分享按钮

འགོ་ཁྲིད་གཙོ་བོས་དམངས་ཀྱི་འདུན་པར་ཉན་པ།

མང་ཚོགས་ཀྱི་རེ་ཞུར་ཉན་ནས་དམངས་ ཀྱི་དཀའ་ངལ་བསལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། རང་གྲོང་གིས་དུས་ཐེངས་བརྒྱད་པའི་སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་གྱི“འགོ་ཁྲིད་གཙོ་བོས་དམངས་ཀྱི་འདུན་པར་ཉན་པའི”བྱེད་སྒོ་སྤེལ་ཞིང་། སྟོད་ལུང་བདེ་ཆེན་ཆུས་སྲིད་གཞུང་གི་འགན་འཁུར་བློ་མཐུན་དང་དེ་བཞིན་འབྲེལ་ཡོད་ཚན་པའི་འགན་འཁུར་བས་ས་ཡུལ་དངོས་སུ་ཁ་པར་ལ་ཉན་ནས་ཁ་པར་ཡོང་མཁན་མང་ཚོགས་ཀྱི་དོགས་གནད་སེལ་བ་དང་མང་ཚོགས་ཀྱིས་དོ་ཁུར་བྱེད་སར་ལན་བཏབ་པ་རེད།

སྐུ་ཁམས་བཟང་། ལྷ་ས་གྲོང་ཁྱེར་གྱི་12345ཐད་སྦྲེལ་ཁ་པར་རེད། ང་ནི་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཆུས་ཀྲང་ཡིན། ཁྱེད་ལ་རོགས་རམ་གང་བྱེད་དགོས་ཞེས་12345སྲིད་དོན་ཞབས་ཞུའི་ཐད་སྦྲེལ་ཁ་པར་སྐད་དོན་ལྟེ་གནས་སུ་བྲེལ་འཚུབ་ཆེ་ལ་གོ་རིམ་ལྡན་པའི་རྣམ་པ་ཞིག་མིག་ལམ་དུ་འཆར། ཁ་པར་གྱི་སླེབས་པའི་སྒྲ་དང་། སྨྱུ་གུས་ཟིན་ཐོ་འགོད་པའི་སྒྲ། ངང་རྒྱུད་རིང་ལ་ཞིབ་ཚགས་པའི་ལན་འདེབས་པའི་སྒྲ་བཅས་ཀྱིས་སྐད་དོན་ལྟེ་གནས་ཡོངས་ལ་ཁྱབ་ཡོད། སྟོད་ལུང་བདེ་ཆེན་ཆུས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཆུས་ཀྲང་ཕུར་བུ་གོ་ཆིང་དང་། སྟོད་ལུང་བདེ་ཆེན་ཆུས་ཀྱི་ཆུས་ཀྲང་གཞོན་པ་བཀྲ་ཤིས་བསམ་གྲུབ། སྟོད་ལུང་བདེ་ཆེན་ཆུས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཐང་ལིན། སྟོད་ལུང་བདེ་ཆེན་ཆུས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་དབྱི་ཧྥེ་བཅས་ཀྱིས་མང་ཚོགས་ཀྱི་ཁ་པར་བླངས་པ་རེད། ཁ་པར་གྱི་ནང་དོན་གཙོ་བོ་ནི། སྟོད་ལུང་བདེ་ཆེན་ཆུས་ཀྱི་གསར་སྤེལ་ཚོང་པས་ཁང་པ་རྩིས་སྤྲོད་དུས་འགྱངས་བྱས་པ་དང་། སྡེ་ལས་དོ་དམ། གྲོང་ཁྱེར་དོ་དམ། ཕྱི་ནས་ཡོང་བའི་བུ་ཕྲུག་སློབ་ཞུགས་སོགས་ཐད་ཀྱི་རེ་ཞུ་དང་འབྲེལ་བ་ཡོད། ཁོང་ཚོས་ངང་རྒྱུད་རིང་པོས་མང་ཚོགས་དང་སྤེལ་རེས་བྱས་ནས་དོན་དག་གི་རྒྱུ་རྐྱེན་འདྲི་རྩད་ཞིབ་ཕྲ་བྱེད་པ་དང་ཆབས་ཅིག་ཟིན་ཐོ་ནན་ཏན་བཀོད་དེ་མང་ཚོགས་ཀྱི་རེ་ཞུ་ཤེས་རྟོགས་བྱས་པ་རེད། ས་ཡུལ་དངོས་སུ་ཐག་གཅོད་བྱེད་ཐུབ་རིགས་ལ་སྐབས་ཐོག་ཏུ་ལན་བཏབ་པ་དང་། དོན་འཁྱོལ་སྔར་ལས་ལྷག་པར་བྱ་དགོས་རིགས་ལ་ལས་སྒྲུབ་དུས་བཀག་ཁ་གསལ་བཟོས་ནས་མང་ཚོགས་ཀྱི་བློ་ཡིད་ཚིམ་པར་འགན་ལེན་ཏན་ཏིག་བྱེད་བཞིན་ཡོད། ད་ཐེངས་ཀྱི“འགོ་ཁྲིད་གཙོ་བོས་དམངས་ཀྱི་འདུན་པར་ཉན་པའི”བྱེད་སྒོའི་ཁྲོད་དུ་གྲོང་མིའི་རེ་ཞུ་ཁྱོན་26ལ་ཉན་པ་དང་། དྲ་ཐོག་ཏུ་གྱོད་གཞི་5སྒྲུབ་གཉེར་བྱས་པ། གནད་དོན་21བརྒྱུད་སྒྲུབ་བཅས་བྱས་ཡོད།

