分享按钮

ཞི་ཅིན་ཕིང་པེ་ཅིང་ནས་ཞལ་གྱེས་ཏེ་ཁ་ཧྲན་དུ་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་བཅུ་དྲུག་པར་ཞུགས་པ།

ཁ་ཧྲན་དུ་ཕེབས་འབྱོར་ཟིན་པ།

པར་འདི་ནི་ཞི་ཅིན་ཕིང་གིས་གནམ་ཐང་དུ་ཕེབས་བསུར་བཅར་བའི་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཐ་ཐར་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དཔོན་མིང་ཉི་ཧ་ནོ་ཧྥུ་དང་བྱམས་བརྩེའི་ངང་ཕྱག་གཏོང་བཞིན་པའི་རྣམ་པ་ཡིན།

ཤིན་ཧྭ་གསར་འགྱུར་ཁང་ཨུ་རུ་སུའི་ཁ་ཧྲན་ནས་ཟླ་10ཚེས་22ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་22ཉིན་གྱི་ཉིན་གུང་ཆེད་གཏོང་གནམ་གྲུར་བཞུགས་ནས་ཁ་ཧྲན་དུ་ཕེབས་འབྱོར་ཟིན་ཞིང་། ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྱི་སྲིད་འཛིན་ཕུའུ་ཅིང་གི་གདན་ཞུས་ལྟར་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་བཅུ་དྲུག་པར་ཞུགས་པ་རེད།

ཆེད་གཏོང་གནམ་གྲུ་ཁ་ཧྲན་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་སྐབས། ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་ཐ་ཐར་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དཔོན་མིང་ཉི་ཧ་ནོ་ཧྥུ་དང་། སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློནཕེ་སོ་ཧྲེན། ཁ་ཧྲན་གྲོང་ཁྱེར་གྱི་གྲོང་སྤྱི་མེ་ཐེ་ཧྲེན། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡི་མཐོ་རིམ་དཔོན་རིགས་བཅས་ཀྱིས་གནམ་ཐང་དུ་སྤྲོ་སེམས་འཁོལ་བའི་ངང་ཕེབས་བསུ་ཞུས་ཡོད། (པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-10-24 ཞི་ཅིན་ཕིང་པེ་ཅིང་ནས་ཞལ་གྱེས་ཏེ་ཁ་ཧྲན་དུ་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་བཅུ་དྲུག་པར་ཞུགས་པ། 6 6 拉萨日报藏文 c189822.html 1 ཁ་ཧྲན་དུ་ཕེབས་འབྱོར་ཟིན་པ། /enpproperty-->