分享按钮

ཤའོ་ཡིའུ་ཚའེ་ཡིས་ལྷ་སའི་སྐྱིད་ཆུའི་ཆུ་ལག་གི་ངོགས་གཉིས་ཀྱི་རྐང་ཐང་ལམ་གྱི་སྤུས་ཚད་མཐོར་གཏོང་གི་སྒྱུར་བཀོད་ལས་དོན་ལ་བརྟག་ཞིབ་གནང་བ།

(པར་ངོས་དང་པོར་མཐུད)གྲོང་ཁྱེར་གྱི་ནུས་པ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་བ་དང་གྲོང་ཁྱེར་གྱི་སྤུས་ཚད་མཐོ་རུ་བཏང་སྟེ།མི་རིགས་ཁག་གི་མང་ཚོགས་ཚོས་གྲོང་ཁྱེར་འཛུགས་སྐྲུན་ཁྲོད་མིག་མཐོང་ལག་ཟིན་གྱི་བདེ་སྐྱིད་ཚོར་ཐུབ་པར་བྱེད་དགོས་པའི་ནན་གསུངས་གནང་བ་རེད།

གྲོང་ཁྱེར་གྱི་འགོ་ཁྲིད་ཝང་ཆང་དང་།ལི་ཅང་ཤིན།ཀྲང་ཁྲུན་དབྱང་།ལུའུ་ཚུང་ཧྥུ།བློ་གསལ།ཀའོ་ཅུན་བཅས་ཞུགས་ཡོད།

ལྷ་ཞབས་གླིང་ཕྲན་གྱི་བྱང་ལམ་དང་།གླིང་ཕྲན་སྐོར་བའི་ཤར་ལམ།གླིང་ཕྲན་སྐོར་བའི་བྱང་ལམ་བཅས་བརྒྱུད་ཤའོ་ཡིའུ་ཚའེ་ཕེབས་ཞོར་དུ་གཟིགས་ཞིབ་གནང་ནས་ལམ་རྒྱུད་ཀྱི་རྐང་ཐང་ལམ་དང་།མཛེས་ལྗོངས་སྔོ་འགྱུར།སྒྲིག་བཀོད་ལེ་ལག་ཚང་སྒྲིག་སོགས་ཐད་ལྷག་པའི་གནད་དོན་བསྟན་པ་དང་།ཡུལ་དངོས་སུ་དཀའ་གནད་དང་འགག་གནད་ཐག་གཅོད་གནང་བ་རེད། ཁོང་གིས་འབྲེལ་ཡོད་སྡེ་ཚན་ཁག་གིས་ཁྱོན་ཡོངས་ཀྱི་འདུ་ཤེས་དང་བརྒྱུད་རིམ་ལྡན་པའི་བསམ་བློ་མཐའ་འཁྱོངས་བྱས་ཏེ་རང་འགུལ་རང་བཞིན་དང་།ཧུར་བརྩོན་རང་བཞིན།གསར་གཏོད་རང་བཞིན་བཅས་སྔར་བས་ཆེ་རུ་བཏང་སྟེ་གོམ་པ་སྤོས་ནས་གྲོང་ཁྱེར་ལ་ཚད་འཇལ་རྒྱུ་མཐའ་འཁྱོངས་དང་ནུས་ཤུགས་ཡོད་རྒུས་འཐབ་ཕྱོགས་དང་པོར་བསྐྱོད་དེ་འགག་སྒྲོལ་དཀའ་སེལ་དང་ཡག་ཐོག་ཡག་བརྩེགས་ངང་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།

ཇུས་འགོད་ཞིབ་ཚགས་བྱེད་དགོས། དེ་ཡང་སྤུས་དག་གི་འདུ་ཤེས་བརྟན་པོར་བཙུགས་ནས་བརྒྱུད་རིམ་རང་བཞིན་དང་གཞི་གཅིག་ཅན་གྱི་འདུ་ཤེས་གཞིར་བཟུང་སྔོན་ཐོན་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་རིགས་པས་ཁུངས་སྐྱེལ་དང་དབྱེ་ཞིབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མཐའ་འཁོར་གྱི་ཁོར་ཡུག་དང་ཕན་ཚུན་མཐུན་སྦྱོར་ཐུབ་པ་དང་། གྲོང་ཁྱེར་གྱི་ནང་དོན་དང་ཕན་ཚུན་གཅིག་གྱུར་ཐུབ་པར་བྱས་ནས་ཡན་ལག་ཆུ་བོའི་ངོགས་གཉིས་ཀྱི་རྐང་ཐང་ལམ་དེ་གྲོང་མི་དང་ཡུལ་སྐོར་བའི་སྤྲོ་གསེང་རོལ་རྩེད་དང་ལུས་སེམས་གཉིས་ཀ་ལྷོད་ལྷོད་བྱེད་སའི་གནས་ཡག་པོ་ཞིག་ཏུ་འགྱུར་བར་བྱེད་དགོས།