ད་ཐེངས་མང་ཚོགས་ཀྱིས་བཏོན་པའི་གནད་དོན་ལ་དམིགས་ཏེ་ལྷ་ས་གྲོང་ཁྱེར་སྲིད་འཛིན་ཞིབ་བཤེར་ཅུས་ཀྱིས་སྟོད་ལུང་བདེ་ཆེན་ཆུས་དང་མཉམ་དུ་འཕྲལ་མར་མང་ཚོགས་ཀྱི་རེ་ཞུའི་མཐུན་སྦྱོར་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་རེ་ཞུའི་གནད་དོན་ཚང་མར་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་། ཐག་གཅོད་བྱ་ཐབས་ཞིབ་འཇུག་བྱས་ནས། འགན་འཁྲིའི་ཚན་པ་དང་སྒྲུབ་གཉེར་གྱི་དུས་བཀག་ཁ་གསལ་བཟོས་པ་རེད། ཚོགས་འདུའི་ཐོག་ཁོངས་གཏོགས་ཁུལ་དང་ལས་རིགས་གཙོ་གཉེར་ཚན་པས་མཐུན་སྦྱོར་དང་མཉམ་འགུལ་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། ལས་ཀའི་ཁྲོད་ཀྱི་རྙོག་འཛིང་དང་དཀའ་གནད་ཐུན་མོང་ཐོག་ཐག་གཅོད་བྱས་པ་རེད། འགན་འཁྲིའི་ཚན་པ་ཁག་གིས་ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཀྱི་ཐོག་ནས་མང་ཚོགས་ཀྱིས་བཏོན་པའི་གནད་དོན་ལ་ལྟ་སྟངས་ནན་ཏན་འཛིན་པ་དང་།དུས་ཐོག་ཏུ་རེ་ཞུ་ཐག་གཅོད་བྱས་ནས་གནད་དོན་ཚང་མ་དོན་འཁྱོལ་ཐུབ་པ་དང་གནད་དོན་ཚང་མར་ལན་ཡོད་པར་བྱས་ཡོད།

སླད་ཕྱིན“འགོ་ཁྲིད་གཙོ་བོས་དམངས་ཀྱི་འདུན་པར་ཉན་པའི”བྱེད་སྒོས་མུ་མཐུད་ནས་ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་སོགས་ཚན་པའི་འགན་འཁུར་བློ་མཐུན་གདན་དྲངས་ཏེ་མང་ཚོགས་ཀྱི་ཁ་པར་ལ་ཉན་པ་དང་། མང་ཚོགས་ཀྱི་རེ་འདུན་ལ་ཉན་པ། དམངས་ཀྱི་འདུན་པར་ཉན་པ་དང་། དམངས་ཀྱི་གནས་ཚུལ་ལ་ལྟ་བ། དམངས་ཀྱི་བློ་གྲོས་གཅིག་སྡུད། དམངས་ཀྱི་སེམས་ཁྲལ་སེལ་བ་བཅས་བྱས་ཏེ་རྒྱ་ཆེའི་གྲོང་མི་མང་ཚོཊ་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་མུ་མཐུད་ཆེ་རུ་གཏོང་རྒྱུ་ཡིན་པ་རེད། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-01 འགོ་ཁྲིད་གཙོ་བོས་དམངས་ཀྱི་འདུན་པར་ཉན་པ། 6 6 拉萨日报藏文 c190290.html 1 མང་ཚོགས་ཀྱི་རེ་ཞུར་ཉན་ནས་དམངས་ ཀྱི་དཀའ་ངལ་བསལ་བ། /enpproperty-->