分享按钮

རིག་པ་རྩེ་གཅིག་ཏུ་བསྒྲིམས་ནས་ལས་དོན་ཧུར་ཐག་བསྒྲུབས་པ།

(པར་ངོས་དང་པོར་མཐུད)བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་ཁོངས་གཏོགས་སུ་ཚུར་སྣང་ལན་ཆ་བཟང་པོ་བྱུང་ནས་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བའི་ལས་སྒྲུབ་དང་ལས་གཏོད་ཀྱི་སྤྲོ་སེམས་འཕེལ་ཡོད། ཚང་མས་གཅིག་རྗེས་གཉིས་མཐུད་ངང་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གསུང་བཤད་དེས་མི་སེམས་ལ་སྐུལ་མ་ཆེན་པོ་ཐེབས་ཡོད་པས་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་ཐུགས་རེ་ཆུད་ཟོས་སུ་མི་གཏོང་བར་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ཏེ། ཆབ་སྲིད་ཀྱི་རང་བཞིན་དང་། སྔོན་ཐོན་གྱི་རང་བཞིན། མང་ཚོགས་ཀྱི་རང་བཞིན་བཅས་རྒྱུན་ཆད་མེད་པར་རྒྱུན་འཁྱོངས་དང་ཆེ་རུ་བཏང་ཐོག བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོ་ཆགས་པར་བྱ་རྒྱུ་ཡིན་ཞེས་བཤད།

བརྟག་ཞིབ་གནང་རིང་། ཧྲུའུ་ཅི་ཤའོ་ཡིའུ་ཚའེ་སྔ་རྗེས་སུ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནོར་དོན་ཁང་དང་། ཡིག་བསྐུར་ངོ་བཅར་སྣེ་ལེན་ཁང་། འཕེལ་རྒྱས་ཁོའོ། ཁེ་དབང་ཁོའོ་བཅས་སུ་ཕེབས་ནས་ལས་བྱེད་པ་དང་ལས་བཟོ་བར་བྱམས་བརྩེའི་ངང་གླེང་མོལ་གནང་སྟེ། ཁྱིམ་ཚང་གི་འགལ་བ་སེལ་སྟངས་དང་བུད་མེད་ཀྱི་ལས་ཞུགས་ལས་གཏོད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། དེའི་ནང་ནས། ཁེ་དབང་ཁོའོ་ནི་བུད་མེད་དང་བྱིས་པའི་འབྲེལ་ཡོད་སྲིད་ཇུས་དང་ཁྲིམས་སྲོལ་ལག་བསྟར་བྱེད་པ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ཏེ། ཐུན་མོང་ཐོག་གཞི་རིམ་གྱི་དྲ་རྒྱའི་ཁེ་དབང་སྐྲུན་པའི་ཁོའོ་ཞིག་ཡིན་པས། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་གཞག་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད། གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཁེ་དབང་ཁོའོ་ཡི་འགན་འཁུར་བ་ཞུས་ཁྲུན་ཞ་ཡིས། ང་ཚོས《བུད་མེད་ཀྱི་ཁེ་དབང་འགན་ལེན་གྱི་བཅའ་ཁྲིམས》དང་།《ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས》《ཁྱིམ་ཚང་སློབ་གསོའི་སྐུལ་འདེད་བཅའ་ཁྲིམས》བཅས་ལག་བསྟར་ནན་ཏན་བྱས་ཏེ། བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་ཁྱིམ་ཚང་སློབ་གསོར་མཛུབ་ཁྲིད་ཀྱིས་བུད་མེད་དང་བྱིས་པའི་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་བཤད།

ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་སུ་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ་དང་། སྙན་སེང་ལ་གསན་ཏེ། མང་ཚོགས་ཚོགས་པའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པར་མ་ཟད། གལ་ཆེའི་གསུང་བཤད་ཀྱང་གནང་ཡོད། དེའི་ཐོག་ནས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ལྷ་ས་གྲོང་ཁྱེར་གྱི་བུད་མེད་དང་བྱིས་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པར་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་ཡོད། ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པ་དང་ལས་བཟོ་བར་སྐུལ་ལྕག་ཆེན་པོ་ཐེབས་པ་དང་ངར་ཤུགས་ཀྱང་འཕེལ་ཞིང་། ཚང་མས་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་མངགས་བཅོལ་ཟབ་མོ་དུས་དང་རྣམ་པ་ཀུན་ཏུ་བློ་ལ་བརྟན་པོར་ངེས་ནས་གཉེན་སྒྲིག་ཁྱིམ་ཚང་གི་འགལ་བ་དང་རྩོད་གཞི་མུ་མཐུད་གྲལ་བཤེར་དང་སེལ་བ་དང་། ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་གཏོང་བ། བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་དང་གསར་གཏོད་བྱེད་སྟངས་རང་འགུལ་ངང་འཚོལ་ཞིབ་བཅས་བྱས་ཏེ། ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

