分享按钮

སྨན་དོན་པས་གནམ་གཤིས་རིམ་གྱིས་གྲང་དུ་འགྲོ་བཞིན་ཡོད་པས་ཆམ་རིམས་ཐད་ཡིད་གཟབ་བྱེད་དགོས་པའི་དྲན་སྐུལ་ཞུས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།དྲོད་ཚད་རིམ་བཞིན་མར་ཆག་པ་དང་ཉིན་མཚན་གྱི་དྲོད་ཚད་ཁྱད་པར་མངོན་གསལ་དོད་དུ་ཕྱིན་པས། མིའི་གཟུགས་པོར་དྲོད་ཚད་ཀྱིས་རྐྱེན་པས་ཆམ་པ་དང་གློ་ཡུའི་ཡན་ལག་གཉན་ཚད་སོགས་དབུཊ་ལམ་གྱི་ནད་དང་། སྙིང་ཁམས་ཁྲག་རྩའི་ནད་འབྱུང་སླ་པོ་ཡོད། སྨན་པས་རྒྱ་ཆེའི་གྲོང་མི་ཚོར་གནམ་གཤིས་ཀྱི་འགྱུར་ལྡོག་ལ་དོ་ཁུར་བྱས་ཏེ། དྲོ་ཇུས་ལ་དོ་སྣང་གིས་གཟུཊ་གཞིའི་བདེ་ཐང་ལ་འགན་ལེན་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད།

ཟླ་10ཚེས་22ཉིན།གསར་འགོད་པར་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་ནང་སྨན་པ་བསྟེན་པར་ཡོང་བའི་ནད་པའི་ཁྲོད་རྒན་རྒོན་དང་བྱིས་པ་ཅུང་མང་པོ་ཡོད་པ་མཐོང་ཡོད། ནད་པ་དེ་དག་མང་ཆེ་བ་ནི་རིམས་འགོག་ནུས་པ་ཅུང་ཞན་པའི་མི་ཚོགས་ཡིན་པ་དང་། ཁོང་ཚོའི་ནད་གཞིའི་རྒྱུ་རྐྱེན་གཙོ་བོ་ནི་ཉེ་དུས་ཀྱི་དྲོད་ཚད་འགྱུར་བ་དང་སྔོན་འགོག་བྱ་ཐབས་མ་འདང་བ་དང་འབྲེལ་བ་ཡོད། དེའི་ཐད་གསར་འགོད་པས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཀུན་ཤེས་གསོ་རིག་ཁོའོ་ཡི་ཀྲུའུ་རེན་ཀྲུའོ་ཆང་ལ་བཅར་འདྲི་ཞུས་ཡོད།

ཀྲུའོ་ཆང་གིས། དུས་ཚིགས་ཀྱི་འགྱུར་ལྡོག་ལས་གནམ་གཤིས་རིམ་གྱིས་གྲང་དུ་ཕྱིན་ཡོད། དེའི་ཁར་ས་མཐོའི་ས་ཁུལ་དུ་གསོ་རླུང་མི་འདང་བས་དལ་བའི་རང་བཞིན་གྱི་ནད་གཞི་ཕོག་ཚད་ཧ་ཅང་མཐོན་པོ་ཡོད། ཕྱིར་ལུས་སྦྱོང་བྱེད་པར་སྐྱོད་སྐབས་གང་ཐུབ་ཀྱིས་ཉི་མ་ཤར་རྗེས་སྐྱོད་དགོས་པ་དང་། དུས་རྒྱུན་ནས་ལུས་ཐོག་ཏུ་སྨན་འཁྱེར་དགོས། དབུཊ་ལམ་གྱི་ནད་རིགས་ཏེ། དཔེར་ན། དལ་བའི་གློ་ནད་དང་། དབུགས་ཧལ་བ། ཆམ་རིམ་ཀ་པ། ཆམ་རིམ་ཁ་པ། གློ་ཚད་སོགས་ཡོད་པས། ང་ཚོས་སྡེ་ཁུལ་དང་རིམས་འགོག་ས་ཚིགས་སུ་ཆམ་ནད་དང་གློ་ཚད་ཀྱི་ཁབ་རྒྱག་པ་དང་། ཆུ་མང་ཙམ་འཐུང་བ། ཕྱི་ལ་འགྲོ་སྐབས་ཁ་རས་རྒྱག་པ་བཅས་བྱེད་པའི་གྲོས་འགོ་འདོན་རྒྱུ་ཡིན་ལ། གལ་ཏེ་ནད་གཞི་འགོ་སླ་པོ་ཡོད་ཚེ། དགུན་དུས་གང་ཐུབ་ཀྱིས་ཕྱིར་ཉུང་ཙམ་འགྲོ་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན་ཞེས་བཤད།

གྲོང་མི་ཀྲང་ཧྲེང་གིས། ད་ཆ་གནམ་གཤིས་གྲང་དུ་ཕྱིན་ཡོད་པས། དུས་རྒྱུན་ཕྱིར་སྐྱོད་སྐབས་གྱོན་གོས་འོས་འཚམ་གྱོན་ནས་ལུས་སྦྱོང་འོས་འཚམ་བྱེད་ཀྱི་ཡོད། འདི་ལྟར་བྱས་ཚེ་གཞི་ནས་ནད་གཞི་སྔོན་འགོག་བྱེད་ཐུབ། ཕྱིར་སྐྱོད་སྐབས་ཁ་རས་བརྒྱབ་ནས་ཆམ་པ་མ་ཕོག་པར་བྱེད་ཀྱི་ཡོད་ཅེས་བཤད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-10-24 6 6 拉萨日报藏文 c189836.html 1 སྨན་དོན་པས་གནམ་གཤིས་རིམ་གྱིས་གྲང་དུ་འགྲོ་བཞིན་ཡོད་པས་ཆམ་རིམས་ཐད་ཡིད་གཟབ་བྱེད་དགོས་པའི་དྲན་སྐུལ་ཞུས་པ། /enpproperty-->