གནད་སྨིན་ཤུགས་འདོན་བྱེད་དགོས། དེ་ཡང་ཞིབ་ཕྲ་ནས་འགོ་བཙུགས་ཏེ་ལྷུ་ཚིཊ་ཁག་ལ་དམ་འཛིན་གྱིས་སྐྲུན་དངོས་བཅོས་སྒྲིག་དང་། མཛེས་ལྗོངས་སྔོ་འགྱུར་མཐོར་འདེགས།འགྲོ་ལམ་སྒྲིག་བཀོད་སྒྱུར་བཀོད།སྤྱི་པའི་སྒྲིག་བཀོད་ལེ་ལག་ཚང་སྒྲིག་སོགས་ཀྱི་ལས་དོན་ལ་སྤྱི་འདོམས་ཡག་པོ་བྱས་ནས་གྲོང་ཁྱེར་འཛུཊ་སྐྲུན་དེ་འབྱུང་ཁམས་སྲུང་སྐྱོང་དང་དམངས་འཚོ་ལེཊ་གཏོང་དང་མཉམ་འདྲེས་ནུས་ལྡན་བྱ་རྒྱུར་སྐུལ་འདེད་བཏང་སྟེ་གྲོང་ཁྱེར་གྱི་གྲོང་མི་དང་ཡུལ་སྐོར་བར་ལྷ་སའི་སྐྱིད་སྣང་དང་འཚོ་སྡོད་ལ་འཚམ་པའི་སྤུས་ཚད་ཚོར་ཐུབ་པར་བྱེད་དགོས།

ལས་དོན་ཁག་ཞིབ་ཚགས་ངང་སྤེལ་དགོས། དེ་ཡང་རང་བྱུང་ཁམས་དང་ཉེ་བཅར་དང་།བདེ་འཇགས་སྟབས་བདེ་ཡི་གཙང་འགྲམ་ཆུ་བོའི་འཚོ་བའི་ཁོར་ཡུག་ཡག་པོ་གཏོད་རྒྱུར་དམིགས་ཏེ་ལག་རྩལ་གྱི་འགག་སྒོ་དང་།སྤུས་ཚད་ཀྱི་འགག་སྒོ། ལྟ་སྐུལ་དོ་དམ་གྱི་འགག་སྒོ་བཅས་ཡག་པོ་སྲུང་བ་དང་།“ཕར་ཆིན་རྒྱག་པའི”རྩལ་ནུས་ལ་བརྟེན་ནས་རྣམ་གྲངས་འཛུགས་སྐྲུན་གྱི་ལས་དོན་ཁག་ཞིབ་ཚགས་ངང་ཡག་པོ་སྒྲུབ་པ།རྒྱུན་རྣམ་དང་ཕུགས་ཕན་གྱི་དོ་དམ་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ།མཛེས་སྡུག་ལྡན་ལ་སྡོད་རྒྱུར་འཚམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ཡག་པོ་དང་།དོ་དམ་ཡག་པོ།སྲུང་སྐྱོང་ཡག་པོ་བཅས་བྱེད་དགོས་པའི་མཛུབ་སྟོན་གནང་ཡོད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-10-24 6 6 拉萨日报藏文 c189829.html 1 ཤའོ་ཡིའུ་ཚའེ་ཡིས་ལྷ་སའི་སྐྱིད་ཆུའི་ཆུ་ལག་གི་ངོགས་གཉིས་ཀྱི་རྐང་ཐང་ལམ་གྱི་སྤུས་ཚད་མཐོར་གཏོང་གི་སྒྱུར་བཀོད་ལས་དོན་ལ་བརྟག་ཞིབ་གནང་བ། /enpproperty-->