(པར་ངོས་གཉིས་པར་མཐུད)འདི་ནི་བསྟན་འཛིན་གྱི་ཁྱིམ་ཚང་གི་ངོས་ནས་བརྗོད་ན་གནམ་ལྕགས་ཐོག་བབ་དང་འདྲ་བར་ལོ་ཕྱེད་ལྷག་ཙམ་གྱི་སྨན་བཅོས་བྱེད་རིང་སྨན་བཅོས་ཀྱི་འགྲོ་གྲོན་སྒོར་ཁྲི་26.95ཟིན་པ་དང་།གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་གཞི་ཚབས་ཆེན་གྱི་འགྲོ་སོང་རྩིས་ཞུ་བྱས་རྗེས་མི་སྒེར་གྱིས་སྒོར་ཁྲི་6.68བཏང་བས་མ་གཞི་ནས་ཆ་རྐྱེན་སྐྱོ་ཙམ་ཡོད་པའི་ཁྱིམ་ཚང་ལ་མུ་གེའི་སྟེང་ལ་ཟླ་ལྷག་ཅེས་པ་ལྟར་བྱུང་ཡོད། ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་ལེན་ཅུས་ཀྱིས་ནད་གཞིའི་རྐྱེན་པས་བསྐྱར་དུ་དབུལ་པོར་འགྱུར་རྒྱུ་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་མ་ལག་བརྒྱུད་བསྟན་འཛིན་གྱི་གྲངས་འབོར་ཆེ་བའི་རང་སྤྲོད་འགྲོ་གྲོན་གྱི་ཆ་འཕྲིན་ལྟ་ཞིབ་ཚད་ལེན་ཐུབ་ནས་གྲོང་མིའི་དམངས་སྲིད་དང་། ཞིང་ལས་དང་གྲོང་གསེབ། རྫོང་སྨན་བཅོས་འགན་བཅོལ་སྡེ་ཚན་བཅས་ལ་དུས་ཐོག་ཏུ་སྤྲད་ཡོད་པ་རེད། ཞིབ་བསྡུར་བྱས་པ་བརྒྱུད་བསྟན་འཛིན་གྱི་རེ་ཞུ་ལྟར་རོགས་སྐྱོབ་ཀྱི་ཆ་རྐྱེན་དང་འཚམ་ཞིང་། གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་གཞི་ཚབས་ཆེན་འགན་བཅོལ་ནས་འགྲོ་སོང་སྒོར་ཁྲི་20རྩིས་ཞུ་བྱས་རྗེས། གཏན་འབེབས་ལྟར་རང་གིས་སྤྲད་པའི་ཚད་གཞི་དང་མཐུན་པའི་གྲོན་དངུལ་སྒོར་ཁྲི་4.07དང་རྫོང་ཁོངས་ཀྱི་རོགས་རེས་འགན་བཅོལ་ནས་འགྲོ་སོང་སྒོར་ཁྲི་1.73རྩིས་ཞུ་བྱས་ནས་མཐར་མི་སྒེར་གྱིས་སྒོར་ཁྲི་1.15ལས་སྤྲོད་དགོས་བྱུང་མེད། 2024ལོའི་ཟླ་8པར་བསྟན་འཛིན་མ་མཐའི་འཚོ་བའི་འགན་ལེན་གྱི་དུད་ཚང་ལ་གཏན་འཁེལ་བྱས་པ་དང་རྗེས་མཐུད་ཀྱི་སྨན་བཅོས་ཐད་མ་མཐའི་འཚོ་བའི་འགན་ལེན་གྱི་རོགས་སྐྱོབ་བྱ་ཡུལ་ལ་གཞིགས་ནས་གཅིག་འཐུས་རྣམ་པའི་རྩིས་རྒྱག་ཞབས་ཞུ་ལོངས་སྤྱོད་བྱེད་ཆོག་གི་ཡོད་པ་རེད། བསྟན་འཛིན་གྱིས་སྐབས་དེ་དུས་མཆིན་པའི་འབྲས་སྐྲན་ཕོག་པ་ཤེས་སྐབས་ང་ནི་ཁྱིམ་གྱི་ཀ་བ་ལྟ་བུ་ཡིན་པས་ཁྱིམ་མི་ཡོངས་ཀྱི་བརྟེན་ས་རང་ཉིད་ཡིན་ཞིང་། རྗེས་མཐུད་ཀྱི་སྨན་བཅོས་འགྲོ་གྲོན་མཐོ་བ་སོགས་ཀྱི་དཀའ་གནད་ཤེས་རྗེས་སེམས་ནང་སྡུག་བསྔལ་ཚད་མེད་བྱུང་ཡོད། ང་ནི་ཞིང་འབྲོག་པ་ཞིག་ཡིན་པས་རིག་གནས་ཀྱི་ཆུ་ཚད་དམའ་བ་མ་ཟད། སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་ལ་རྒྱུས་མངའ་དེ་ཙམ་མེད། སྨན་བཅོས་འགན་བཅོལ་ཅུས་ཀྱིས་ངའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་ཐུབ་ནས་ང་ལ་ཕྱོགས་ཡོངས་ནས་རོགས་སྐྱོབ་བྱ་རྒྱུའི་རེ་ཞུ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།
སྨན་རིན་མཐོ་པོ་རང་སྤྲོད་བྱས་པའི་ནད་པར་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ནས་ཉེན་བརྡ་གཏོང་བའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ནི་དབུལ་པོ་བསྐྱར་ལོག་དང་དབུལ་པོར་འགྱུར་བའི་ཉེན་ཁ་གྲལ་བཤེར་བྱེད་པའི་འདེགས་སྐྱོར་གལ་ཆེན་ཞིག་ཡིན། ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་ལེན་ཅུས་ཀྱིས་རྒྱལ་ཡོངས་ཀྱི་སྨན་བཅོས་འགན་བཅོལ་གྱི་ཆ་འཕྲིན་ལས་སྟེགས་ལ་བརྟེན་ནས་ནད་གཞི༙འི་རྐྱེན་པས་དབུལ་པོ་བསྐྱར་ལོག་དང་དབུལ་པོར་འགྱུར་རྒྱུ་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་མ་ལག་བཙུགས་ཏེ་རང་སྤྲོད་གྲོན་དངུལ་ལོ་འཁོར་གོང་མའི་ལྗོངས་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལས་བརྒལ་བའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་དང་ལོ་འཁོར་གོང་མའི་ལྷ་ས་གྲོང་ཁྱེར་གྱི་གྲོང་གསེབ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་བརྒྱ་ཆ་50ལས་བརྒལ་བའི་དབུལ་སྒྲོལ་མི་འབོར་ལ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱེད་པ་དང་། ནད་པས་སྨན་བཅོས་འགན་ལེན་གྱི་ཐོབ་ཐང་ལོངས་སྤྱོད་དང་མི་སྒེར་གྱི་འགྲོ་གྲོན་གཏོང་འགན་འཁུར་བ་སོགས་ཀྱི་གནས་ཚུལ་ལ་རྗེས་སྙེགས་བྱས་ཏེ་དམངས་སྲིད་དང་། ཞིང་ལས། གྲོང་གསེབ་སོགས་འབྲེལ་ཡོད་སྡེ་ཚན་ལ་ཆ་འཕྲིན་མཉམ་སྤྱོད་དང་ཞིབ་དཔྱད་གཏན་འཁེལ་དུས་ཐོག་ཏུ་བྱས་ཡོད། མིས་སྲིད་ཇུས་བཙལ་འཚོལ་བྱེད་པ་དེ་གྲངས་གཞིའི་ཐོག་ནས་མི་འཚོལ་བ་དང་སྲིད་ཇུས་ཀྱིས་མི་འཚོལ་བར་འགྱུར་ནས་མཉམ་དུ་རོགས་སྐྱོར་བྱས་ཏེ་ནད་གཞིའི་རྐྱེན་པས་སླར་ཡང་དབུལ་པོར་འགྱུར་རྒྱུ་སྔོན་འགོག་བྱེད་པའི་མ་མཐའི་མཚམས་ཐིག་བརྟན་པོར་བསྲུངས་ཡོད།
