(པར་ངོས་དང་པོར་མཐུད)འོད་ནུས་བརྟག་དཔྱད་སོགས་ཚུད་ཡོད།ད་ཐེངས་ཁྱོན་སློབ་མ་1122ཡི་ཀྱོག་འོད་ཡག་པོ་མེད་པ་དང་། སློབ་མ་104མིག་གཟི་ལོག་ཡིན་པ། སློབ་མ་66ཡི་མཐོང་ནུས་ཡག་པོ་མེད་པ། སློབ་མ་16རྫི་མ་མི་ལེགས་པ་སོགས་ཤེས་རྟོགས་བྱུང་། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་མིག་གཟི་ལོག་ཡིན་པའི་སློབ་མ་1ལ་གཤགས་བཅོས་བྱས་པ་རེད། ཁྲེང་ཀོན་ཆུས་སློབ་ཆུང་གཉིས་པའི་ཡན་ལག་སློབ་གྲྭ་ནས་ཡིན་པའི་སློབ་མ་ཕུན་ཚོགས་སྒྲོལ་མས། དུས་འགོར་མིག་ལ་བརྟག་དཔྱད་བྱས་ཚེ། ང་ཚོའི་མིག་ནད་དང་མིག་ཤེད་ཀྱི་གནད་དོན་སྔ་ས་ནས་ཤེས་ཐུབ། ང་ཚོས་ཚན་རིག་དང་མཐུན་པའི་སྒོ་ནས་མིག་བེད་སྤྱོད་བྱེད་པའི་གོམས་གཤིས་ཡག་པོ་ཞིག་འཇཊ་པར་བྱས་ཏེ། མིག་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་པ་སྟེ། ཉིན་ལྟར་རང་ཉིད་ལ་སློབ་གསེང་བྱེད་སྒོ་སྤེལ་བའི་དུས་ཚོད་རེ་བཞག་སྟེ། དུས་ཡུན་རིང་པོར་མིག་བེད་སྤྱོད་བྱས་ནས་མིག་ལ་གནོད་འཚེ་བཟོ་བའི་སྣང་ཚུལ་ཉུང་དུ་གཏོང་དགོས་པ་དང་། ལུས་སེམས་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་བཤད།
གཞན་ཡང་རྒྱལ་སའི་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་པེ་ཅིང་ཐུང་རེན་སྨན་ཁང་གི་བྱིས་པའི་མིག་ནད་ཚན་ཁག་ཚོགས་པས་རང་གྲོང་དུ་ལོ་ལྔའི་རིང་བྱིས་པའི་མིག་ལ་བརྟག་དཔྱད་བྱས་པའི་གྲངས་གཞིར་གཞིགས་ནས་ཆེད་དོན་ཞིབ་འཇུག་གི་ལས་དོན་ཡང་དུས་གཅིག་ཏུ་སྤེལ་བཞིན་ཡོད། བྱེད་སྒོ་སྤེལ་རིང་། ལྷ་ས་གྲོང་ཁྱེར་གྱི་སློབ་ཆུང་7གྱི་ལོ་རིམ་དྲུག་པའི་བྱིས་པ་1934ཡི་མིག་ལ་བརྟག་དཔྱད་བྱས་པ་དང་འབྲེལ་སློབ་མ་ཚོར་མིག་སྤྱོད་སྟངས་ལེགས་སུ་གཏོང་བ་དང་། ཐག་ཉེ་ས་ནས་མིག་སྤྱོད་པའི་དུས་ཚོད་ཐུང་དུ་གཏོང་བ། ཕྱི་རོལ་དུ་ལུས་རྩལ་བྱེད་སྒོ་སྤེལ་ཤུགས་མང་དུ་གཏོང་བ་སོགས་ཀྱི་དོ་སྣང་བྱེད་དགོས་པའི་གནད་དོན་ལ་འགྲེལ་བཤད་ཀྱང་བརྒྱབ་པ་རེད། རྒྱལ་སའི་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་པེ་ཅིང་ཐུང་རེན་སྨན་ཁང་གི་མིག་གཟི་ལོག་དང་བྱིས་པའི་མིག་ནད་ཚན་ཁག་གི་ཀྲུའུ་རེན་ཧྥུའུ་ཅིན་གྱིས། ང་ཚོས་སློབ་མའི་མིག་གི་སྐྱེ་འཚར་དང་། མིག་ཤེས། མིག་ནད་བཅས་ཟིན་ཐོར་བཀོད་པ་དང་དེ་བཞིན་དབྱེ་ཞིབ་ཀྱང་བྱས་པ་ཡིན། རྒྱང་སྒྲིབ་ནད་ནི་ང་ཚོས་མཐོང་ཆེན་བྱེད་དགོས་པའི་གནད་དོན་ཞིག་ཡིན་ལ། རྒྱང་སྒྲིབ་ནད་ནི་གཙོ་བོ་ཐག་ཉེ་ས་ནས་མིག་བེད་སྤྱོད་བྱས་པའི་དུས་ཚོད་དང་འབྲེལ་བ་ཡོད། དེའི་ཕྱིར་སློབ་མ་རྣམས་ཀྱིས་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཁྲོད་དུ་གཟུཊ་པོ་དྲོང་པོར་སྡོད་དགོས་པ་དང་། མིག་བེད་སྤྱོད་ཀྱི་གོམས་གཤིས་ལེགས་པོ་ཞིག་འཇགས་སུ་འཇུག་དགོས། དེ་ལྟར་བྱས་ན་ད་གཟོད་མིག་ཇེ་གསལ་དང་བདེ་ཐང་དུ་གཏོང་ཐུབ་ཅེས་བཤད།
ཀྲུང་གོའི་བཟོ་ཚོང་དངུལ་ཁང་སྡེ་ཚོགས་ཨུ་ལྷན་གྱི་ཧྲུའུ་ཅི་ལི་ཅིང་གིས། ད་ལོ་ནི་མིག་གཅེས་བྱ་སྤྱོད་སྤེལ་ནས་ལོ་བཅུ་འཁོར་བའི་ལོ་ཞིག་ཡིན་ལ། ང་ཚོའི་ཚོགས་པ་བོད་དུ་ཡོང་ཐེངས་དྲུག་པ་དེའང་ཡིན། 2015ལོ་ནས་བཟུང་རིམ་རྩིས་བྱས་ན་བོད་ཀྱི་སློབ་གྲྭ་110དང་། བྱིས་པ་ཁྲི་6.5ཡི་མིག་ལ་བརྟག་དཔྱད་བྱས་པ་དང་། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་དང་བླངས་པས་ལྷག་བསམ་རྣམ་དག་ཀྱིས་བྱིས་པ་ཚོར་མིག་ཤེད་ཀྱི་ཤེས་བྱ་བརྒྱུད་བསྒྲགས་བྱས་པ་དང་། བརྩེ་བ་ཟབ་མོ་བཅངས་ནས་བྱིས་པ་ཚོའི་མིག་གི་བདེ་ཐང་ལ་དོ་ཁུར་བྱས་ཏེ། དྭངས་གཙང་ལྷད་མེད་ཀྱི་མིག་ཟུང་དེ་བས་མང་བར་རེ་བའི་འོད་སྣང་སྦྱིན་ཡོད་ཅེས་བཤད།
(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社