分享按钮

2023ལོར་འདུས་འདྲིལ་གཅོང་ནད་དེ་སླར་ཡང་མི་ཤི་ཚད་ མང་ཤོས་ཀྱི་འགོས་ནད་ཅིག་ཏུ་གྱུར་པ།

ཤིན་ཧྭ་གསར་འགྱུར་ཁང་རེ་ནེ་ཝ་ནས་ཟླ་10ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཚེས་29ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུཊ་ཀྱིས་སྙན་ཞུ་ཁྱབ་བསྒྲཊ་བྱས་པའི་ནང་2023ལོར་འདུས་འདྲིལ་གཅོང་ནད་ཀྱི་རྐྱེན་པས་མི་ཤི་ཚད་ཁྲི་125ཟིན་པ་དེ་ཏོག་གསར་གློ་ཚད་དང་འབྲེལ་བ་ཡོད་པའི་མི་ཤི་ཚད་ལས་བརྒལ་ནས་སླར་ཡང་མི་ཤི་ཚད་མང་ཤོས་ཀྱི་འགོས་ནད་ཅིག་ཏུ་གྱུར་ཡོད་ཅེས་འཁོད་ཡོད་པ་རེད།

《2024ལོའི་གོ་ལ་ཧྲིལ་པོའི་འདུས་འདྲིལ་གཅོང་ནད་སྙན་ཞུའི》ནང་།འདུས་འདྲིལ་གཅོང་ནད་དང་འབྲེལ་བ་ཡོད་པའི་མི་ཤི་ཚད་2022ལོའི་ཁྲི་132དང་བསྡུར་ན་ཅུང་ཆག་ཡོད་མོད། འོན་ཀྱང་2023ལོར་གསར་དུ་གཏན་འཁེལ་བྱས་པའི་ནད་དཔེ་ཁྲི་820ཟིན་པ་དེ་2022ལོར་སྙན་ཞུ་བྱས་པའི་ཁྲི་750དང་བསྡུར་ན་མངོན་གསལ་དོད་པོས་མང་དུ་ཕྱིན་ནས་1995ལོ་ནས་བཟུང་ལྟ་ཞིབ་ཚད་ལེན་བྱེད་འགོ་ཚུཊ་ཚུན་གྱི་ཟིན་ཐོ་མཐོ་ཤོས་ཡིན་པ་མངོན་ཡོད།

སྙན་ཞུའི་ནང་རྒྱལ་ཁབ་ཁག་གིས་འདུས་འདྲིལ་གཅོང་ནད་འགོག་བཅོས་བྱེད་པའི་འཕེལ་རིམ་ཆ་མི་སྙོམས་པ་དང་མ་དངུལ་ཧ་ཅང་མི་འདང་བ་སོགས་ཀྱི་འགྲན་སློང་འཕྲད་ཡོད། 2023ལོར་གོ་ལ་ཧྲིལ་པོའི་འདུས་འདྲིལ་གཅོང་ནད་འགོག་བཅོས་མ་དངུལ་སྔར་བས་ཉུང་དུ་ཕྱིན་ཡོད། ལོ་འཁོར་གྱི་མ་དངུལ་གྲབས་གསོག་གི་དམིགས་ཚད་ནི་ཨ་སྒོར་དུང་ཕྱུར་220ཡིན་པ་དང་ཨ་སྒོར་དུང་ཕྱུར་57ལས་ཟིན་གྱི་མེད། ཡོང་འབབ་འབྲིང་བའམ་དམའ་བའི་རྒྱལ་ཁབ་ལ་མ་དངུལ་དཀོན་པའི་གནད་དོན་ཚབས་ཆེན་འཕྲད་ཡོད་ཅེས་བསྟན་ཡོད།

སྙན་ཞུའི་ནང་གསར་དུ་གཏན་འཁེལ་བྱས་པའི་འདུས་འདྲིལ་གཅོང་ནད་ཀྱི་དཔེ་མཚོན་མང་པོ་ཞིག་ནི་གཙོ་བོ་ཉེན་ཁའི་རྒྱུ་རྐྱེན་ལྔ་དང་འབྲེལ་བ་ཡོད་པ་སྟེ། འཚོ་བཅུད་མི་འདང་བ་དང་། ཨེ་ཙེའི་ནད་དུག་འགོས་པ། ཨ་རག་ཉིང་ཁུ་སྤྱོད་པའི་འགོག་རྐྱེན། ཐ་མག་འཐེན་པ་དང་དེ་བཞིན་གཅིན་པ་མངར་འགྱུར་གྱི་ནད་བཅས་ཡིན་ཞེས་བསྟན་ཡོད། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-01 6 6 拉萨日报藏文 c190297.html 1 2023ལོར་འདུས་འདྲིལ་གཅོང་ནད་དེ་སླར་ཡང་མི་ཤི་ཚད་ མང་ཤོས་ཀྱི་འགོས་ནད་ཅིག་ཏུ་གྱུར་པ། /enpproperty-->