སྡེ་ཚོགས་གྲོང་ཨུད་དུ་ཡང་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་བརྟག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་ཤིག་འཕྱུར་ཡོད། ཚང་མས་གཞོན་ནུའི་འཕེལ་རྒྱས་རྣམ་པའི་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུ་དེ་གོ་སྐབས་སུ་བྱས་ནས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གུང་གཞོན་སྡེ་ཚོགས་ཀྱི་སྣེ་ཁྲིད་ལམ་སྲོལ་འཛུགས་རྒྱུ་དང་། གུང་གཞོན་སྡེ་ཚོགས་རྩ་འཛུགས་ཀྱི་སྣེ་ཁྲིད་ནུས་པ་དང་། རྩ་འཛུགས་ཀྱི་ནུས་པ། ཞབས་ཞུའི་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། རྒྱ་ཆེའི་གཞོན་ནུ་ལོ་ཆུང་ལ་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་རྒྱུར་སློབ་གསོས་ཁྲིད་སྟོན་བྱེད་པ་བཅས་བྱས་ཏེ། འགན་འཁྲི་འཁུར་ཕོད་པའི་ཁྲོད་དུ་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་ཆོད་སེམས་ཡོད་ཅེས་བཤད།

ལྷ་ས་གྲོང་ཁྱེར་དང་བླངས་པའི་ཞབས་ཞུའི་མཛུབ་ཁྲིད་ལྟེ་གནས་ཀྱི་ཀྲུའུ་རེན་ཝང་ཝུན་གྱིས། ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གུང་གཞོན་སྡེ་ཚོགས་གྲོང་ཨུད་དུ་བརྟག་ཞིབ་གནང་སྐབས་བཏོན་པའི་ལས་ཀའི་བླང་བྱ་དང་མཛུབ་སྟོན་གྱི་དགོངས་དོན་དང་། ལྷག་པར་དུ་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་དང་གཞོན་ནུའི་དང་བླངས་ཞབས་ཞུའི་ཁྱབ་ཁོངས་ཀྱི་ལས་དོན་སྐོར་གྱི་བླང་བྱར་ང་ཚོས་ཞིབ་འཇུག་དང་བཀོད་སྒྲིག་ནན་ཏན་བྱས་ནས། གཞོན་ནུའི་དང་བླངས་ཞབས་ཞུས་འཐབ་ཇུས་བྱ་སྤྱོད་ཆེན་པོ་བཞིར་རོགས་སྐྱོར་བྱེད་པའི་ལག་བསྟར་འཆར་གཞི་བཟོ་རྒྱུ་ཡིན་ལ། རྒན་རྒོན་ལ་རོགས་རམ་དང་། དཀའ་ངལ་སེལ་བ། ཉམས་ཞན་ལ་རོགས་སྐྱོར་བྱེད་པ་སོགས་ལ་དམིགས་ནས་དང་བླངས་ཞབས་ཞུ་སྤེལ་ཏེ། དང་བླངས་ཞབས་ཞུའི་ཁྱབ་ཁོངས་སྔར་བས་རྒྱ་ཆེར་བཏང་ཐོག གཞོན་ནུའི་དང་བླངས་ཞབས་ཞུའི་ནུས་པ་སྔར་བས་ཆེན་པོ་འདོན་སྤེལ་བྱ་རྒྱུ་ཡིན་ཞེས་བཤད།

སྡེ་ཚོགས་གྲོང་ཨུད་ཕྱོགས་བསྡུས་པུའི་པུའུ་ཀྲང་གཞོན་པ་ལྷ་མོ་ཚེ་རིང་གིས། ང་ཚོས་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གུང་གཞོན་སྡེ་ཚོགས་ཀྱི་ལས་དོན་ལ་གནང་བའི་མཛུབ་སྟོན་བླང་བྱ་གཞིར་བཟུང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། དོན་དངོས་ལ་གཞི་ཚུགས་པ། ཐབས་མང་མཉམ་སྤྱོད་བཅས་ཀྱིས་གུང་གཞོན་སྡེ་ཚོགས་ཡོངས་ཀྱིས་གཞི་རིམ་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་ལས་ཀའི་བསམ་ཕྱོགས་མངོན་གསལ་དོད་པོ་ཡོང་བར་བྱ་རྒྱུ་ཡིན་ལ། སྡེ་ཚོགས་ཡོངས་ཀྱིས་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་དམ་འཛིན་བྱེད་པ་དང་དམག་འཐབ་ཁྲོད་དུ་སྦྱོང་བརྡར་བྱེད་པའི་འདུ་ཤེས་བརྟན་པོར་བཙུགས་ནས་གུང་གཞོན་སྡེ་ཚོགས་ཀྱི་གཞི་རིམ་རྩ་འཛུགས་ཀྱི་འཛུགས་སྐྱོང་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བརྟན་པོ་གཏོང་རྒྱུ་ཡིན་ཞེས་བཤད།

ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་ཡུལ་དངོས་སུ་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱི་ལས་བཟོའི་རོགས་སྐྱོར་ལྟེ་གནས་དང་།རྩ་འཛུགས་དྲིལ་བསྒྲགས་པུའུ། ཁེ་དབང་འགན་ལེན་པུའུ་བཅས་ལ་རྟོག་ཞིབ་གནང་སྐབས་དཀའ་ངལ་ཡོད་པའི་ལས་བཟོར་རོགས་སྐྱོར་དང་། གཞི་རིམ་བཟོ་ཚོགས་འཛུགས་སྐྲུན། ཚོགས་མིའི་ཚོགས་དངུལ་དོ་དམ་སོགས་ཀྱི་ལས་དོན་སྐོར་བཀའ་འདྲི་ཞིབ་ཕྲ་གནང་བ་དང་འབྲེལ་ཡུལ་དངོས་སུ་མཛུབ་ཁྲིད་གནང་བ་རེད། ཁོང་གིས་ལས་བཟོ་བ་ལྟེ་བར་བྱེད་པའི་ལས་ཀའི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། འགན་འཁྲི་གཙོ་བོ་དང་ལས་འགན་གཙོ་བོར་དམིགས་པ། གཞི་རིམ་བཟོ་ཚོགས་རྩ་འཛུགས་ཀྱི་འཛུགས་སྐྱོང་དང་དོ་དམ་ལ་སྐུལ་འདེད་ཏན་ཏིག་གཏོང་བ། དཀའ་ངལ་ཡོད་པའི་ལས་བཟོར་རོགས་སྐྱོར་བྱེད་པའི་ལས་དོན་དེ་བས་གཏིང་ཟབ་དང་ཞིབ་ཚགས་ངང་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། བཟོ་ཚོགས་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།

ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་ཕང་ཧའེ་ཧྥུང་གིས། ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལས་ང་ཚོར་སྐུལ་ལྕག་ཆེན་པོ་ཐེབས་པར་མ་ཟད། ངར་ཤུགས་ཀྱང་འཕེལ་ཡོད། ང་ཚོས་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ལ་བརྟག་ཞིབ་གནང་སྐབས་ཀྱི་མཛུབ་སྟོན་དང་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་རང་བཞིན་གསུམ་སྟོབས་ཆེར་གཏོང་བ་དང་ཅན་བཞིའི་དམིགས་ཚད་བརྟན་དུ་གཏོང་བ་དང་། ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་བཏོན་གནང་བའི་ཏང་ལ་ལྷག་བསམ་རྣམ་དག་དང་། ཁྱོན་ཡོངས་ལ་དམ་འཛིན། མང་ཚོགས་ལ་ཞབས་ཞུ། སྒྱུར་བཅོས་ཟབ་གཏོང་། དཔུང་ཁག་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་གནད་དོན་གསར་པ་ཐག་གཅོད་བྱས་ནས་ལམ་སྲོལ་གསར་པ་འཚོལ་ཞིབ་བྱ་རྒྱུ་ཡིན་ལ། གཙོ་འགན་དང་ལས་རིགས་གཙོ་བོར་དམིགས་ཏེ། ལྟེ་བར་དམིགས་པ་དང་། ཁྱོན་ཡོངས་ལ་ཞབས་ཞུ། དཀའ་ངལ་ལ་རོགས་སྐྱོར། སྤུས་ཚད་མཐོར་གཏོང་། ཐོན་ལས་སྒྱུར་བཅོས་ལ་སྐུལ་འདེད། འཕེལ་རྒྱས་ལ་རོགས་སྐྱོར། གཞི་རིམ་སྟོབས་ཆེར་གཏོང་བ། རྨང་གཞི་བརྟན་གཏོང་བཅས་ཀྱི་ཐོག་ནས་བཟོ་ཚོགས་ཀྱི་སྦྲེལ་ཟམ་ལྟ་བུའི་ནུས་པ་དང་བཟོ་ཚོགས་ལས་བྱེད་པའི་ཁྱིམ་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱ་ཆེའི་ལས་བཟོ་བས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཆེད་དུ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་སྐུལ་ལྕག་བྱ་རྒྱུ་ཡིན་ཞེས་བཤད།

དུས་རབས་ནི་རྒྱུཊ་ཤོག་འདོན་མཁན་དང་། ང་ཚོ་ནི་དྲིས་ལན་འདེབས་མཁན་ཡིན་ལ། མི་དམངས་ནི་རྒྱུཊ་ཤོག་ལྟ་མཁན་ཡིན། རང་གྲོང་གི་བཟོ་ཚོགས་དང་། གུང་གཞོན་སྡེ་ཚོཊ། བུད་མེད་མཉམ་འབྲེལ་ལྷན་ཚོཊ་བཅས་ཀྱི་ལས་བྱེད་པ་དང་ལས་བཟོ་བ་ཚོས་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་གསུང་བཤད་ཀྱི་དགོངས་དོན་སྣེ་ཁྲིད་དུ་བྱས་ཏེ། དུས་རབས་གསར་པའི་ལམ་བུའི་ཁྲོད་ལས་དོན་མུ་མཐུད་ཧུར་ཐག་བསྒྲུབ་རྒྱུ་རེད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-10-24 6 6 拉萨日报藏文 c189834.html 1 རིག་པ་རྩེ་གཅིག་ཏུ་བསྒྲིམས་ནས་ལས་དོན་ཧུར་ཐག་བསྒྲུབས་པ། /enpproperty-->