མིག་སྔའི་བར་རིམ་རྩིས་བྱས་པར་གཞིགས་ན་མི་ཐེངས་269ལ་ལྟ་ཞིབ་ཚད་ལེན་བྱས་པའི་ནང་སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་མི་ཐེངས་62ལ་རེ་ཞུ་བྱས་པ་དང་། རོགས་སྐྱོབ་མ་དངུལ་སྒོར་ཁྲི་81.6ཟིན་པ། དམངས་སྲིད་སྡེ་ཚན་གྱིས་མི་13ལ་གནས་སྐབས་ཀྱི་རོགས་སྐྱོབ་བྱས་པ། རོགས་སྐྱོབ་གྱི་མ་དངུལ་སྒོར་ཁྲི་11ཟིན་པ། དམིགས་བསལ་དཀའ་ངལ་ཡོད་པའི་མི་1དང་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་གྱི་མི་4ཚུད་པ། གྲོང་གསེབ་དར་རྒྱས་སྡེ་ཚན་གྱིས་ནད་གཞིའི་རྐྱེན་པས་ཐོལ་བྱུང་ཚབས་ཆེའི་དཀའ་ངལ་ཡོད་པའི་དུད་ཚང་1ངོས་འཛིན་བྱས་པ་རེད།
སྒྲུབ་གཉེར་གྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཞབས་ཞུ་བསྒྲུབས་པ།
སྨན་བཅོས་འགན་བཅོལ་སྒྲུབ་གཉེར་ནི་འགན་བཅོལ་ནང་ཞུགས་མཁན་མང་ཚོགས་ལ་ཁ་ཕྱོགས་པའི་འཐབ་ས་མདུན་མའི་ཞབས་ཞུའི་སྐར་ཁུང་ཞིག་དང་། དམངས་འཚོ་ལེགས་གཏོང་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་མཐའ་མའི་འགག་གནད་ཅིག་རེད། ཉེ་ཆར།ཁྲེང་ཀོན་ཆུས་ཐལ་སྤུངས་སྒང་སྡེ་ཁུལ་གྱི་མང་ཚོགས་མིག་དམར་བརྟག་དཔྱད་བྱས་པ་བརྒྱུད་མཆིན་པ་སྲ་འགྱུར་གྱི་ནད་ཕོག་པ་ཤེས་རྟོགས་བྱུང་ནས་སྨན་ཁང་དུ་སྨན་བཅོས་ཐེངས་མང་བྱས་པ་དང་སྔ་རྗེས་སུ་སྨན་བཅོས་ཀྱི་འགྲོ་གྲོན་ཁྱོན་སྒོར་ཁྲི་21.29བཏང་ཡོད་པ་རེད། གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་གཞི་ཚབས་ཆེན་འགན་བཅོལ་རྩིས་ཞུ་བྱས་རྗེས་མི་སྒེར་གྱི་ཁུར་པོ་སྔར་བཞིན་ལྕི་ཙམ་ཡོད་ཅིང་། སྡེ་ཁུལ་གྱི་སྨན་བཅོས་འགན་བཅོལ་ལས་དོན་པས་རང་འགུལ་ངང་གནས་ཚུལ་ཤེས་རྟོགས་བྱས་རྗེས་མིག་དམར་ལ་སྨན་རིན་གྱི་འཛིན་ཤོག་དང་མི་སྒེར་གྱི་དངུལ་ཁང་གི་རྩིས་ཐོ་སོགས་ཀྱི་དཔྱད་གཞི་བསྡུ་རུབ་བྱ་རྒྱུར་རོགས་རམ་ཧུར་ཐག་བྱས་པ་དང་རེ་ཞུའི་རོགས་སྐྱོབ་རེའུ་མིག་བསྐངས་ཏེ་འབྲེལ་ཡོད་སྡེ་ཚན་ལ་ཞིབ་བཤེར་གཏན་འབེབས་བྱ་རྒྱུར་བསྐྱལ་རྗེས་རེ་ཞུའི་རོགས་སྐྱོབ་མ་དངུལ་སྒོར་ཁྲི་1.58དུས་ཐོག་ཏུ་སྤྲད་ཡོད་པ་རེད། སྨན་བཅོས་འགན་བཅོལ་གྱི་ལས་དོན་པས་སྨན་བཅོས་རོགས་སྐྱོབ་ཀྱི་མ་དངུལ་རྩིས་ཁྲར་འབྱོར་ཟིན་ལུགས་བརྗོད་སྐབས་བགྲེས་སོང་མིག་དམར་གྱིས་སེམས་འགུལ་ཚད་མེད་ཐེབས་བཞིན་དུ་སྨན་བཅོས་འགན་བཅོལ་སྡེ་ཚན་གྱི་ལས་དོན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཚོས་ང་ལ་རོགས་རམ་ཆེན་པོ་གནང་བྱུང་ཞེས་བཤད།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་ལེན་ཅུས་ཀྱིས་མང་ཚོགས་ཀྱི་སྨན་བཅོས་འགན་བཅོལ་ཞབས་ཞུའི་དགོས་མཁོ་དང་འཚམ་པར་བྱས་ནས་སྒྱུར་བཅོས་ལ་ཕན་པ་དང་ཞབས་ཞུར་ཕན་འབྲས་ཐོབ་པར་བྱས་ཏེ་སྨན་བཅོས་འགན་ལེན་གྱི་སྒྲུབ་གཉེར་ཞབས་ཞུ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། ཆ་འཕྲིན་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རིམ་ལྔའི་སྒྲུབ་གཉེར་མ་ལག་འཛུགས་པ། ཞབས་ཞུའི་དྲ་རྒྱ་རྒྱ་ཆེར་གཏོང་བ། ཞབས་ཞུ་གཞི་རིམ་དུ་སྤེལ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྨན་བཅོས་འགན་བཅོལ་ཞབས་ཞུའི་སྒྱུར་བཅོས་སྲིད་ཇུས་ཀྱི་ཕན་པ་བཟང་པོ་རྒྱུན་ཆད་མེད་པར་མངོན་པར་བྱས་ཡོད། གཅིག་འཐུས་རྣམ་པའི་ཞབས་ཞུ་དང་སྐར་ཁུང་གཅིག་ནས་སྒྲུབ་གཉེར་བྱེད་པ་སོགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྨན་བཅོས་རྩིས་ཞུའི་ཐད་ཆ་འཕྲིན་གང་སར་ཁྱབ་པ་དང་མང་ཚོགས་གང་སར་རྒྱུག་མི་དགོས་པ་སོགས་མངོན་འགྱུར་བྱུང་ཡོད། གྲོང་གསེབ་དར་རྒྱས་ཀྱི་རྒྱང་ལམ་གསར་པའི་ཐོག་རང་གྲོང་གི་རིམ་ཁག་སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྦྲེལ་བཅས་བྱས་ཏེ་དམངས་འཚོར་ཕན་པ་འདོགས་པ་དང་དམངས་སེམས་ལ་དྲོ་སྐྱིད་སྦྱིན་པའི་སྨན་བཅོས་འགན་ལེན་ལས་དོན་དེ་མང་ཚོགས་ཀྱི་སེམས་སུ་འཇགས་པར་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ཡོད།(ཕུར་སྒྲོན་དང་ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社