(པར་ངོས་དང་པོར་མཐུད)རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་དང་དང་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་ཆེན་པོ་བསྣན་པ་དང་། ཀྲུང་ཨུའི་མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་བ་དང་རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། མིག་སྔར་འཛམ་གླིང་ལ་ལོ་ངོ་བརྒྱ་ཕྲག་རིང་འཕྲད་མ་མྱོང་བའི་འཕོ་འགྱུར་གྱི་དུས་སུ་གནས་ཡོད་པ་དང་། རྒྱལ་སྤྱིའི་དུས་བབ་ལ་འཕོ་འགྱུར་ཆེན་པོ་བྱུང་ཡོད། འོན་ཀྱང་ཀྲུང་གོ་དང་ཨུ་རུ་སུའི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་ཀྱི་བརྩེ་སེམས་ཟབ་མོ་ལ་འགྱུར་ལྡོག་འགྲོ་མི་སྲིད་པ་དང་། དམངས་ལ་ཕན་བདེ་སྐྲུན་པའི་རྒྱལ་ཁབ་ཆེན་པོའི་འགན་འཁུར་བར་འགྱུར་ལྡོག་འགྲོ་མི་སྲིད། རྙོག་འཛིང་ཆེ་ལ་ཛ་དྲག་པའི་ཕྱི་ཕྱོགས་ཀྱི་དུས་བབ་འཕྲད་ཀྱང་རྒྱལ་ཁབ་གཉིས་པོའི་ཚོང་དོན་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། མཉམ་ལས་རྣམ་གྲངས་ཆེ་གྲས་ཁག་བརྟན་པོའི་ངང་གཉེར་སྐྱོང་བྱེད་བཞིན་ཡོད། ཕྱོགས་གཉིས་པོས་རྒྱུད་གཅིག་ལམ་གཅིག་མཉམ་དུ་སྐྲུན་པའི་གྲོས་འགོ་དང་། ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་སྦྲེལ་མཐུད་གཏིང་ཟབ་བྱ་རྒྱུར་མུ་མཐུད་ནས་སྐུལ་འདེད་བཏང་སྟེ་རང་ངོས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་ཀྱི་འདེགས་སྐྱོར་མཁོ་འདོན་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་གསུངས་གནང་དོན། སང་ལོ་ནི་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་ངོ་80འཁོར་བའི་ལོ་ཞིག་ཡིན་ལ། འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་ལོ་ཞིག་ཀྱང་ཡིན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་དང་། འཛམ་གླིང་གི་རྒྱལ་ཁབ་ཆེན་པོ་གཙོ་བོ་ཞིག་ཡིན་པའི་ངོས་ནས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཟབ་ཏུ་གཏོང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་འབྲེལ་གཏུགས་དང་མཐུན་སྦྱོར་བྱེད་ཟབ་ཏུ་གཏོང་བ། འཛམ་གླིང་དམག་ཆེན་གཉིས་པའི་ལོ་རྒྱུས་ལྟ་བ་ཡང་དག་དར་སྤེལ་གཏོང་བ། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། གོ་ལ་ཧྲིལ་པོའི་འཐབ་ཇུས་བརྟན་ལྷིང་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱེད་པ་བཅས་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། འབོ་གསེར་མཉམ་ལས་ཀྱི་ལམ་སྲོལ་ནི་དེང་སྐབས་འཛམ་གླིང་ཐོག་གལ་འགངས་ཆེ་ཤོས་ཀྱི་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ཀྱི་སྟེགས་བུ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཨུ་རུ་སུས་ད་ཐེངས་ཀྱི་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་མཇལ་འཕྲད་གནང་བའི་ཆེད་དུ་སྤེལ་བའི་ལས་དོན་ལ་ཚད་མཐོའི་གདེང་འཇོག་བྱེད་པ་དང་། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་མཉམ་དུ་འབོ་གསེར་མཉམ་ལས་ལམ་སྲོལ་གྱི་འབྱུང་འགྱུར་འཕེལ་རྒྱས་ཐད་གྲོས་བསྡུར་གཏིང་ཟབ་གནང་སྟེ།ཕྱོགས་ཁག་གི་ཐུན་མོང་ངོས་འཛིན་གཅིག་སྡུད་ལ་སྐུལ་འདེད་གཏོང་བ་དང་། མཐུན་སྒྲིལ་མཉམ་ལས་ཀྱི་དགེ་མཚན་ལྡན་པའི་བརྡ་རྟགས་བརྒྱུད་སྤྲོད་བྱས་ནས་འབོ་གསེར་རྒྱལ་ཁབ་ཀྱི་ཁྱབ་ཁོངས་ཁག་གི་འཐབ་ཇུས་མཉམ་ལས་དང་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཆེད་དུ་གོ་སྐབས་གསར་པ་དེ་བས་མང་བ་བརྩོན་ལེན་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།
