(པར་ངོས་དང་པོར་མཐུད)དཔལ་འབྱོར་ཚོང་དོན་མ་འཇོག སྤྱི་ཚོགས་ཀྱི་རིག་གནས་སྤེལ་རེས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་བར་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་བློ་མཐུན་དང་སྤུན་ཟླ་ཡིན་པའི་ཀྲུང་གོ་དང་ལོ་སིའི་འབྲེལ་བ་དེ་ནི་ཀྲུང་གོའི་མཐའ་འཁོར་ཕྱི་འབྲེལ་ཁྲོད་དམིཊ་བསལ་གྱི་གནས་བབ་གལ་ཆེན་བཟུང་ཡོད་པས་ཐོག་མཐའ་བར་གསུམ་དུ་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པའི་མདུན་གྲལ་དུ་སྐྱོད་བཞིན་ཡོད། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་འདྲ་བྱུང་རུང་ཀྲུང་གོ་ནི་ནམ་ཡང་ལོ་སིའི་བློས་འགེལ་ཆོག་པའི་གྲོགས་པོ་དང་རོགས་ཟླ་ཡིན། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐོག་ནས་ཀྲུང་གོའི་ལུཊ་ཀྱི་དེང་རབས་ཅན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་ལོ་སི་ཡང་རྒྱལ་ཁབ་འཕེལ་རྒྱས་དང་དར་རྒྱས་ཀྱི་དུས་མཚམས་གསར་པར་གནས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལོ་སི་ཕྱོགས་དང་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་བརྟན་དུ་གཏོང་བ་དང་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཀྲུང་གོ་དང་ལོ་སིའི་དབར་གྱི་ལས་དབང་གཅིག་མཐུན་ཚོགས་པའི་འཛུགས་སྐྱོང་རྒྱུན་མཐུད་དང་གཏིང་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ལོ་སི་ཕྱོགས་དང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་བརྒྱབ་ནས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་མུ་མཐུད་ཕན་ཚུན་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་འདོད་ཡོད། ཕྱོགས་གཉིས་པོས་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་མུ་མཐུད་རྒྱ་སྟོབས་ཆེ་རུ་གཏོང་བ་དང་།ཀྲུང་གོ་དང་ལོ་སིའི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་མཉམ་ལས་དཔེ་མཚོན་གཏོད་པ་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ལོ་སིའི་སྤུས་ལེགས་ཞིང་ལས་ཐོན་རྫས་དེ་བས་མང་བ་ནང་འདྲེན་བྱས་ནས་སློབ་གསོ་དང་།རིག་གནས།གཞོན་ནུ་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་འདོད་ཡོད། ལོ་སི་ཕྱོགས་ཀྱིས་ཨེ་ཤེ་ཡ་ཤར་མའི་མཉམ་ལས་ཀྱི་འགོ་ཁྲིད་མི་སྣའི་ཚོགས་འདུ་རབ་དང་རིམ་པ་བདེ་བླག་ངང་གཙོ་གཉེར་གནང་བར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་ལོ་སི་ཕྱོགས་ཀྱིས་འབོ་གསེར་མཉམ་ལས་ནང་ཧུར་ཐག་ཞུགས་པར་དགའ་བསུ་ཞུ་རྒྱུ་དང་།ཕྱོགས་གཉིས་པོས་ཕྱོགས་མང་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་དང་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།
ཐུང་ལུན་གྱིས་ན་ནིང་རང་ཉིད་ཀྲུང་གོར་བསྐྱོད་དེ་སྐབས་གསུམ་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་ནང་ཞུགས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་མཉམ་དུ་ལོ་ཀྲུང་གི་ལས་དབང་གཅིག་མཐུན་ཚོགས་པའི་པར་གཞི་གསར་པའི་བྱ་སྤྱོད་འཆར་གཞིར་མཚན་རྟགས་བཀོད་པ་ཡིན། མིག་སྔར་འབྲེལ་ཡོད་བྱ་སྤྱོད་དོན་འཁྱོལ་ནུས་ལྡན་བྱུང་ཡོད། ལོ་ཀྲུང་དབར་གྱི་འབྲེལ་བ་དེ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ནས་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་ཟབ་ཚད་དང་གཞི་ཁྱོན་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་ལོ་སིར་རྩ་ཆེའི་རྒྱབ་སྐྱོར་བྱས་པ་དེས་ལོ་སིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་ཐེབས་ཡོད།ཀྲུང་གོ་ཕྱོགས་དང་མཉམ་དུ་ལོ་ཀྲུང་ལྕཊ་ལམ་དང་ལོ་ཀྲུང་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་ནས་ལོ་ཀྲུང་གི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ལོ་སིའི་ཏང་དང་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱས་ཏེ།ཀྲུང་གོ་སྲིད་གཞུང་གི་རྒྱལ་ཁབ་ཀྱི་ལྟེ་བའི་ཁེ་ཕན་ལ་སྲུང་སྐྱོབ་བྱ་རྒྱུར་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་རྒྱབ་སྐྱོར་བྱ་རྒྱུ་དང་།ཐའེ་དབན་དང་།ཤང་ཀང་།ཤིན་ཅང་བཅས་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལུགས་མཐུན་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན།ལོ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་སོགས་ཕྱོགས་མང་ལས་སྟེགས་ཀྱི་མཉམ་ལས་མུ་མཐུད་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
ཚའེ་ཆི་དང་ཝང་དབྱི་སོགས་མཇལ་འཛོམས་ནང་ཞུགས་ཡོད།
(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社