(པར་ངོས་དང་པོར་མཐུད)《2024ལོའི་གྲོང་ཁྱེར་ཡོངས་ཀྱི་སྨན་བཅོས་སྒྲིག་གཞིའི་བྱ་སྤྱོད་བཅོས་སྒྲིག་ལས་དོན་གྱི་ཆེད་དོན་བྱ་སྤྱོད་ལག་བསྟར་ཇུས་གཞི》བཟོས་ནས་པར་འགྲེམས་བྱས་པ་དང་འབྲེལ། ཅང་སུའུ་ཞིང་ཆེན་འཕྲོད་བསྟེན་ལྟ་སྐུལ་སུའོ་ཡི་རིགས་གཅིག་མཁས་ཅན་ལྷ་སར་གདན་དྲངས་ནས་དུས་ཡུན་ཉིན་གཉིས་ཀྱི་སྨན་བཅོས་སྒྲིག་གཞི་ཁྲིམས་ལྟར་ལས་གཉེར་བྱེད་པའི་ཐད་གསོ་སྦྱོང་བྱས་པ་རེད།
གསོ་སྦྱོང་རིང་།རིགས་གཅིག་མཁས་ཅན་ཚོ་རང་གྲོང་གི་སྨན་བཅོས་སྒྲིག་གཞི་ཁག་ཅིག་ཏུ་བསྐྱོད་དེ་སྨན་བཅོས་སྒྲིག་གཞི་དང་དེ་བཞིན་སྨན་བཅོས་འཕྲོད་བསྟེན་པར་འཕྲོད་བསྟེན་དང་བདེ་ཐང་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་ནན་ཏན་བྱ་རྒྱུར་མཛུབ་ཁྲིད་ནུས་ལྡན་བྱས་ཏེ། ཁྲིམས་ལྟར་ལས་གཉེར་བྱེད་ནུས་ཆེ་རུ་གཏོང་བ་དང་། སྨན་བཅོས་བྱ་སྤྱོད་ཚད་ལྡན་དུ་བཏང་ནས་མི་དམངས་མང་ཚོགས་ལ་བདེ་འཇགས་དང་བློས་འགེལ་ཆོག་པའི་སྨན་བཅོས་ཁོར་ཡུག་ཅིག་གཏོད་རྒྱུར་འགན་ལེན་བྱས་པ་རེད།
གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་འཕྲོད་བསྟེན་ལྟ་སྐུལ་སུའོ་སྨན་བཅོས་འཕྲོད་བསྟེན་ལྟ་སྐུལ་ཁོའོ་ཡི་ཁོའོ་ཀྲང་ཕུར་བུ་སྒྲོལ་མས་གསོ་སྦྱོང་རིང་རིཊ་གཅིག་མཁས་ཅན་ཚོས་དྲ་ཐོག་ནས་མཛུབ་ཁྲིད་དང་ཡུལ་དངོས་སུ་སློབ་ཁྲིད་བྱེད་པའི་བྱ་ཐབས་བརྒྱུད་ང་ཚོའི་ལས་སྒོའི་ཆུ་ཚད་དང་ལྟ་སྐུལ་དོ་དམ་ནུས་པ་ཆེ་རུ་གཏོང་རོགས་བྱས་ནས་སླད་ཕྱིན་རང་གྲོང་གི་སྨན་བཅོས་སྒྲིག་ལམ་སྔར་བས་ཚད་ལྡན་དུ་གཏོང་བ་དང་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་དང་ཚེ་སྲོག་བདེ་འཇགས་ཆེད་འགན་ལེན་ནུས་ལྡན་བྱས་ཡོད་ཅེས་བཤད།
དེ་དང་ཆབས་ཅིག་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ད་དུང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དེའི་སྨན་བཅོས་སྲིད་འཛིན་ཁོའོ་དང་། ལྟ་སྐུལ་ཁོའོ། འཕྲལ་སྡོམ་ཁོའོ་སོཊ་ཀྱི་འགན་འཁུར་བ་དང་། གྲོང་ཁྱེར་དང་རྫོང་རིམ་པའི་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། མི་དམངས་སྨན་ཁང་གི་འགན་འཁུར་བ་བཅས་དང་།དེ་བཞིན་གྲོང་ཁྱེར་དུ་བཅའ་སྡོད་དམངས་གཉེར་སྨན་བཅོས་སྒྲིག་གཞི་ཁག་གི་འགན་འཁུར་བ་བཅས་སྒྲིག་འཛུགས་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