(པར་ངོས་དང་པོར་མཐུད)ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་དེ་ལྗོངས་ཡོངས་སུ“འགན་གཙོ་བོ་འཁུར་བ”དང་།“མིག་དཔེ་འདོན་པ”“མདུན་གྲལ་དུ་སྐྱོད་པ”བཅས་ལ་སྐུལ་འདེད་གཏོང་དགོས་པའི་མཛུབ་སྟོན་གནང་བ་རེད།
ཝང་ཆང་གིས། གནམ་མཚོའི་རྒྱལ་ཁབ་ཀྱི་5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་བཏོད་པར་གཞན་ལ་མེད་པའི་ཐོན་ཁུངས་ཀྱི་ལེགས་ཆ་དང་འགྲན་རྩོད་ཀྱི་ལེགས་ཆ་ལྡན་ཡོད། མཐོ་ས་ནས་སྐུལ་འདེད་གཏོང་དགོས། གསར་གཏོད་ལས་དོན་ནི་ཆབ་སྲིད་ཀྱི་ལས་འགན་ཞིག་ཡིན་ལ་རང་ངོས་འཕེལ་རྒྱས་ཀྱི་ལྡོག་མེད་བླང་བྱ་ཞིག་ཀྱང་ཡིན་པའི་ངོས་འཛིན་གཏིང་ཟབ་བྱས་ཏེ། སེམས་ཐག་གཙང་བཅད་ཀྱིས་གསར་གཏོད་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་དང“འགོ་ཁྲིད་ཨང་དང་པོའི”འདུ་འགོད་ཅིག་ཏུ་བརྩིས་ནས“གསར་གཏོད་བྱས་ཚེ་གྲུབ་འབྲས་ཐོབ་ཐུབ་པའི”ཡིད་ཆེས་བརྟན་པོ་དང་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་ཐོག་ནས་ལས་དོན་ཁག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཆེད་སྒྲུབ་ཚོགས་ཆུང་ལ་སྐུལ་འདེད་གཏོང་དགོས། ལས་ཀའི་ཆེད་སྒྲུབ་ཚོགས་ཆུང་བཙུགས་ཏེ་རྒྱལ་ཁབ་ཀྱི་5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གཏོད་པའི་ཚད་གཞི་ལྟར་ལས་འགན་གསལ་ཐོ་བཟོ་བ་དང་ལས་འགན་ཁག་ལེགས་སྒྲུབ་བྱེད་པའི་དུས་ཚོད་དང་འབྲེལ་ཡོད་འགན་འཁུར་བ་ཁ་གསལ་བཟོ་བ། ལས་ཡུན་ལྡོག་སྒྲིག་དང་ལས་རིམ་གསལ་བཀོད་བྱེད་པ།སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་གནས་པའི་མངོན་གསལ་དོད་པའི་གནད་དོན་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱེད་པ་བཅས་བྱས་ཏེ་འཛུགས་གཏོད་ལས་དོན་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས། སྐུལ་འདེད་ཞིབ་ཕྲ་གཏོང་དགོས། གནམ་མཚོའི་མཛེས་ལྗོངས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་པེ་ཅིང་དང་ཅང་སུའུ་སོགས་ཞིང་ཆེན་དང་གྲོང་ཁྱེར་གྱིས་5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གཏོད་པའི་སྔོན་ཐོན་དོ་དམ་བྱེད་སྟངས་དང་གཉེར་སྐྱོང་བྱ་ཐབས་ལ་སློབ་སྦྱོང་བྱས་ནས་ཡུལ་བབ་དང་བསྟུན་ཏེ་གཏོད་པའི་ལས་དོན་གཏིང་ཟབ་དང་། ཞིབ་ཚགས།ཏན་ཏིག་བཅས་ཀྱི་སྒོ་ནས་སྤེལ་རྒྱུར་སྐུལ་འདེད་གཏོང་བ། མཐུན་སྦྱོར་ངང་སྐུལ་འདེད་གཏོང་དགོས། པོ་ཏ་ལ་རིག་གནས་ཡུལ་སྐོར་ཚོགས་པ་དང་འདམ་གཞུང་རྫོང་གིས་གསར་གཏོད་ལས་དོན་བརྒྱུད་རིམ་ཧྲིལ་པོའི་ནང་གཏིང་ཟབ་ཞུགས་ནས་འབྱུང་འགྱུར་གྱི་དོ་དམ་གཉེར་སྐྱོང་ལ་རྨང་གཞི་འདིང་དགོས། འབྲེལ་ཡོད་འགན་འཁྲི་སྡེ་ཚན་གྱིས་སྒྲིག་ཁོངས་དང་།འཆར་འགོད་ལ་འབྲེལ་བ་ཡོད་པའི་ཚན་པ།དེ་བཞིན་འདམ་གཞུང་རྫོང་དང་འབྲེལ་གཏུགས་དམ་ཟབ་དང་། སྦྲེལ་མཐུད་གཞོགས་འདེཊ། ལས་ཀའི་མཉམ་ཤུགས་ཆགས་པ་བཅས་བྱས་ནས་གསར་གཏོད་ལས་དོན་དུས་ཐོག་དང་སྤུས་ཚད་ལྡན་པའི་ངང་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་གསུངས་གནང་ཡོད།
གྲོང་ཁྱེར་གྱི་འགོ་ཁྲིད་པདྨ་གཡུ་སྒྲོན་ཚོགས་འདུར་ཞུགས་ཡོད།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社