནས་དོ་དམ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་ཀྲུའུ་ལི་ཀུའེ་ཡིས་གསར་འགོད་པར། ལྷ་ས་དང་ཐ་ན་བོད་ཀྱི་ཚོང་ལས་ཕྱོགས་བསྡུས་དངོས་ཚན་ཆེ་ཤོས་ཡིན་པའི་ལྷ་སའི་ཝང་ཧྥུའུ་ཅིང་ཉོ་སྒྲུབ་ལྟེ་གནས་ཀྱིས་སྲོལ་རྒྱུན་གྱི་ཚོང་ལས་བསམ་ཕྱོགས་ལས་ཚད་བརྒལ་བྱས་ཏེ། དེ་བས་གསར་གཏོད་ཀྱི་ཚོང་ལས་བྱུ་ཡུལ་དང་། དེ་བས་སྣ་མང་ཕུན་སུམ་ཚོགས་པའི་སྤུས་རྟགས་མཉམ་སྒྲིག་བྱེད་པ། དེ་བས་གསོན་ཤུགས་ལྡན་པའི་གཙོ་དོན་གནས་ཁུལ། དེ་བཞིན་འཛད་སྤྱོད་ཉམས་ལེན་གསར་པ་བཅས་བཏོད་དེ། འཛད་སྤྱོད་པར་འཚོ་བའི་སྤུས་ཚད་ཀྱི་འདོད་ཚུལ་གསར་པ་མཁོ་འདོན་བྱ་རྒྱུར་གཞོལ་རྒྱུ་དང་། བོད་ཀྱི་ཚོང་ལས་ཀྱི་དར་སྲོལ་གསར་པར་སྣེ་ཁྲིད་བྱ་རྒྱུ། གྲོང་ཁྱེར་གྱི་གྲོང་མིའི་འཚོ་བ་དང་རོལ་རྩེད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། ལྷ་སར་ཚོང་ལས་ཀྱི་གསོན་ཤུགས་གསར་པ་སྣོན་རྒྱུ་ཡིན་ཞེས་བཤད། (བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社