分享按钮

བོད་ལུགས་སྨན་ལུམས་དེ་ཡུལ་སྐོར་བའི་ཉམས་ལེན་བྱེད་ས་གལ་ཆེན་ཞིག་ཏུ་གྱུར་པ།

དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་སྲིད་ཇུས་ལག་བསྟར་བྱས་པ་དེས་མངོན་མིན་རིག་གནས་ཐོན་ལས་ལ་སྐུལ་འདེད་བཏང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་སྲིད་ཇུས་རྒྱུན་མཐུད་ངང་དོན་འཁྱོལ་བྱས་པ་དང་བསྟུན་ནས་ཡུལ་སྐོར་བ་དེ་བས་མང་བ་དགུན་དུས་བོད་དུ་ཕེབས་ཏེ། ངོ་མཚར་ཆེ་བའི་ས་མཐོ་འདིའི་དམིགས་བསལ་གྱི་རིག་གནས་དང་རང་བྱུང་གི་མཛེས་ལྗོངས་ལ་ཉམས་ལེན་གཏིང་ཟབ་བྱེད་ཀྱི་ཡོད། མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་བོད་ལུགས་སྨན་ལུམས་དེ་ཡུལ་སྐོར་བའི་དགུན་དུས་ཀྱི་ཉམས་ལེན་རྣམ་གྲངས་གཙོ་བོ་ཞིག་ཏུ་གྱུར་ནས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཟབ་མོ་མངོན་བཞིན་ཡོད།

བོད་ལྗོངས་བོད་ལུགས་སྨན་ལུམས་ཞབས་ཞུ་ཚད་ཡོད་འགན་འཁྲི་ཀུང་སིའི་གཉེར་སྐྱོང་དོ་དམ་པ་བཀྲ་ཤིས་རྣམ་རྒྱལ་གྱིས་ང་ཚོའི་སྐར་ཚོགས་བོད་ལུམས་ཀྱིས་དགུན་དུས་བོད་དུ་ཡུལ་སྐོར་བྱེད་རིང་། ཡུལ་སྐོར་ཁྲོམ་རར་དམིགས་ནས་ཆེད་མངགས་བྲིན་ཚོང་ལེགས་སྒྲིག་དང་དྲིལ་བསྒྲགས་ཁྱབ་གདལ་དུ་བཏང་བ་ཡིན། དེའི་དམིགས་ཡུལ་ནི་ཡུལ་སྐོར་བ་དེ་བས་མང་བས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ལོ་རྒྱུས་རྒྱུན་འཛིན་ཐད་ཤེས་རྟོགས་ཐུབ་པར་བྱ་རྒྱུ་དང་། བོད་ལུགས་གསོ་རིག་དང་བོད་སྨན་རིག་གནས་ཉམས་ལེན་གཏིང་ཟབ་བྱེད་འདོད་ཡོད་པའི་ཡུལ་སྐོར་བར་ལས་སྟེགས་ཤིག་མཁོ་འདོན་བྱ་རྒྱུ་དེ་ཡིན་ཞེས་བཤད། དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་སྲིད་ཇུས་ལ་སྐུལ་འདེད་བཏང་བ་བརྒྱུད། གནའ་བོའི་བོད་ལུགས་གསོ་རིག་དང་བོད་ལུགས་སྨན་ལུམས་ལ་དོ་ཁུར་དེ་བས་ཆེ་བ་ཐོབ་ནས་ཡུལ་སྐོར་བས་ངེས་པར་དུ་ཉམས་ལེན་བྱེད་པའི་རྣམ་གྲངས་ཤིག་ཏུ་འགྱུར་བར་བྱས་ཡོད།

ཁྲུང་ཆིང་ནས་ཡིན་པའི་མཁྱེན་ལྡན་མ་ཏེང་ལགས་ནི་ཡུལ་སྐོར་ལ་དགའ་པོ་ཡོད་མཁན་ཞིག་ཡིན་པ་དང་། ཁོང་བོད་དུ་ཐེངས་མང་ཡོང་མྱོང་ཡོད་ཅིང་། ས་གནས་འདི་གའི་དམངས་སྲོལ་རིག་གནས་ལ་ཤེས་རྟོགས་གཏིང་ཟབ་བྱེད་ཀྱི་ཡོད། ད་ཐེངས་ཁོང་གིས་དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་གོ་སྐབས་དང་བསྟུན་ནས་ལྷ་སར་བོད་ལུམས་ལ་ཉམས་ལེན་བྱེད་པར་ཡོང་བ་དང་། ཁོང་གིས་དེ་སྔོན་ངས་བོད་ལུགས་སྨན་ལུམས་ཀྱི་ལོ་རྒྱུས་ཐོས་མྱོང་ཡོད་ལ། དེའི་ཕན་ནུས་ཀྱང་ཤེས་ཀྱི་ཡོད། ད་ཐེངས་སླར་ཡང་ལྷ་སར་ཡོང་ནས་བོད་ལུགས་སྨན་ལུམས་ཉམས་ལེན་བྱ་རྒྱུ་དེ་རང་ཉིད་ཀྱི་འགྲོ་སྐྱོད་ཁྲོད་ཀྱི་ལྷུ་ཚིགས་གལ་ཆེན་ཞིག་ཏུ་གྱུར་ཡོད། བོད་ལུགས་སྨན་ལུམས་ཀྱིས་ངལ་དུབ་སེལ་ཐུབ་པར་མ་ཟད། ད་དུང་མི་རྣམས་ལ་བོད་ལུགས་གསོ་རིག་དང་བོད་སྨན་རིག་གནས་ཀྱི་ཡིད་དབང་འགུག་ཤུགས་ཀྱང་དེ་བས་ལེགས་པའི་སྒོ་ནས་ཚོར་ཐུབ་ཀྱི་ཡོད་ཅེས་བཤད།

དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་སྲིད་ཇུས་ལག་བསྟར་བྱས་པ་དེས་ཡུལ་སྐོར་བའི་གྲངས་འབོར་མང་དུ་ཕྱིན་པར་མ་ཟད། བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ལས་རིགས་ལ་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐོན་ཡོད། དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་སྲིད་ཇུས་མུ་མཐུད་ནས་གཏིང་ཟབ་ཏུ་ཕྱིན་པ་དང་བསྟུན་ནས། བོད་ལུགས་སྨན་ལུམས་ལྟ་བུའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་དེ་རིགས་རྒྱལ་ཡོངས་སུ་སྔར་བས་ཁྱབ་སྟེ། མི་དེ་བས་མང་བས་མངོན་མིན་རིག་གནས་ཤུལ་བཞག་གི་ཕུན་སུམ་ཚོགས་པའི་ནང་དོན་ལ་ཤེས་རྟོགས་ཐུབ་རེ་ཡོད།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-10-24 དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་སྲིད་ཇུས་ལག་བསྟར་བྱས་པ་དེས་མངོན་མིན་རིག་གནས་ཐོན་ལས་ལ་སྐུལ་འདེད་བཏང་བ། 6 6 拉萨日报藏文 c189826.html 1 བོད་ལུགས་སྨན་ལུམས་དེ་ཡུལ་སྐོར་བའི་ཉམས་ལེན་བྱེད་ས་གལ་ཆེན་ཞིག་ཏུ་གྱུར་པ། /enpproperty-->