་སྨན་བཅོས་སྒྲིག་གཞིའི་ལས་རིགས་ཀྱི་སྤྱོད་ཚུལ་བཅོས་སྒྲིག་ལས་དོན་གྱི་ཆེད་དོན་བྱ་སྤྱོད་ཀྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ནས་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་གསུང་བཤད་ཀྱི་དགོངས་དོན་ལ་ཐུན་མོང་ཐོག་སློབ་སྦྱོང་བྱས་པ་རེད། “བྱེད་མི་ཆོག་པ་དགུ”(《སྨན་བཅོས་སྒྲིག་གཞིའི་ལས་དོན་པའི་སྤྱོད་གཙང་ལས་སྒྲུབ་ཀྱི་ཚད་གཞི་ཁག་དགུ་པར་འགྲེམས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》དང“བྱེད་དགོས་པ་བཅུ”(《སྨན་བཅོས་སྒྲིག་གཞིའི་ཞུ་གཏུགས་སྣེ་ལེན་ཐག་གཅོད་བྱེད་པའི་བྱེད་དགོས་པ་བཅུའི་ལས་ཀའི་ལམ་ལུགས་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》)བསྐྱར་དྲན་བྱས་ནས་སྨན་དོན་པའི་ལས་ཀའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་བཏང་སྟེ་བཅའ་ཁྲིམས་ཀྱི་འདུ་ཤེས་དང་ཞབས་ཞུའི་འདུ་ཤེས་ཟབ་ཏུ་བཏང་སྟེ། སྤྱོད་བཟང་གཞུང་དྲང་གི་སྨན་པ་བསྟེན་པའི་ཁོར་ཡུག་ཧུར་ཐག་བཏོད་ཡོད།
རྗེས་མར་གྲོང་ཁྱེར་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱིས་ཟླ་བ་གསུམ་གྱི་དུས་ཚོད་སྤྱད་དེ་རང་བཤེར་བཅོས་སྒྲིག་བྱ་རྒྱུ་དང་།སྨན་བཅོས་དང་སྨན་པའི་ཀུན་སྤྱོད་བཅོས་སྒྲིག་བྱ་རྒྱུ་ནས་འགོ་བཙུགས་ཏེ་སྨན་བཅོས་སྒྲིག་གཞི་དང་སྨན་དོན་པའི་དོ་དམ་དང་སློབ་གསོར་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུ་རེད།
གྲོང་ཁྱེར་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པ་ཁྲེན་ལི་ཡིས།རྗེས་མར་ང་ཚོས་སྨན་པའི་ཀུན་སྤྱོད་དང་སྤྱོད་ཚུལ་ལ་ཤུགས་སྣོན་རྒྱག་པ་དང་། ནད་བརྟག་སྨན་བཅོས་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། སྨན་བཅོས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། སྨན་བཅོས་ཞབས་ཞུའི་རྣམ་འགྱུར་ལ་ཤུཊ་སྣོན་རྒྱག་པ། དམངས་བདེ་དམངས་ཕན་གྱི་སྨན་བཅོས་བྱ་ཐབས་འཐུས་ཚང་དུ་གཏོང་བ་སོགས་ཕྱོགས་ལྔའི་ཐད་ནས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་། ནུས་པ་ཆེ་རུ་གཏོང་བ། གཟུགས་བརྙན་གཏོད་པ་བཅས་བྱས་ཏེ་སྨན་པ་དང་ནད་པའི་འབྲེལ་བ་ལེགས་སུ་གཏོང་རྒྱུ་ཡིན་ཞེས་བཤད།
(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社