分享按钮

ལྷ་ས་གྲོང་ཁྱེར་ལ་ལྗོངས་ཡོངས་ཀྱི་ལད་མོའི་འདུམ་འགྲིག་འགྲན་བསྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར།བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་སྒྲིག་འཛུགས་བྱས་པའི་ལྗོངས་ཡོངས་ཀྱི་ཆེད་ལས་མི་དམངས་འདུམ་འགྲིག་པའི་གསོ་སྦྱོང་འཛིན་གྲྭའི་ལད་མོའི་འདུམ་འགྲིག་འགྲན་བསྡུར་ཁྲོད་ལྷ་ས་གྲོང་ཁྱེར་གྱི་འཐུས་མི་རུ་ཁག་ལ་བྱ་དགའ་ཨང་དང་པོ་ཐོབ་པ་རེད།

ད་ཐེངས་ལྷ་ས་གྲོང་ཁྱེར་གྱིས་ཆེད་མངགས་མི་དམངས་འདུམ་འགྲིག་པ་13གསོ་སྦྱོང་ལ་བཏང་བའི་ནང་འདུམ་འགྲིག་པ་5ལྷ་ས་གྲོང་ཁྱེར་གྱི་ཚབ་ཞུས་ནས་འདུམ་འགྲིག་འགྲན་བསྡུར་ནང་ཞུགས་ཡོད། འགྲན་བསྡུར་ཁྲོད་རུ་མི་ཚོས་དངངས་འཚབ་ཁྱད་བསད་དང་། དཔའ་ངར་ཆེར་བསྐྱེད།བསམ་པ་རྣམ་དག་གིས་གཞོགས་འདེགས་བཅས་བྱས་ཏེ།ཆེད་ལས་ཀྱི་ཤེས་བྱ་དང་འདུམ་འགྲིག་གི་ཐབས་རྩལ་སྤྱད་ནས་ཆེད་ལས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་དང་འདུམ་འགྲིག་གི་ཐབས་རྩལ་རྩེ་གྲ་སྤྱད་དེ་འདུམ་འགྲིག་གི་ལས་འགན་བདེ་བླག་ངང་ལེགས་སྒྲུབ་བྱས་ཡོད། ཛ་དྲག་ངང་འགྲན་བསྡུར་བྱས་པ་བརྒྱུད་ལྷ་ས་གྲོང་ཁྱེར་གྱི་འཐུས་མི་རུ་ཁག་ལ་བྱ་དགའ་ཨང་དང་པོ་ཐོབ་ཡོད།

ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱི་ཏང་ཙུའི་ཡང་དག་འགོ་ཁྲིད་འོག གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་མི་དམངས་འདུམ་འགྲིག་དཔུང་ཁག་གིས་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་དང་། བཅའ་ཁྲིམས་ཁྲིམས་སྲོལ། ལས་སྒོའི་རྩལ་ནུས་བཅས་ལ་སློབ་སྦྱོང་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་པ་དང་།ལས་ཀའི་ཁྲོད་བྱེད་སྟངས་དང་བྱ་ཐབས་རྒྱུན་ཆད་མེད་པར་གསར་གཏོད།ལས་ཀའི་ཆུ་ཚད་མཐོ་རུ་བཏང་བ།ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་བ་བཅས་བྱས་པས་ལས་ཀའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

ལྷ་ས་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ལྷ་ས་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱིས་ད་ཐེངས་ཀྱི་འགྲན་བསྡུར་དེ་གོ་སྐབས་སུ་བྱས་ནས་འགྲན་བསྡུར་ཁྲོད་ཀྱི་འབད་འཐབ་ཀྱི་སྙིང་སྟོབས་དེ་ཁྲིམས་འཛིན་སྲིད་འཛིན་གྱིས་དམངས་ལ་ཞབས་འདེགས་ཞུ་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱས་ཏེ་གཞི་རིམ་གྱི་ཁྲིམས་འཛིན་སྲིད་འཛིན་དཔུང་ཁག་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-01 6 6 拉萨日报藏文 c190286.html 1 ལྷ་ས་གྲོང་ཁྱེར་ལ་ལྗོངས་ཡོངས་ཀྱི་ལད་མོའི་འདུམ་འགྲིག་འགྲན་བསྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་པ། /enpproperty-->