分享按钮

རང་གྲོང་གིས་མཉམ་འབྲེལ་ཐོག་རིག་གནས་ཁྲོམ་རར་ཞིབ་བཤེར་བྱས་པ།

(པར་ངོས་གཉིས་པར་མཐུད)

ལྷ་སའི་ལྟེ་བའི་དཔེ་གྲོང་གི་འགན་འཁུར་བ་ཁྲེན་ཧྥང་གིས་ལྟེ་བའི་དཔེ་གྲོང་དེ་ནི་རང་ལྗོངས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་དཔེ་གྲོང་ཆེ་ཤོས་དེ་ཡིན་པ་དང་དཔེ་དེབ་ཕྱིར་ཚོང་བྱེད་པའི་སྣ་ཁ་23000ཟིན་ནས་གྲོང་ཁྱེར་ཡོངས་ཀྱི་ཀློག་པ་པོའི་ལྟ་ཀློག་དང་དཔེ་དེབ་ཉོ་བའི་དགོས་མཁོ་སྤྱིར་ན་སྐོང་ཐུབ་ཀྱི་ཡོད། དཔེ་གྲོང་དང་རྒྱལ་ཡོངས་ཀྱི་དཔེ་སྐྲུན་ཁང་100ལྷག་ཙམ་དབར་མཉམ་ལས་ཀྱི་འབྲེལ་བ་བཙུགས་ཏེ་ཚད་ལྡན་གྱི་ཐབས་ལམ་བརྒྱུད་ནས་དཔེ་དེབ་ཉོ་བར་པར་གཞི་དངོས་འགན་ལེན་བྱེད་པ་དང་།པར་གཞི་རྐུ་སྤྱོད་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་གི་ཡོད་ཅེས་བཤད།

དེ་དང་དུས་མཚུངས་སུ། རྒྱལ་སྟོན་གྱི་རྫོགས་ལྡན་གཟའ་འཁོར་རིང་། ལྷ་ས་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱིས་སྣེ་ཁྲིད་ཅིང་། གྲོང་ཁྱེར་སྤྱི་བདེ་ཅུས་དང་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་ཚན་པ་མང་པོ་དང་མཉམ་འབྲེལ་བྱས་ཏེ་གྲོང་ཁུལ་གྱི་དྲ་བ་དང་ཀོག་ཧྥེ་དྲ་ཁང་དང་KTVསོགས་རོལ་རྩེད་བྱ་ཡུལ་དང་ཚོང་གཉེར་རང་བཞིན་གྱི་འཁྲབ་སྟོན་མང་པོ་ཞིག་ལ་ཁྲིམས་ལྟར་ཞིབ་བཤེར་བྱས་པ་རེད།

མཉམ་འབྲེལ་ཞིབ་བཤེར་ཚོགས་ཆུང་གིས་རོལ་རྩེད་ཁང་གི་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར་དང་། ལེ་ཚན་གྱི་ནང་དོན། འཕྲལ་སྡོམ་སྔོན་ཇུས་ཁག བདེ་འཇགས་ལས་དོན་གྱི་རྩིས་ཁྲ། ཐོན་སྐྱེད་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་སོགས་ཀྱི་གནས་ཚུལ་གཙོ་བོར་བཟུང་ནས་ཞིབ་བཤེར་བྱས་ཏེ་གྲལ་བཤེར་ཐུབ་པའི་མངོན་མེད་རྐྱེན་ངན་གྱི་གནད་དོན་འཕྲལ་དུ་དུས་བཀག་ལྟར་བཅོས་སྒྲིག་བྱས་པ་དང་། དེ་དང་ཆབས་ཅིག་རོལ་རྩེད་ཁང་གཉེར་སྐྱོང་ཚན་པ་ཁག་གིས་བདེ་འཇགས་ཀྱི་འགན་འཁྲིའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། དུས་ཆེན་རིང་གི་བདེ་འཇགས་དོགས་ཟོན་ལ་ཤུགས་སྣོན་རྒྱག་པ། འགན་འཁྲི་མི་ཐོག་ཏུ་འཁྱོལ་བ་དང་འགན་འཁྲི་ལས་གནས་སུ་འཁྱོལ་བ་བཅས་བྱས་ནས་མི་དམངས་མང་ཚོགས་ལ་དགའ་དགའ་སྤྲོ་སྤྲོ་དང་འཆམ་མཐུན་གྱི་རྒྱལ་སྟོན་དུས་ཆེན་ཞིག་གཏོང་ཐུབ་པའི་འགན་ལེན་བྱས་པ་རེད།

ད་ཐེངས་ཚན་པ་མང་པོའི་མཉམ་འབྲེལ་ཞིབ་བཤེར་བྱ་སྤྱོད་ལ་བརྟེན་ནས་རང་གྲོང་གི་རོལ་རྩེད་དོ་ར་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་གཉེར་སྐྱོང་ཐུབ་རྒྱུར་འགན་ལེན་ནུས་ལྡན་བྱས་ཡོད་པ་རེད། སླད་ཕྱིན་རང་གྲོང་གིས་ཚོང་གཉེར་རང་བཞིན་གྱི་རོལ་རྩེད་ཁང་གཉེར་སྐྱོང་བྱེད་མཁན་ལ་ལྟ་སྐུལ་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ན་སོ་དར་ལ་མ་བབས་པའི་མིའི་འཚར་ལོངས་ཁོར་ཡུག་ལེགས་སུ་གཏོང་རྒྱུ་ཡིན་པ་རེད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-10-09 6 6 拉萨日报藏文 c189212.html 1 རང་གྲོང་གིས་མཉམ་འབྲེལ་ཐོག་རིག་གནས་ཁྲོམ་རར་ཞིབ་བཤེར་བྱས་པ། /enpproperty-->