ཕུའུ་ཅིང་གིས་གསུངས་དོན། མི་རིང་བའི་གོང་ལ། ང་ཚོས་ཨུ་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་75འཁོར་བར་ཐུན་མོང་ཐོག་རྟེན་འབྲེལ་ཞུས་པ་རེད། ལོ་ངོ་75ཡི་རིང་།ཨུ་ཀྲུང་གཉིས་ནི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླར་འཕེལ་རྒྱས་ཕྱིན་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཆུ་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་འཁྱོངས་ཐུབ་ནས་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པའི་དཔེ་མཚོན་བཏོད་ཡོད། ཨུ་ཀྲུང་མཉམ་ལས་ནི་འདྲ་མཉམ་དང་། ཕན་ཚུན་བརྩི་འཇོག གཉིས་ཁེ་གཉིས་ཕན་བཅས་ལ་བརྟེན་ཡོད། ཕྱོགས་གཉིས་པོའི་ཐུན་མོང་གི་འབད་བརྩོན་འོག མིག་སྔར་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་དང་། ཨུ་ཀྲུང་རིག་གནས་ལོའི་བྱེད་སྒོ་ཁག་བདེ་བླག་ངང་སྤེལ་བཞིན་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་སྔར་བས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། སང་ལོ་ནི་འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྒྲིལ་ནས་ལོ་ངོ་80འཁོར་བའི་ལོ་ཡིན། ཨུ་ཀྲུང་གིས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཆེད་བློས་གཏོང་ཆེན་པོ་བྱས་ཡོད་པས། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཐུན་མོང་ཐོག་དུས་ཚོད་གལ་ཆེན་དེར་དྲན་གསོ་ཞུ་འདོད་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཐོ་རིམ་འགྲོ་འོང་དམ་ཟབ་དང་དེ་བཞིན་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་འཐབ་ཇུས་འབྲེལ་གཏུགས་དང་མཐུན་སྦྱོར་མུ་མཐུད་ནས་རྒྱུན་འཁྱོངས་བྱས་ཏེ་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་དང་གོ་ལ་ཧྲིལ་པོའི་འཐབ་ཇུས་བརྟན་ལྷིང་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་ཀྱིས་འབོ་གསེར་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རིང་རྒྱབ་སྐྱོར་ནུས་ལྡན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་གཞོགས་འདེགས་དམ་ཟབ་བྱས་ནས་འབོ་གསེར་རྒྱལ་ཁབ་ཀྱི་ཁོངས་མི་མང་དུ་བཏང་རྗེས། འགོ་ཁྲིད་པའི་མཇལ་འཕྲད་ཐེངས་དང་པོར་གྲུབ་འབྲས་ཐོབ་པའི་འགན་ལེན་བྱ་རྒྱུ་དང་། འབོ་གསེར་མཉམ་ལས་ཆེན་པོར་དགེ་མཚན་ལྡན་པའི་གྲུབ་འབྲས་རྒྱུན་ཆད་མེད་པར་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ད་དུང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་རེད།
ཚའེ་ཆི་དང་ཝང་དབྱི་སོགས་མཇལ་འཕྲད་ནང་ཞུགས་ཡོད།
(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社