分享按钮

(པར་ངོས་དང་པོར་མཐུད)

ཀྲའོ་ཧུའེ་ཉན་གྱིས་རྒྱ་ཆེའི་འཐུས་མི་ཚོས་ཆབ་སྲིད་ལ་སྣང་ཆེན་བྱེད་པ་དང་། ཆབ་སྲིད་ཀྱི་མ་མཐའི་མཚམས་ཐིག་ནན་པོར་སྲུང་བ། མི་དམངས་ཀྱི་ལངས་ཕྱོགས་བརྟན་པོར་སྲུང་བ། ཏང་དང་བློ་གཅིག་སེམས་གཅིག་བྱེད་པ། ཚད་གཞི་བཞི་ལག་བསྟར་ཧུར་ཐག་བྱེད་པ།འདུ་ཤེས་གསུམ་ཟབ་ཏུ་གཏོང་བ། མོས་སེམས་ལྔ་ཟབ་ཏུ་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་སྟེ། བྱས་རྗེས་འཇོག་རྒྱུར་སྣང་ཆེན་བྱེད་པ་དང་། ཀྲུང་གོ་ཅན་གྱི་ཁ་ཕྱོགས་བརྟན་སྲུང་བྱེད་པ། གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་སྣེ་ཁྲིད་དུ་བྱེད་པ་བཅས་ཀྱི་ཐོག་ནས་བོད་བརྒྱུད་ནང་བསྟན་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། གསུང་རབ་ཀྱི་བསྟན་དོན་འཐུས་ཚང་དུ་གཏོང་བ། བསྟན་དོན་དང་འདུལ་ཁྲིམས་འཆད་འགྲེལ་གཏིང་ཟབ་བྱེད་པ་བཅས་བྱེད་དགོས། འགན་འཁྲི་འཁུར་ཕོད་པར་བྱས་ཏེ་སློབ་གསོ་ནན་པོ་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། དགོན་སྡེའི་གྲྭ་བཙུན་གྱི་བྱང་ཚད་མཐོ་རུ་གཏོང་བ། ཆོས་ལུགས་ཀྱི་དར་སྲོལ་བཟང་པོ་ཆགས་པར་བྱེད་པ། རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་དར་སྤེལ་གཏོང་བ་བཅས་བྱེད་དགོས། ཁྱོན་ཡོངས་ལ་སྣང་ཆེན་དང་། ལྟེ་བའི་ལས་དོན་ལ་ཞབས་འདེགས་ཞུ་བ། དབུལ་སྐྱོར་དཀའ་སེལ་དང་བབ་ཆགས་གྲོན་ཆུང་སོགས་དར་སྤེལ་བཏང་སྟེ་དད་ལྡན་མང་ཚོགས་ཀྱིས་དོན་ཆེན་བཞིར་དམིགས་པ་དང་།འཛུགས་གཏོད་བཞིར་ཤུགས་རྒྱག་པ། རྩ་དོན་ལྔར་དམ་འཛིན་གྱིས་འཐབ་ཇུས་ཆེན་པོ་བཞི་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ།སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་ཁྲིད་སྟོན་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད།

སྐལ་བཟང་ཚེ་བརྟན་གྱིས་གྲོང་ཁྱེར་ཡོངས་ཀྱི་ཆོས་ལུགས་ལས་རིགས་དང་ལྷག་པར་དུ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ལས་འཛིན་ལྷན་ཚོགས་ཀྱིས་དེ་བས་རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་དེ།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་།གྲོང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བར་བྱས་ཐོག་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་ཆབ་སྲིད་ཐད་བློ་སེམས་གཅིག་མཐུན་དང་། ལངས་ཕྱོགས་ཐད་བསམ་བློ་དང་དད་སེམས་གཅིག་མཐུན། ལས་དོན་ཐད་མཉམ་སྐྱོད་བཅས་ཡོང་བར་བྱས་ཏེ་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་པ་དང་རླབས་ཆེན་བསྐྱར་དར་གྱི་ཕུགས་འདུན་མངོན་འགྱུར་ཡོང་བར་བྱས་ནས་ནུས་ཤུགས་ཡོད་རྒུས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་བྱ་ཆེད་སེམས་ནུས་གཅིག་སྒྲིལ་དང་བྱས་རྗེས་གསར་པ་འཇོག་དགོས་པའི་བླང་བྱ་བཏོན་གནང་བ་རེད།

གསར་དུ་བདམས་ཐོན་བྱུང་བའི་ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་སྐབས་དྲུག་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོས་གཏམ་བཤད་སྤེལ་བ་རེད།

ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་དྲུང་ཆེ་ལིའུ་ཀྲོའུ་ཕིང་དང་གྲོང་སྤྱི་གཞོན་པ་ཀྲའོ་ཧྲི་ཏུང་ཚོགས་འདུར་ཞུགས་ཡོད་པ་རེད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-02 6 6 拉萨日报藏文 c190305.html 1 /enpproperty-->