ཞི་ཅིན་ཕིང་གིས་ལོ་སི་མི་དམངས་གསར་བརྗེའི་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་དང་མཇལ་འཛོམས་གནང་བ།
ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་22ཉིན་གྱི་དགོང་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་སི་མི་དམངས་གསར་བརྗེའི་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་དང་མཇལ་འཛོམས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་ཨུ་རུ་སུའི་ཁ་ཧྲན་ནས་ཟླ་10ཚེས་22ཉིན་གློག་འཕྲིན་འབྱོར་གསལ།ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་22ཉིན་གྱི་དགོང་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་སི་མི་དམངས་གསར་བརྗེའི་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་དང་མཇལ་འཛོམས་གནང་བ་རེད། ཞི་ཅིན་ཕིང་གིས་ན་ནིང་ཟླ་བཅུ་པར་ང་ཚོས་ཀྲུང་གོ་དང་ལོ་སི་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། ལོ་གཅིག་རིང་ཏང་གཉིས་དང་།རྒྱལ་ཁབ་གཉིས་པོ།སྡེ་ཚན་ཁག ས་གནས་ཁག་བཅས་ཀྱིས་དོན་འཁྱོལ་ཧུར་ཐག་བྱས་ནས་ཕན་ཚུན་སྦྲེལ་མཐུད་དང་། (པར་ངོས་བཞི་པར་གཟིགས)